བོད་ཀྱི་བརྡ་སྤྲོད་ངག་སྒྲོན་གྱི་རྩ་བ་བཞུགས་སོ།།

བོད་ཀྱི་བརྡ་སྤྲོད་ངག་སྒྲོན་གྱི་རྩ་བ་བཞུགས་སོ།།

༄༅། །བོད་ཀྱི་བརྡ་སྤྲོད་ངག་སྒྲོན་གྱི་རྩ་བ་བཞུགས་སོ།།
དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ།(༡༤༥༦-?)

༄༅། །ཀུན་མཁྱེན་ཤཱཀྱ་ཀརྨ་པ། །ཀ་ར་ཀ་ཏན་ཀ་ཤི་ཀ །ནགས་ཀླུང་ཆུ་ཀླུང་དབའ་ཀློང་ཀླུ། །ཀ་དག་ཀློང་ཡངས་ཀློང་དུ་གྱུར། །ཀ་ཀུ་བྷ་ཡ་ཀ་དམྤ། །ཀ་ཤ་ཀུ་ཤ་ཀ་མ་ལ། །ཀུནྡ་ཀུ་མུད་ཀིང་ཤུ་ཀ །ཀ་ར་ཝཱིར་ཀེ་ཏ་ཀ །ཤིང་ཀུན་ཨ་ཀྲོང་དར་ཡ་ཀན། །ཀ་པེད་ཀུ་བ་ཀིམ་པའི་འབྲས། །ཀཎྜ་ཀ་རི་གཡའ་ཀྱི་མ༑ ༑ན་རཱི་ཀེ་ལ་ཀ་ཀོ་ལ། །ཀེ་ལ་ཤ་དང་ཀ་ལིངྐ༌། །ཀཽ་ཤཱམྦཱི་དང་ཀོ་ས་ལ། །ཀ་མ་ཏ་དང་ཀོའུ་ཤི་ཀ །ཀཱཏྱཱ་ཡ་ན་ཀཽཎྜི་ནྱ། །ཀེའུ་ཚང་དུ་ཀོ་ཀྲད་དང༌། །ཡུངས་ཀར་ཀ་རུ་ཐོད་ལེ་ཀོར། །ཀུ་ཤུ་གུར་ཀུམ་ཀ་ཅ་ཀུན།། བསགས་ཀྱང་འཐབ་ཀྲོལ་ཕུང་ཀྲོལ་རྒྱུ། །ཀྱེ་མ་ཀྱི་ཧུད་ཀྱེ་ཧོ་ཀྭ །ཀྱེ་ཀྱེ་ཀྱོང་ཀྱོང་ཀོང་ཀོང་དུ། །ཀྲོག་ཀྲོག་ཀྲབ་ཀྲབ་མགོ་ཀྱོག་ཀྱོག །ཀྲོང་ཀྲོང་ཀོག་གིས་ཀེར་ལངས་ནས། །ཀུ་རེས་དོ་ཀེར་ཀོ་སྐོ་འདེགས། །ཀུ་ཅོ་ཀྱལ་ཀ་ཀླན་ཀའི་རྒྱུ། །འོན་ཀྱང་ལན་ཀན་ཉེན་ཀོར་དུ། །ཀ་ལན་ཏ་ཀ་ཅོ་ཀ་དང༌། །ཀ་ལ་པིངྐའི་ཀྱུར་ཀྱུར་སྐད། །ཀིའུ་ཀུན་དོང་ཀག་ཀི་ཀང༌། །སྟོད་ཀོར་ཀླད་ཀོར་ཀླད་དོན་དང༌། །ཀེ་ཤ་ཞབས་ཀྱུ་ལྕགས་ཀྱུས་བཏབ། །ཀར་ཀར་ཟུག་ལངས་བད་ཀན་ཆུའི། །ཀུ་ཡ་ཀན་འོག་རྩ་ཀྱལ་ཀྱལ། །རུས་ཀྲང་ཀྲང་ངེ་སྐྱིལ་ཀྲུང་བཅས། །འབྱམས་ཀླས་མཐའ་ཀླས་ཀློག་ཀྱང་ཀླག །སྟོན་ཀ་དཔྱིད་ཀ་གཉིས་ཀའི་དུས། །གླང་ཆེན་ཐལ་ཀར་བེར་ཀས་བརྡུངས། །ཀ་ལཱ་པ་ཡིས་ཀླ་ཀློ་བཅོམ། །ཀ་བ་ཀ་ཙ་ལིནྡས་ཀླུབས། །ཀརྴ་པ་ཎ་ཀེ་ཀེ་རུ། །ཀང་ཀ་འདི་ཀོ་ཀླག་ཅོར་ཆེ། །ཀེང་རུས་ཀ་ལིའི་ཀླད་པ་ཟ། །ཀུན་ནས་ཀུན་ཏུ་པགས་ཀབ་ཀོབ།། ཀུ་ཧུའི་མགྲིན་སོགས་ཀ་རྐྱང་ངོ༌། །དཀར་ཆག་མ་དཀྲུགས་དཀོར་མཛོད་དཀྲོགས། །དཀྱིལ་འཁོར་དཀྱིལ་དུ་དཀྲོང་བསྐྱེད་དཀའ། །དཀའ་ཐུབ་དཀའ་སྤྱད་དཀོན་ཅོག་དཀོན། །མདོག་དཀར་དཀྱེལ་ཆེ་སྤྱན་དཀྱུས་རིང༌། །དཀྱུས་མའི་དཀོར་རྫས་དྲི་མ་དཀུ། །དཀོས་ཐག་ཀུན་དཀྲིས་གོས་ཀྱིས་དཀྲིས། །དཀུ་སྐབས་དཀུ་ཟླུམ་དཀུ་མ་རྙོངས། །སྤྲིན་དཀྲིགས་ཞོ་དཀྲོགས་རོལ་མོ་དཀྲོལ། །དཀར་ཡོལ་ཆག་དཀྲུམ་དཀྱུ་སར་དཀྱུས། །དཀའ་འགྲེལ་དཀྲིགས་ཕྲག་དཀན་གཟར་པོ། །ཕན་ཚུན་དཀྲུགས་སོགས་ད་འཕུལ་ཀའོ། །བཀྲ་ཤིས་བཀྲག་མདངས་ཚོན་བཀྲ་བཀྲམ། །བཀའ་བསྒོས་ཁྲལ་ཁལ་སྲད་བུ་བཀལ། །ཕོ་ཉ་སྟོན་མོ་འོད་སྤྲུལ་བཀྱེ། །དགོངས་པ་ཁྲལ་བཀྲལ་དགོངས་བཅིངས་བཀྲོལ། །དྲི་མ་བཀྲུ་བཀྲུས་བཀྲེན་ཅིང་བཀྲེས། །བཀར་ནས་བཀྱིགས་ཏེ་སྲོག་བཀུམས་བཀྲོངས། །བཀད་སར་སྣོད་བཀང་ཐུགས་དམ་བཀང༌། །བསྙེན་བཀུར་བཀུར་སྟིས་གོང་དུ་བཀུར། །བཀོད་ལེགས་བདེར་བཀོད་ཟུར་བཀོལ་དང༌། །ཤིང་བཀུག་བཀས་ཤིང་གཡོག་ཏུ་བཀོལ། །གནང་བཀག་སྨན་བཀུ་བཀུས་ཏེ་བོར། །གོས་བཀབ་གཞུ་བཀང་རྩ་བ་བཀོག །བཀའ་དྲིན་བཀའ་བཏགས་བཀའ་བློ་བདེ། །བཀའ་བཀྱོན་བརྒྱད་བཀག་ཁོན་དུ་བཀོན། །ལམ་བཀག་སྤ་བཀོང་རྒྱལ་པོས་བཀྲབས། །ལུས་བཀན་ལག་བཀན་བཀྲོས་ནས་བཀྲི། །མདོ་བཀླགས་མགོ་བཀད་ཐགས་ཀྱི་བཀད། །བཀྱལ་བའི་ངག་སོགས་བས་འཕུལ་ཀའོ། །རྐང་ལག་རྐ་ཞིང་རྐན་དང་རྐུབ། །ཆོམ་རྐུན་རྐྱན་དང་ཕྱེ་རྐྱལ་རྐུ། །རྐོང་པ་ཆིག་རྐྱང་ས་རྐོ་རྐོས། །གན་རྐྱན་རྐེད་རྐྱོང་རྐོན་པ་འཛུགས། །རྐ་མགོའི་རྐྱལ་རྩེད་རི་དྭགས་རྐྱང༌། །རྒྱུ་རྐྱེན་ལ་སོགས་རར་བཏགས་ཀའོ། །ལྐོག་གྱུར་ལྐོག་མ་ལྐོག་ཤལ་དང༌། །ངག་ལྐུགས་ལ་སོགས་ལར་བཏགས་ཀའོ། །སྐ་ཅོག་སྐལ་ལྡན་སྐར་མ་སྐག །སྐུ་སྐེམ་སྣུམ་སྐུད་སྐུད་པ་སྐྱོལ། །སྐྱོ་མའི་སྐྱག་པ་སྐྱུང་ཀས་སྐྱུད། །སྐ་རགས་སྐྱེར་སྐྱ་སྐྱུ་རུ་ར། །སྐྱེས་བུ་སྐྱེམས་ཀྱི་སྐོམ་སྐྱུར་སྐོལ། །གོས་སྐོན་སྐྱེན་ཡང་སྐྱུར་བས་སྐྱོ། །སྐེམ་བྱེད་སྐུལ་བྱེད་སྐོར་བ་བྱེད། །སྐྱུ་རུམ་སྐྱུ་གང་སྐྱུགས་པས་སྐྱེངས། །སྐྲན་དང་སྐྱིགས་བུ་སྐྱ་རྦབ་སྐྲངས། །རི་སྐྱེགས་ཆུ་སྐྱར་སྐྱ་གའི་སྐད། །སྐུན་བུ་སྐམ་པ་སྐྱ་བ་སྐྱོགས། །དགེ་སྐོས་བྲོ་སྐྲབ་ཌ་རུ་སྐྲོག །སྐུད་པོ་སྐྱོ་ངོགས་སྙན་སྐྱོས་སྐྲག །རྒྱ་སྐྱེགས་སྐྱེད་ཚལ་སྐྱེར་བའི་སྐས། །སྐེ་དང་ཨོག་སྐོར་ཆུ་སྐྱེགས་སྐྱེས། །སྐྱི་གཡའི་སྐྱོན་སྐྱོབ་སྐྱབས་འགྲོ་སྐྱོར། །འཚོ་སྐྱོང་རེ་སྐོང་སྐྱིན་གོར་སྐོགས། །སྲབ་སྐྱོགས་སྐྱེས་བཟང་རྒྱལ་གྱི་སྐུགས། །བྱ་སྐྱིབས་སྐར་ཁུང་སྐོར་ཚེར་སྐྱིད། ། སྐྱེལ་མ་སྐྱེས་ཆེན་སྐྱོས་མ་སྐྲོད། །ཆུ་སྐྱོམ་ཞོ་སྐྲོག་རྩིས་ཀྱི་སྐྱེག །ཇི་སྐད་འདི་སྐད་ཁ་སྐོང་སྐབས། །ས་སྐྱོང་སྐྱང་ནུལ་སྐམ་རེ་སྐན། །སྐ་ཅིག་སྐྲ་སྐྱེས་ཤིང་སྐྲུས་པ། །སྦས་སྐུངས་མཐའ་སྐོར་སྐོབས་སུ་ཆུད། །རང་སྐལ་སྐྱེ་མཆེད་ཐུགས་དམ་སྐོང༌། །བྱ་སྐོན་སྐྱི་དཀར་སྐྱེ་ཚེའི་འབྲུ། །སྐྱོ་མ་སྔ་བཙན་སྐྱིལ་ཀྲུང་སྐྱོད། །སྐྱ་རེངས་ཞལ་སྐྱིན་སར་བཏགས་ཀའོ། །འདོད་ལ་བརྐམ་པས་བརྐུ་བྱ་བརྐུས། །སྲ་བརྐྱང་ལག་བརྐྱང་བརྐོ་བྱ་བརྐོས། །བས་འཕུལ་ར་མགོ་ལྡན་པའི་ཀའོ། །བྱུག་པ་བསྐུ་བསྐུས་ལག་བསྐུམ་བསྐུམས། །འཕྲིན་འགན་དབང་བསྐུར་ཆོས་ལ་བསྐུལ། །ནོར་བསྐྱི་བསྐྱིས་དང་སྐྱིན་པ་བསྐྱལ། །གོས་བསྐོན་རྟར་བསྐྱོན་བསྐྱར་ནས་བསྐྲད། །གཅོམ་བསྐྱུངས་ཟས་བསྐྲུ་བསྐྱེད་ཅིང་བསྐྲུན། །བསྐལ་མེས་མཚོ་བསྐམས་ཆུ་བསྐྱིལ་བསྐྱམས། །བསྐལ་དོན་བསྐུངས་ཤིང་འཇིགས་བསྐྱབས་བསྐྱངས། །འཕོ་བསྐྱས་རྒྱང་བསྐྱུར་བྱ་བ་བསྐྱུངས། །མི་བསྐྱོད་རྒྱ་བསྐྱེད་བརྗེད་པའི་བསྐྱུད། །བས་འཕུལ་ས་མགོ་ལྡན་པའི་ཀའོ། །གོ་ཁྲབ་ཁྲི་ཕྲག་ཁྲག་ཁྲིག་ཁུར། །ཁོང་ཁྲོ་ཁོན་འཛིན་ཁྲོ་བོ་ཁྲོས། །ཁྲོ་དང་ཁྲོལ་ཚགས་ཁྲུད་ཁུས་ཁྲུས། །ཁོང་ཁྲག་ཁྲག་ཁྲུག་ཁྲུང་ཁྲུང་ཁྱུ། །ཚུལ་ཁྲིམས་ཁྲིས་འཇགས་ཁྲིམས་ཀྱི་ཁྲལ། །ཁྲུ་གང་ཁྲུན་རིང་ཁྲམ་ཁ་ཁྲ། །ཁྲོམ་ཁྲོད་ཁྲི་སྟེང་ཁང་ཁྱིམ་ཁྱམས། །བྱ་ཁྲ་ཁྱིས་ཁྱེར་ཁྱོར་བ་ཁྲེ། །ཁོ་ར་ཁོར་ཡུག་ཁྲོན་ཆུ་ཁྲེམས། །སིལ་ཁྲོལ་ཁམས་གསུམ་ཁྲམ་པས་ཁྲེལ། །དུར་ཁྲོད་སྣ་ཁྲིད་ཁྲུམས་སྟོད་སྨད། །ཁྲོ་གཉེར་ཁྭ་ཏ་ཁ་རྐྱང་ངོ༌། །མཁན་པོས་ས་མཁར་མཁྲང་མཁྲེགས་མཁྱེན། །མཁྱུད་སྤྱད་དཔེ་མཁྱུད་ཞུ་མཁན་མཁོ།། མ་མཁལ་མཁལ་མ་མཁུར་འཛུམ་མཁས། །མཁན་ཁྲོད་མཁོས་ཕབ་སྔ་མཁོ་བཞིན། །མཁའ་མཉམ་མཁྲིས་ནད་མེད་པར་མཁྱེན། །ཆུ་མཁྲིས་མཁྲིག་མ་མས་འཕུལ་ཁའོ། །བློ་འཁུམས་ཞེ་འཁོན་འཁང་ཞིང་འཁུ། །འཁྱགས་ནས་མཐའ་འཁོབ་འཁྱར་ཞིང་འཁྱམས། །རྒས་འཁོགས་འཁོས་ཆུང་རྐང་འཁུམ་འཁྱོག །འཁྱོར་འཁྱོམ་འཁར་བར་འཁྲིལ་འཁྲིས་འཁྱུད། །འཁྲིག་ཚིག་ངག་འཁྱལ་འཐབ་འཁྲུག་འཁྲུལ། །འཁྲི་བ་འཁྲུ་འཁྲུད་འཁྲི་ཤིང་འཁྲུངས། །གདུགས་འཁྱིར་བྲོ་འཁྲབ་འཁར་རྔ་འཁྲོལ། །སེམས་འཁོལ་སེམས་འཁྲུགས་འཁྱུག་པོར་འཁྱུས། །ཁུར་འཁུར་ཁྲལ་འཁྲི་འོད་འཁྱིམས་འཁྱིལ། །འཁོར་བར་འཁྲེན་པ་འཁྲས་ཤིང་འཁར། །མ་འཁྱིག་མ་འཁྱེར་སྣུམ་འཁུར་འཁུར། །མ་འཁྱུར་བྲེད་འཁྲིམས་འཁམས་ཤིང་འཁུན། །འཁོར་ལོ་འཁོད་ཀྱང་འཁོར་བཅས་འཁོབས། །གཡོག་ཏུ་འཁུལ་འཁོལ་སྲད་བུ་འཁལ། །འཁྲ་སར་མ་འཁྱོལ་འཁྲིད་པར་འཁུམས། །རུས་ཀྱི་འཁོན་སོགས་འས་འཕུལ་ཁའོ། །
གྲུབ་མཐའ་གྲུབ་ཐོབ་གྲངས་མེད་གྲོལ། །རལ་གྲི་གྲོ་གས་གྲིལ་ཞེས་གྲག །གྲུལ་བུམ་གྲང་ནད་གྲུམ་བུས་གྲོངས། །མོན་གྲུ་ནམ་གྲུ་གྲེ་གྲོ་བཞིན། །ཆོས་གྲྭའི་གྲལ་དུ་རིམ་གྲོ་གྲབས། །ཡུལ་གྲུ་གྲུ་བཞི་གྲུ་ཁའི་གྲོང༌། །གྲ་མ་སྤུ་གྲི་གྲུ་འཛིན་རི། །མོན་ལུག་གླ་སྒང་གྲོའི་སྦང་གླུམ། །གྲ་ཕུབ་གྲོ་མ་མོན་སྲན་གྲེའུ། །གྲོད་པ་གྲོན་ཅན་གྲུང་ཞིང་གྲིམས། །གྲམ་པ་ཆུ་གྲོག་གྲེ་བའི་གྲོགས། །གྲིབ་མར་གྲོས་གླེང་རེ་གྲོན་མེད། །གླ་རྩི་གླ་རྔན་གླུད་ལྟར་གླེན། །འཛམ་གླིང་གླེགས་བམ་གླིང་བུའི་གླུ། །ཕོ་གླང་གླང་ཤུ་གློག་པའི་ནད། །གློ་བའི་གློ་དགོག་ལེབ་མོར་གླེབས། །གླང་ཆེན་གློས་ཕབ་གློད་ནས་གླལ། །གློ་འབུར་གློ་བུར་གློ་རྡེག་གློག །གླགས་རྙེད་ལན་གླན་ལྷན་པ་གླན། །སྒོ་གླེགས་ཆོས་གོས་གླེགས་བུའི་གྲྭ། །གླ་གོར་ཞོ་ཤ་མདུན་མ་གླེང༌། །བྱ་གླག་གྲོག་མ་གྲིབ་གྲིབ་གནོན། །གྲོག་པོར་གྲུ་མོ་ཆག་གྲུམ་གྲུབས། །དངོས་གྲུབ་གྲུ་ཆར་འབེབས་པར་གྲགས། ། ཤ་བའི་གྭ་དོར་ག་རྐྱང་ངོ༌། །དགེ་བསྙེན་དགེ་ཚུལ་དགའ་དགྱེས་དགོད། །དགུང་སྔོན་དགུ་ཚིགས་དགྱེ་ཞིང་དགུ། །ཉིན་དགུང་དགེ་བཤེས་ཡོད་དགུ་དགུག །དགེ་སྦྱོང་དགེ་སློང་དགེ་འདུན་དགུས། །དགྲ་བཅོམ་དགོངས་དགྲོལ་ཡི་གེར་དགོད། །དགག་སྒྲུབ་སྣོད་དགང་དགོན་པར་དགར། །དགོ་བས་ཕ་བ་དགོ་དགོ་དགས། །ཁལ་དགལ་ལྷན་པ་དགབ་དང་དགོག །སྐྱེ་དགུས་དགེ་ལེགས་དགེ་སྒྲུབ་དགོས། །དགོངས་མོ་ཟོང་དགྲམ་མེ་ཏོག་དགྲམ། །དགུན་དུང་ཅན་དུ་དགུན་ཀ་སྡོད། །དགུང་ལོ་ལ་སོགས་དས་འཕུལ་ཀའོ། ། བཀའ་བགྲོ་བགྲོ་གླེང་བགྱི་བགྱིད་བགྱིས། །གོ་བགོས་བགེགས་ཀྱིས་བགྲོད་ལམ་བགགས། །དུས་འགྱངས་ཚོད་བགམ་བགོ་བ་བགོས། །བགྲེས་པོས་མིག་བགྲད་བགྲང་ཕྲེང་བགྲངས། །བགྲུས་པའི་འབྲས་བགོས་གད་མོ་བགད། །གོམ་པ་བགོམས་ཤིང་རྙོག་མ་བགྲུངས། །བགོ་སྐལ་ལ་སོགས་བས་འཕུལ་གའོ། །མགོ་མགུར་མགུལ་མགྲིན་མགར་མགོན་མགུ། །མགལ་དུམ་མགལ་མེ་གཏོར་མགྲོན་མགྱོགས། །ཡ་མགལ་མ་མགལ་མས་འཕུལ་གའོ། །འགྲོ་འགྲེང་འགྲིམ་འགྲུལ་འགྱིང་འགྲོས་འགྲན། །འགྲངས་འགེངས་འགག་འགོག་འགགས་འགས་འགྲིབ། །འགྱངས་འགོར་འགྱེས་འགྲོགས་དགོངས་འགྲེལ་འགྲོལ། །འགྱེལ་འགྲིལ་འགྲོངས་འགུམ་འགལ་འགྲས་འགྱོད། །འགོལ་སར་འགྲམ་འགུལ་ནོར་འགྱེ་འགྱེད། །འགན་འཁུར་འགོང་པོའི་འགོ་ནད་འགོས། །འཕེལ་འགྲིབ་འགྱུར་འགྱུས་མི་འགོང་དང༌། །ལམ་འགྲོན་འགའ་འགུགས་རྩིག་འགྲམ་འགོད། །བརྩོན་འགྲུས་འགོ་མའི་ཆུ་འགྲེམས་འགྲུབ། །མགོ་འགེམས་རིགས་འགྲེ་ཚེས་ཀྱི་འགྲིབ། །འཐབ་མོ་འགྱེད་སོགས་འས་འཕུལ་གའོ། །རྒོད་པོ་རྒྱ་མཚོར་རྒལ་ཕྱིར་རྒྱུ། །གཏམ་རྒྱུད་ཕྲེང་རྒྱུད་རྒྱུད་མང་རྒྱན། །བྱ་རྒོད་རྒན་པོ་རྒ་ཤིའི་རྒུད། །ཕས་རྒོལ་རྒྱང་འཕེན་མགོ་ལ་རྒྱོབ། །རྒོད་མའི་རྒྱབ་རྒྱས་རྒྱང་རིང་རྒྱུག །རྒྱ་བོ་དམུ་རྒོད་ཕྱག་རྒྱར་རྒྱོ། །རྒྱ་ཚ་རྒྱམ་ཚ་རྒྱགས་ཕྱེའི་རྒྱུགས། །རྒྱུ་མཚན་ལོ་རྒྱུས་བྱིང་རྒོད་རྒྱུ། །རྒྱལ་བའི་རྒྱུད་རྒྱལ་རྒྱུ་སྐར་རྒྱལ། །ཤེས་རྒྱུད་རྒྱས་བཏབ་ང་རྒྱལ་རྒྱགས། །རྒྱ་གྲམ་རྒྱན་པོ་རྒྱན་དང་རྒྱལ། །རྒུན་འབྲུམ་རྒྱ་ཤུག་ཉ་རྒྱར་རྒྱུ། །རྒྱུས་པ་རྒྱུ་མ་ལུ་གུ་རྒྱུད། །གྲུ་རྒྱོངས་རྒྱང་ཤིང་སྨིག་རྒྱུའི་རྒྱུན། །རྒྱ་ཡུལ་རྒྱ་ཆེ་ལྟོ་རྒྱབ་སྐྱིད། །རྒྱལ་མཚན་རྒྱལ་སོགས་རར་བཏགས་གའོ། །ལ་ལྒ་ལྒང་པ་གཅིག་པུར་ངེས། །སྒོམ་ཆེན་བློ་སྒམ་སྒྲིན་པོར་སྒྲུན། །ལྕགས་སྒྲོག་སྒོར་མོར་སྒྲིམ་ཞིང་སྒྲིལ། །སྒྱིད་སྐྱུར་སྒྱིད་ལུག་སྒྱེད་བུ་སྒྱེལ། །སྒྱུ་རྩལ་གཡོ་སྒྱུ་སྒྱུ་མ་སྒྲུང༌། །སྒམ་སྒྲོམ་སྒྲོ་བ་སྒྲེ་སྒྱེ་འུ། །སྒྱུག་མོས་སྒོ་ང་སྒོག་ཟོས་སྒྲེགས། །སྡིག་སྒྲིབ་ཆུ་སྒྲོལ་ཆོས་སྒྲ་སྒྲོགས། །བྱ་སྒྲོ་བཤད་སྒྲོས་མཆུ་སྒྲོས་སྒྲིགས། །སྒལ་ཚིགས་སྒུལ་སྐྱོད་སྒ་སྒེའུ་གཤེར། །སྒྲེན་མོར་སྒོ་དྲུང་སྒེག་མོ་སྒུག །སྒྱིད་པར་གོས་སྒབ་སྒྲོ་གུས་སྒྲོག །དབང་སྒྱུར་འཁོར་ལོ་སྒྱུར་སྒྱུར་བྱེད། །ལག་སྒྲེང་ཟས་སྒོང་བུ་རམ་སྒོར། །སྒར་དུ་རྟ་སྒས་སྒྲོན་མེ་སྒྲིབ། །སྲིད་སྒྲུབ་ཀླུ་སྒྲུབ་སྒྲོལ་མ་སྒྲུབ། །མནའ་སྒོག་སྒྱོགས་རྡོས་སྒུ་དོ་གཅོག །ད་སྒོས་སྒོས་སུ་རྩིག་པ་སྒྲོན། །སྒུ་སྟེགས་སྒང་གཤོངས་ཚ་སྒོ་ཅན། །སྒྲོབ་དང་སྒྲོམ་སོགས་སར་བཏགས་གའོ། །བརྒལ་བརྟག་བརྒལ་ལན་བརྒྱད་ཅུ་བརྒྱད། །ཕྲེང་བ་བརྒྱ་ཕྲག་བརྒྱུས་པས་བརྒྱན། །ཆུ་བརྒལ་འོ་བརྒྱལ་དྲན་མེད་བརྒྱལ། །བརྒྱུད་པ་ལམ་བརྒྱགས་སྤྱོ་བའི་བརྒྱད། །ལེ་བརྒན་གད་བརྒྱངས་སྨྲ་བའི་བརྒྱ། །བརྒྱུགས་ཤིང་བརྒྱུངས་པར་བརྒྱུད་མར་བརྒྱབ། །བས་འཕུལ་ར་མགོ་ལྡན་པའི་གའོ། །བུ་རམ་བསྒར་ཞིང་བསྒྲངས་ནས་བསྒོངས། །ཆོས་བསྒྱུར་མདོག་བསྒྱུར་བཀའ་བསྒོ་བསྒོས། །ཆུ་བསྒྲལ་ཆོས་བསྒྲགས་ཏིང་འཛིན་བསྒོམས། །མགོ་བསྒྲེས་རིགས་བསྒྲེས་རྒྱལ་མཚན་བསྒྲེངས། །མནའ་བསྒགས་ལམ་བསྒུགས་སེང་གེ་བསྒྱིངས། །བག་ཆགས་བསྒོ་བསྒོས་ཕྱོགས་གཅིག་བསྒྲིགས། །འོད་བསྒྲིབས་བློ་བསྒྲིམས་སྲད་བུ་བསྒྲིམས། །བསྒྲུབ་པ་བསྒྲུབ་བྱ་བསྒྲུན་མི་ནུས། །བསྒྲིན་མི་ཕོད་དང་བྱ་བའི་བསྒང༌། །བསྒྱེལ་ཞིང་སྒྲ་བསྒྲགས་རྩིས་ཀྱིས་བསྒྱུར། །གཞན་གྱིས་མི་བསྒུལ་ནོར་གྱིས་བསྒང༌། །བ་འཕུལ་ས་མགོ་ལྡན་པའི་གའོ། །
སྙན་དངགས་ཟིལ་དངར་ཚར་དུ་དངར། །གསེར་དངུལ་དངོམ་ཆེ་དངོས་དངོས་མེད། །དངོས་གྲུབ་དངོས་གཞི་དངོས་བཤམས་དངོས། །དངངས་སྐྲག་དངན་འཐེན་འབབ་ཆུའི་དངོ༌། །གྲི་འི་དངོ་སོགས་དས་འཕུལ་ངའོ། །མངའ་རིས་མངའ་ཞབས་མངའ་ཐང་མངའ། །མངའ་མཛད་མངའ་བདག་མངག་གཞུག་མངགས། །མངོན་སུམ་མངོན་གྱུར་མངོན་མཚན་མངལ། །མངོན་སྤྱོད་མངའ་བརྙེས་མངན་མི་བགྲང༌། །ཆོས་མངོན་མངོན་ཤེས་མངར་བའི་རོ། །ཐུགས་ལ་མངའ་སོགས་མས་འཕུལ་ངའོ།། རྔོན་པའི་རྔ་ཡབ་རྔ་རྔེའུ་ཆུང༌། །རྔམ་པའི་བཀྲེས་རྔབ་རྔ་མོ་རྔེའུ། །རྔོམ་བརྗིད་རྔམ་འཇིགས་རྔོ་བག་ཅན། །དབུགས་རྔུབ་ཟུག་རྔུས་རྔོད་མཁན་རྔུལ། །རྔོས་ཁྱེར་དྲེའུ་རྔོག་གླ་རྔན་དང༌། །རྔ་རྔོག་མཐུག་རྔམ་རྔོ་མི་ཐོགས། །རྔན་ཆེན་རྩྭ་རྔ་རྔུ་མ་དང༌། །རུས་ཀྱི་རྔོག་སོགས་རར་བཏགས་ངའོ། །ཞལ་སྔ་སྤྱན་སྔ་སྔ་སོར་སྔོན། །གསང་སྔགས་སྔགས་པ་མདོག་སྔོན་སྔོ། །སྔ་དྲོ་སྔས་ལ་སྔུར་པ་ཆེ། །སྔ་དུས་སྐྱོ་སྔོགས་མོན་སྲན་སྔེའུ། །སྔ་ཕྱི་སྔུན་དུ་སྔོ་བར་བྱེད། །མཚང་ནས་སྔོག་སོགས་སར་བཏགས་ངའོ། །བརྔན་ཡང་བརྔམས་ནས་བཙས་མ་བརྔས། །བུད་མེད་བརྔོད་དང་རྔོན་པས་བརྔོན། །ཆང་བརྔུབས་བས་འཕུལ་རར་བཏགས་ངའོ། །སྡུག་བསྔལ་བསྟོད་བསྔགས་བསྔོ་བས་བསྔོས། །རྣམ་པར་བསྔོས་དང་མཚང་བསྔོག་སོགས། །བས་འཕུལ་ས་མགོ་ལྡན་པའི་ངའོ། །
ཅི་སླད་ཅི་ཕྱིར་ལྡན་པའི་ཅན། །བདག་ཅག་སྤྱི་ཅེར་སུམ་ཅུ་དང༌། །དྲུག་ཅུ་བདུན་ཅུ་བརྒྱད་ཅུ་རྣམས། །ལྷན་ཅིག་ཐབས་ཅིག་སྐད་ཅིག་ཙམ། །ཁྱེད་ཅག་སེམས་ཅན་ཡོད་དོ་ཅོག །ཅན་ཅེ་ཅབ་ཅོབ་ཆང་ཅོ་རེ། །ཧ་ཅང་ཅས་ཅུས་བབ་ཅོལ་མང༌། །ཅི་སྟེ་ཅུང་ཟད་ཕྱིན་ཅི་ལོག །ཅང་ཤེས་ཅིག་ཤོས་ཅི་ནས་ཀྱང༌། །ཅོ་ཏོའི་ཐོར་ཅོག་ཅོད་པན་དང༌། །རྒྱ་ཅང་བེ་ཅོན་ལྟ་ཅི་སྨོས། །ཅ་ཅོའི་ཅལ་ཅོལ་མུ་ཅོར་དང༌། ། ཅོ་འདྲི་ཅིག་ཅར་ཅམ་གྱིས་འཇོག །ཅོག་པུར་ཅར་རེ་མིག་ཅེ་རེ། །ལན་ཅིག་ཅིས་ཀྱང་ཅིར་མི་རྟོག །ཁ་ཅིག་ཅང་མི་ཤེས་ཀྱང་ཅོང༌། །ཅང་དང་ཅང་ཏེའུ་ཅི་ཡང་བརྡུང༌། །ཅུ་གང་ཅུང་ཞི་ཅུར་ནིས་ཟ། །ཅེ་སྤྱང་བྲག་ཅས་ཅི་ཞིག་བྱ། །ཅོག་ཙེ་ཐོ་ཅོས་ཅུང་སེང་ཟ། །ཅི་ག་ལ་སོགས་ཅ་རྐྱང་ངོ༌། །གྲོས་གཅོམ་གཅོང་ནད་གཅད་བྱ་གཅོད། །ཁོན་གཅུགས་ཡིད་གཅུགས་གཅེན་དང་གཅུང༌། །གཅུད་བོར་ལག་གཅུས་གཅུར་ཞིང་གཅུན། །རྣམ་གཅོད་ཡོངས་གཅོད་ཞལ་ལྕེ་གཅོད། །གཅོང་རོང་གཅོང་སྐད་གཅིན་གཅི་བ།། གཅོད་བཞིན་གཅེས་མེད་གཅིག་གིས་གཅིག །གཅམ་བུ་ཁ་གཅད་གཅུགས་མེད་གཅེས། །ཚར་གཅོད་གཅུ་གལ་ཡིད་ལ་གཅགས། །སྒྲ་གཅན་གཅན་གཟན་ལ་གཅན་པ། །གཅིག་ཏུ་གཅལ་བཀྲམ་གྲངས་ཀྱི་གཅིག །རོ་གཅིག་རྫས་གཅིག་གཅེར་བུ་གཅོག །གཅིའུའི་སྨན་སོགས་གས་འཕུལ་ཅའོ། །བཅོམ་ལྡན་དགྲ་བཅོམ་བཅས་པས་བཅགས། །དམ་བཅའ་ཁྲིམས་བཅའ་བཅིང་བས་བཅིངས། །ཤིང་བཅད་རླན་བཅིར་བཅའ་ཡོས་བཅེམ། །ཚིགས་བཅད་བཅའ་གཞི་བསྟན་བཅོས་བཅང༌། །ལོགས་བཅར་བཅའ་སྒ་བཟའ་བཅའི་བཅུད། །མིག་བཅར་ཕྱིར་བཅིལ་ཆུ་བཅུར་བཅུག །ནོར་བཅལ་ལག་བཅངས་ཆགས་བཅག་བཅོལ། །བཅར་བའི་རྟར་བཅིབས་ཞལ་ལྕེ་བཅད། །ཚར་བཅད་བློས་བཅལ་བཅས་རང་བཅབས།། རྡོ་བཅག་ཤིང་བཅེར་གྲོས་བཅོམ་བཅུམ། །བཅུ་དང་བཞི་བཅུ་ལྔ་བཅུ་དང༌། །དགུ་བཅུ་བཅོ་ལྔ་བཅོ་བརྒྱད་བཅོས། །བཅོས་བུའི་རས་སོགས་བས་འཕུལ་ཅའོ། །མཉེན་ལྕུག་ལྕུག་ཕྲན་ལྕང་མའི་ལྕག །མགོ་ལྕོགས་ཆེས་ལྕི་བློ་ཡིས་ལྕོགས། །གནམ་ལྕགས་ལྕེ་འབབ་མེ་ལྕེར་ལྕེབ། །ལྕང་ལོ་ཅན་གྱི་ལྕགས་རིའི་ལྕོག །ཉ་ལྕིབས་སྦལ་ལྕོང་ལྕུང་ཀའི་ལྕེ། །རེའུ་ལྕག་ལྕ་བ་ལྕམ་པ་ལྕུམ། །ལག་ལྕིབས་ཚ་ལྕིབས་སྒོ་ལྕིབས་དང༌། །སྤྱན་ལྕིབས་ལྕམ་དྲལ་སྐྲའི་ལྕང་ལོ། །ལྕི་བ་ལྕག་པོད་སྲུས་ལྕག་ལྕིག །ཚིག་འབྲུ་ལྕིབས་སོགས་ལར་བཏགས་ཅའོ། །
ཆེམ་ཆེམ་ཆལ་ཆིལ་ཆོས་ཆུའི་ཆར། །ཆགས་བྲལ་ཆོག་ཤེས་ཆོ་གའི་ཆེད། །གོ་ཆ་མཚོན་ཆའི་ཆ་ལུགས་ཆོས། །བྱང་ཆུབ་བར་ཆད་ཆམ་ལ་ཕོབ། །རིན་ཆེན་ཆུན་པོ་ཆབས་ཅིག་ཆུར། །ཆུ་ཞེང་ཆ་མཉམ་ཆེམ་མེ་བ། །ཆིབས་པ་ཆ་དེ་ཆིབས་ལ་ཆོགས། །སྲོག་ཆགས་ཆག་ཆག་ཆལ་མར་བརྡབ། །ཆོ་ལོས་ཆེ་གེའི་ཆ་རྐྱེན་ཆད། །ཆད་པས་ཆོད་ལ་ཆུང་མ་ཆོལ། །ཆང་ཆེམས་ཆེ་ཆུང་ཐུགས་སུ་ཆུད། །མཐར་ཆགས་ཆགས་ཆོགས་ཆིར་གྱིས་ཆིར། །ཆབ་འོག་ཆོམ་རྐུན་ཆེས་ཆེར་ཆུན། །ཆོམས་ཤིག་ཆིངས་ཤིག་ཆབ་སྒོ་ཆོག །ཚར་ཆོད་ཐག་ཆོད་ཆབ་འོག་ཆུག ཆ་ཆོ་མ་ཆོད་ཆ་མེད་ཆས། །ཟན་ཆང་འབྲས་ཆན་ཆབ་ནས་ཆུས། །ཆ་ལང་མལ་ཆ་ཆེ་ཞེའི་ཆས། །ཆོ་རིགས་ཆུད་ཟོས་ཆམ་པའི་ནད། །ཆབ་ཤོག་ཁ་ཆེམས་ཆིག་རྐྱང་ཆོང༌། །བག་ཆགས་ཆོ་འཕྲུལ་ཆོ་ངེ་འདོན། །ཆ་ག་པ་སོགས་ཆ་རྐྱང་ངོ༌། །མཆོག་ཏུ་སྐྱབས་མཆི་དཀོན་མཆོག་མཆོད། །མཆིས་མལ་མཆིས་ལྷམ་མཆིག་མཆིག་གུ། །སྐུ་མཆེད་མཆན་གྱི་མཆིས་བྲང་མཆོར། །མཆི་མ་མཆིལ་མ་མཆེར་པ་མཆིན། །ཞལ་མཆུར་ཁ་མཆུའི་བཀའ་མཆིད་མཆིས། །སྐྱེ་མཆེད་མཆིང་བུ་རྒྱ་མཚོའི་མཆིང༌། །རྩྭ་མཆོག་མེ་མཆེད་མཆིལ་པའི་མཆོངས། །གཞུ་མཆོག་སྒྱུ་མའི་མཆན་བུ་མཆན། །མཆིལ་པ་མཆིམས་སོགས་མས་འཕུལ་ཆའོ། །ཆོས་འཆད་ཁྲིམས་འཆའ་འཆག་སར་འཆག །ཚུལ་འཆོས་གར་འཆམས་སྲོག་འཆད་འཆི། །འཆུམས་པའི་གནས་འཆའ་འཆེལ་པར་འཆུར། །འཆལ་པའི་འཆར་སྒོར་མི་འཆགས་འཆབ། །ཉི་འཆར་ཆུ་འཆོར་ལས་འཆོལ་འཆུན། །གྲོས་འཆོམས་ཁས་འཆེ་འཆིང་ཞགས་འཆང༌། །འཆོལ་དང་འཆུས་སོགས་འས་འཕུལ་ཆའོ། །
ཇི་ལྟ་ཇི་སྙེད་ཇི་བཞིན་གཟིགས། །ཇི་ལྟར་ཇི་སྲིད་ཇི་སྐད་སྨྲ། །ཇོ་ཇོའི་ཇོ་མོ་ཇོ་བོའི་ཇ། །ཇེ་ཞིག་ཇག་པ་ཇུ་བོ་འཕངས། །ཇ་ཧོང་ཇ་རིལ་ཇེ་མཐོར་སོང༌། །ཇེ་དང་ཇེ་སོགས་ཇ་རྐྱང་ངོ༌། །མཇལ་འཕྲད་མཇིང་པ་མཇུག་མ་མཇེ། །མི་མཇེད་ཞིང་སོགས་མས་འཕུལ་ཇའོ། །འཇག་མ་འཇི་བ་འཇིམ་པ་འཇགས། །འཇིག་རྟེན་འཇིག་པའི་འཇིགས་པ་འཇོམས། །འཇུས་ནས་ཤ་འཇོག་འཇར་ནས་འཇབས། །འཇའ་ཞིང་འཇུངས་པའི་སྐྱོན་འཇིལ་འཇེམ། །འཇུ་བ་ཁྲག་འཇིབ་ཟས་འཇུ་འཇང༌། ། འཇུད་མཐུན་འཇོལ་འཇོལ་འཇོ་སྒེག་འཇོག །འཇོར་བུ་དབྱིབས་འཇོང་འཇུར་ཞིང་འཇུན། །ལུས་འཇམ་འཇོག་པོ་མཚོ་འཇིང་འཇུག །འཇམ་དབྱངས་སྙན་འཇེབས་མཉམ་པར་འཇོག །བློས་འཇལ་ཚད་འཇལ་འདོད་པ་འཇོ། །ཁྲིམས་འཇགས་འཇའ་ས་འཇའ་མོ་དང༌། །འཇའ་བརྡེག་འཇའ་ཚོན་སྲད་བུའི་འཇུར། །སྲོད་འཇིང་ཤ་འཇུམས་རྩ་འཇིང་གཉེན། །ཐོབ་ཀྱིས་འཇལ་སོགས་འས་འཕུལ་ཇའོ། །རྗེ་བཙུན་རྗེས་འཇུག་རྡོ་རྗེའི་རྗེས། །རྗེ་དཔོན་ལྷ་རྗེ་རྗེད་པའི་འོས། །ས་རྗེན་ཤ་རྗེན་རྗེ་ངར་རྗུད། །རྗོད་བྱེད་སྙིང་རྗེའི་ལག་རྗེས་དང༌། །ཐུགས་རྗེས་རྗེས་བསྐྱངས་རྗེའུའི་རིགས། །ཏིལ་གྱི་རྗང་སོགས་རར་བཏགས་ཇའོ། །བརྗེད་ངས་བརྗེད་བྱེད་གཟི་བརྗིད་བརྗིད། །བརྗེ་བརྗེས་མ་བརྗེད་བརྗོད་བྱ་བརྗོད། །བས་འཕུལ་ར་མགོ་ལྡན་པའི་ཇའོ། །ཡུལ་ལྗོངས་ལྗང་བུའི་ལྗན་ལྗིན་ཁྲོད། །ལྗོན་ཤིང་ལྗིད་ལྕི་སྨན་ལྗོངས་ལྗང༌། །རོ་འཛིན་ལྗགས་སོགས་ལར་བཏགས་ཇའོ། །
ཉམས་རྟོགས་ཉིང་ཁུ་ཉག་གཅིག་ཉབ། །ཉ་མ་ཉག་མོ་ཉིས་འགྱུར་ཉུང༌། །སྤུ་ཉག་ཉལ་ཉིལ་ཉ་ལྟོ་པ། །ཉམ་ཉེས་ཉོན་མོངས་ཉམ་ངར་ཉེ། །ཉིང་ཤའི་ཉོད་པ་ཉེས་འབྱུང་ཉེན། །ཉམ་ཆུང་ཉམ་ཐག་ཉིན་མཚན་ཉལ། །ཉམས་དགའི་ཉིང་དགོས་ཉེ་བར་ཉོན། །སྤོས་ཉུག་ལག་ཉས་ཉན་ཐོས་ཉམས། །ཕོ་ཉ་ཉི་མའི་ཉེན་ཀོར་དུ། །ཉ་ཤ་ཉ་ག་ཉི་ཤུ་ཉོས། །ཉིང་ཏོར་ཆུ་ཉོག་ཉེ་རེག་ཉང༌། །ཉེ་གནས་ཉུག་རུམ་ཉན་རྣ་ཉིད། །ཉག་ཕྲན་ཉ་རྒྱས་ཉ་རྐྱང་ངོ༌། །དཔུང་གཉེན་བཤེས་གཉེན་གཉིས་ཀྱི་གཉེན། །གཉའ་ཤིང་གཉེར་པ་ཁྲོ་གཉེར་དང༌། །བཀའ་གཉན་གཉན་ནད་དུད་འགྲོ་གཉན། །གཉའ་བོ་དོན་གཉེར་གཉན་གཉགས་གཉོས། །གཉིད་ཀྱི་གཉེན་པོར་གཉའ་ལྟག་གཉུལ། །གཉི་གཟེར་གཉིག་ཏུ་ལུས་གཉོད་ཆུང༌། །གཉའ་རེངས་གཉེ་མ་ཉག་པོར་གཉག །གཉུག་མའི་དོན་སོགས་གས་འཕུལ་ཉའོ། །མཉན་པ་ཐུགས་མཉེས་རྣ་བས་མཉན། །མཉེད་མཉེས་ཤིང་མཉེན་མཉན་ཡོད་གནས། །མཉམ་གཞག་མཉམ་མེད་མཚུངས་པའི་མཉམ། །ར་མཉེ་མཉེས་གཤིན་མས་འཕུལ་ཉའོ། །འདམ་རྙོག་རྙེད་བཀུར་གསར་རྙིང་རྙེད། །སོ་རྙིལ་རྙང་མ་རྙོང་དང་རྙི། །ལྕང་རྙིད་མ་རྙོབ་ཨནྟ་རྙིལ། །རྐང་པ་རྙོང་སོགས་རར་བཏགས་ཉའོ། །གོ་སྙོད་སྙིང་པོ་སྙིད་མོའི་སྙིང༌། །སྤུ་སྙོལ་ཆང་སྙོལ་སྙེ་ཕུང་སྙིལ། །ཐ་སྙད་ཇི་སྙེད་དེ་སྙེད་སྙམ། །སྙེམས་དང་སྙུན་མེད་སྙན་ཤལ་སྙི། །སྙོམས་འཇུག་བཏང་སྙོམས་སྙོམ་ལས་དང༌། །བསོད་སྙོམས་སྙུགས་སྲིངས་སྙེག་སར་སྙོགས། །སྙིང་རྗེའི་སྙིམ་པ་སྙོབས་ལ་སྙེས། །སྙོན་མོངས་སྙད་འདོགས་རྒྱལ་མཚན་སྙོལ། །གཏམ་སྙན་སྙིགས་དུས་སྐུད་པ་སྙོད། །སྙང་སྙོགས་སེམས་སྙོམས་སར་བཏགས་ཉའོ། །གཟུགས་བརྙན་སྒྲ་བརྙན་གཞན་ལ་བརྙས། །མངའ་བརྙེས་ཕྱག་བརྙན་བརྙན་པོའི་བརྙས། །གོས་བརྙིངས་ཁ་བརྙོགས་སྣང་བརྙན་བརྙན། །བས་འཕུལ་ར་མགོ་ལྡན་པའི་ཉའོ། །དགེ་བསྙེན་བསྙེན་གནས་བསྙེན་རྫོགས་བསྙེན། །བསྙོན་ཅན་བསྙོན་དོར་བསྙོན་ཏོལ་དང༌། །བསྙེན་སྒྲུབ་བསྙེན་བཀུར་ཕྱེ་མར་བསྙིལ། །གཏམ་བསྙད་བསྙམས་ནས་ལག་པ་བསྙལ། །ཕྱིར་བསྙིལ་མལ་བསྙལ་ལྷུང་བཟེད་བསྙིགས། །ལག་བསྙབས་བསྙུང་གཞིས་བསྙུན་པས་བསྙེངས། །བསྙེལ་མེད་ནས་བསྙོར་ཡོ་བྱད་བསྙུངས། །བསྙེན་སྲིང་ཟས་བསྙོད་སྐྱུ་གང་བསྙུག །བསྙེམས་པས་རྗེས་བསྙེགས་ཁྲོ་གཉེར་བསྙེར། །བས་འཕུལ་ས་མགོ་ལྡན་པའི་ཉའོ། །
ཏེ་པོར་ཏི་སེར་ཏལ་མར་སོང༌། །ཛཱ་ཏི་ཏང་ཀུན་ཏིག་ཏ་ཏིལ། །ཏུག་ཏུག་ཏོང་ཏོང་ཏོག་ཏོག་སྒྲ༑ ༑ཏེལ་པ་ཏོག་རྩེ་དབྱུག་ཏོ་དང༌། །གཙུག་ཏོར་ཐོར་ཏོ་སྤྱི་ཏོར་ཏོག །མུ་ཏིག་མེ་ཏོག་ཏམྦུལ། །ལོ་ཏོག་རྩི་ཏོག་ཟ་མ་ཏོག །ཏིང་འཛིན་དཀོན་མཆོག་ཏ་ལ་ལ། །ཏིང་ལོ་ཏལ་ཙམ་ཏིག་ཏིག་མེད། །ཡོན་ཏན་ཞབས་ཏོག་ནན་ཏན་དང༌། །ནན་ཏུར་གལ་ཏེ་གོའུ་ཏ་མ། །ཁ་ཏོན་ཞལ་ཏ་ནན་ཏར་བཟང༌། །ཏ་ཟིག་ཏ་མིང་ཏའི་སི་ཏུ། །ཏི་ཤྲི་ཏ་དབེན་ཏ་ཧུང་དང༌། །ཏྭ་ར་ཎ་དང་ཏེའུ་ཤིང་ཁྲི། །ཏམ་བུ་ར་དང་ཏིང་ཏིང་ཤག །ཉོ་ཏི་ཏ་ལ་ཏྲེས་སམ་དང༌། །ཤང་ཤང་ཏེའུ་ཏེ་ཏེ་བརྡུང༌། །འོན་ཏང་ལིང་ཏོག་ཏ་རྐྱང་ངོ༌། །གཏན་གྱི་བསམ་གཏན་གཏན་ཚིགས་གཏམ། །གཏུན་བུ་ལག་གཏད་གཏུན་ཤིང་གཏུབས། །བརྡུང་གཏག་གཏོང་དང་གཏང་རག་གཏང༌། །གཏེར་མཛོད་ཡོངས་གཏམས་གཏོར་ཟན་གཏོར། །ནོར་གྱི་གཏའ་མ་གཏེང་པ་གཏའ། །གཏན་པ་མེད་པའི་སྦྱིན་གཏོང་གཏང༌། །གཏུམ་པོའི་ཞབས་གཏུགས་ཟད་པའི་གཏུགས། །ལྷ་ཆེན་གཏོགས་འདོད་གཞན་ལ་གཏོད། །འབེམ་ལ་གཏོད་དང་དམིགས་པ་གཏོད། །གཏི་མུག་གཏོལ་མེད་མཚང་ནས་གཏོལ། །ཁྲག་གཏར་ཆུ་གཏིགས་སེ་གོལ་གཏོགས། །བཅོལ་བའི་གཏམས་དང་གྲངས་ཀྱི་གཏམས། །སྒོ་གཏན་གཏིང་ཟབ་མུན་པ་གཏིབས། །གཏུར་བུ་སྤོས་གཏུལ་རི་བོའི་གཏོས།། མགོ་གཏུམས་མཐའ་གཏུགས་ཁོངས་སུ་གཏོགས། །གཏན་ལ་འབེབས་སོགས་གས་འཕུལ་ཏའོ། །སྒྲོ་བཏགས་མིང་བཏགས་ཁ་བཏགས་བཏགས། །སྤྱིར་བཏང་བློས་བཏང་སྔགས་བཏུ་བཏུས། །སྲོལ་བཏོད་གདན་བཏིང་ས་བོན་བཏབ། །བཏང་བཟུང་ཀླུས་བཏེག་གསོལ་བཏབ་བཏུད། །བཏག་སོ་རྒྱས་བཏབ་བཟའ་བཏུང་བཏུབ། །སྤུ་བཏོགས་རྩ་བཏོན་བཏགས་ཤིང་བཏུལ། །མགྲིན་པ་བཏེག་སོགས་བས་འཕུལ་ཏའོ། །མི་རྟག་རྟབ་རྟབ་དབང་རྟུལ་རྟགས། །མི་རྟོག་ཡིད་རྟོན་རྟོག་ལྡན་རྟོགས། །རྟག་ཏུ་རྟ་ལ་རྟེའུ་སྐྱེས་རྟིང༌། །རྟོལ་གོག་རྟིང་པ་རྟོད་པས་བཅིངས། །རུ་རྟས་ཉམས་རྟས་གནས་སུ་རྟོལ། །མོང་རྟུལ་རྟུལ་ཕོད་རྟེན་རྟེན་འབྲེལ། །མཆོད་རྟེན་རྟ་བབས་བྱ་མ་རྟ། །རྟ་ཐུལ་རྟ་དབྱངས་རྟོག་གེ་པ། །མི་གཙང་རྟུག་སོགས་རར་བཏགས་ཏའོ། །ལྟོས་འགྲོའི་ལྟག་པ་དེ་ལྟ་བུ། །ལྟོ་འཕྱེའི་ལྟེ་བར་ལྟད་མོ་ལྟ། །ལྟོ་བ་ལྟོ་ཡིས་ལྟིར་གྱིས་བཀང༌། །བུར་ལྟང་འགྲང་ལྟོགས་ད་ལྟ་ལྟོས། །ལྟར་སྣང་ལྟག་ཆོད་ལྟ་ལོག་གི །ལྟུང་བས་ལྟས་ངན་ལྟ་ཅི་སྨོས། །ལྟེང་རྒྱས་ལྟེང་ཀ་ལྟེམ་གྱིས་གང༌། །རེ་ལྟོས་ལྟ་ཞོག་མདའ་ཡི་ལྟོང༌། །ལྟར་ལྟར་ལྟེམ་རྐྱང་ལར་བཏགས་ཏའོ། །སྟོན་པའི་བཞུགས་སྟངས་བཀུར་སྟི་སྟོབས། །སྟེས་དབང་མུ་སྟེགས་བྱད་སྟེམས་ཀྱིས། ། མི་སྟོ་ལྟ་སྟངས་མེ་སྟག་སྟེགས། །སྟ་གོན་སྟོང་གྲོགས་ཤ་སྟག་བྱེད། །གཞོགས་སྟེགས་སྟངས་སྟབས་སྟ་ཟུར་སྟོན། །ཤིང་སྟག་སྟུག་ཁྲོད་སྟོབས་ཅན་སྟག །དགྲ་སྟ་སྟ་རེ་སྟེའུ་སྟོར། །སྟར་ཞུན་སྟར་གའི་སྟོན་མོ་སྟེར། །སྟོད་ལ་སྟན་དང་སྟུ་མ་སྟེན། །སྟོན་དཔྱིད་གང་སྟོང་ཡ་སྟགས་སྟོང༌། །སྟིམ་བྱེད་སོ་སྟོར་སྟོར་ཁུང་དང༌། །སྟང་ཟིལ་སྟབས་གཅིག་སྟར་བརྒྱུས་སྟེང༌། །སྟོང་པ་སྟོང་ཉིད་སར་བཏགས་ཏའོ། །བརྟག་དཔྱད་གནས་བརྟན་ཀུན་བརྟགས་བརྟགས། །ཡིད་བརྟན་བརྟད་པ་བརྟུལ་ཞུགས་བརྟན། །སྦུབས་བརྟོལ་བརྟུན་པ་སྤྱི་བརྟོལ་བརྟབས། །ཡོངས་འདུ་ས་བརྟོལ་བརྟག་པ་བརྟུལ། །བརྟེན་པ་ལ་བརྟེན་ཕུར་བུས་བརྟོད། །བས་འཕུལ་ར་མགོ་ལྡན་པའི་ཏའོ། །བལྟོས་ས་བལྟོས་ཆོས་བལྟར་རུང་བལྟས། །བལྟ་བྱ་སྐུ་བལྟམས་གོས་བལྟབ་སོགས། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །བསྟི་སྟང་བསྟུད་པའི་བསྟི་གནས་བསྟར། །ཐུབ་བསྟན་དང་བསྟུན་བསྟོད་འོས་བསྟེན། །བསྟང་བས་མ་བཟུང་བསྟན་བཅོས་བསྟན། །ཐག་བསྟུངས་སྣ་གཏད་འགྲོ་ཆས་བསྟད། །བསྟིང་ཚིག་བསྟིམ་པས་མི་བསྟོངས་ཀྱང༌། །བསྟིར་མེད་མངོན་བསྟོད་བྱིན་ལེན་བསྟབས། །བས་འཕུལ་ས་མགོ་ལྡན་པའི་ཏའོ། །
ཐུན་མོང་ཐུ་བོ་ཐ་གྲུ་ཆེ། །ཐུ་མི་ཐོར་ཅོག་ཐོར་ཚུགས་དང༌། །ཐ་མ་ཐ་ན་ཐྲིག་ཐྲིག་སྒྲ། །ཐུར་དང་ཐ་མལ་ཐ་རྐྱང་ངོ༌། །མཐོ་རིས་མཐའ་དག་མཐའ་ཀླས་མཐོང༌། །མཐར་ཐུག་ནུས་མཐུ་མཐུན་མི་མཐུན། །ལག་མཐིལ་མཐེ་བོང་མཐེ་འུ་ཆུང༌། །མཐོན་ག་མཐོན་མཐིང་མཐང་གོས་མཐུག །མཐར་གྱིས་རྟ་མཐུར་མཐོ་གང་མཐུད། །མཐོ་འཚམས་མཐོལ་བཤགས་མཐོ་ཡོར་མཐོ། །མཐོན་པོའི་རྒྱ་མཐོངས་མཐའ་འཁོབ་མཐའ། །མཐིང་རིལ་མཐིང་ཁ་མས་འཕུལ་ཐའོ། །འཐབ་མོར་འཐོན་ཡང་གྲོགས་སུ་འཐམས། །སྤྲིན་འཐིབས་ཆུ་འཐོར་འཐོར་འཐུང་དང༌། །བློ་འཐུམས་མགོ་འཐོམས་དུ་བ་འཐུལ། །སྲ་འཐས་འཐེམས་ནན་ནན་ཏན་འཐན། །ཆུ་འཐུངས་ཤ་ནས་འཐེན་ཞིང་འཐོག །སྨོད་ཚིག་འཐིང་སླད་འཐེན་པ་འཐད། །ཟས་ལ་འཐུ་འཐུས་ཕྱེ་མར་འཐག །ཞ་འཐེང་མལ་གོས་འཐེབ་ཀྱིས་འཐུམ། །དུམ་བུར་འཐུབ་སོགས་འས་འཕུལ་ཐའོ། །
གཞན་དྲིང་མི་འཇོག་བཀའ་དྲིན་དྲན། །དྲིལ་བུ་དྲི་མཆོག་དྲ་དྲ་ཕྱེད། །སྔ་དྲོ་ཕྱི་དྲོའི་དྲི་དྲིས་ལན། །དྲང་དོན་གཡུང་དྲུང་དྲང་སོང་དྲུག །ཁྲིམས་དྲལ་ལྕམ་དྲལ་ཟས་དྲངས་དྲོངས། །དྲང་པོའི་ཤིང་དྲུང་དྲེལ་དྲེའུ་རྔོག །མོན་དྲེ་སྨིན་དྲུག་མ་དྲོས་མཚོ། །དྲེག་ནས་དྲེག་པ་དྲི་མ་དང༌། །ཁ་དྲག་དྲག་ཤུལ་ས་ལ་དྲུད། །དྲོད་དང་དྲོ་བ་ཟན་དྲོན་དྲིལ། །དྲེད་ལྤགས་དྲས་དྲུབས་དྲེས་མས་དྲགས། །དྲེད་པོ་དྲུ་བུའི་དྲ་བར་དྲངས། །དྲིལ་བསྒྲགས་དྲ་མ་གནས་སུ་དྲོངས། །དྲེགས་པ་དྲུང་ཕྱུང་ཁ་ཡི་དྲོག །ནད་དྲག་དྭ་ཕྲུག་དྭ་བའི་འབྲུ། །ཐལ་བའི་དྲགས་སོགས་ད་རྐྱང་ངོ༌། །གདུགས་མེད་གདོང་པ་གདུགས་ཀྱིས་གདུངས། །གདོན་ལྟར་གདུག་པའི་གདོལ་པ་གདུལ། །གདམས་ངག་གསལ་གདབ་གདིང་བ་གདན། །གདུ་བུ་གདང་དང་གདུང་མར་གདགས། །གདུང་རུས་སྐད་གདངས་སྐས་ཀྱི་གདང༌། །གདུང་བརྒྱུད་གདུང་འཛིན་གསོལ་གདབ་གདོན། །གཉེར་གདམས་བཅོལ་གདམས་རྙེད་ལ་གདུ། །མིང་གདགས་སྙུན་གདངས་ས་བོན་གདབ། །ཁ་གདངས་མཚོན་གདེངས་གདོན་མི་ཟ། །ད་གདོད་སོས་གདལ་གདེང་ཐོབ་གདའ། །གདོས་པ་ཐུད་གདར་སྲང་ལ་གདེག །གདགས་པའི་བསྟན་བཅོས་གདམ་ང་བྱེད། །གདེངས་ཅན་གདུལ་བྱ་དམ་ལ་གདགས། །ཁྱབ་གདལ་གདོད་ནས་གདགས་གཞི་བྲལ། །གདེངས་ཅན་ཀུན་ར་གས་འཕུལ་དའོ། །བདག་བདེན་བདུད་བདུན་མདུན་དུ་བདར། །བདེ་བདོ་ཟས་བདའ་བདུག་སྤོས་བདུག །བདའ་དེད་བདག་པོས་བདའ་ཞིང་བདས། །བདེ་གཤེགས་བདེ་ལེགས་བདེན་པ་བདར། །གཞུ་བདུངས་བདོག་པའི་སྐྱེལ་བདར་བདོག །བདེན་གཉིས་བདུད་རྩི་ཕྱེ་མར་བརྡར། །ཕྱག་བདར་ཕྱི་བདར་བས་འཕུལ་དའོ། །མདའ་མདུང་མདེའུ་ལམ་མདོའི་མདོས། །མདུན་མདོངས་མདོག་མདངས་མདོར་བསྡུས་མདོ། །མདངས་སང་མདོང་གསོལ་ར་མདའ་དང༌། །མདུད་པ་ལ་སོགས་མས་འཕུལ་དའོ། །མྱ་ངན་འདའ་འདས་འདུན་པས་འདུད།། འདམ་ཁྲོད་འདུར་འདུར་འདོང་ཞིང་འདུག །འདོམ་དུས་རྗེས་འདེད་གསོལ་འདེབས་འདོན། །ལྷ་འདྲེ་ཤིང་འདྲུད་ཁུང་བུ་འདྲུ། །འདུ་བྱེད་འདུས་བྱས་འདྲེས་མ་འདྲ། །འདྲུལ་བའི་གཏམ་འདྲི་ཡི་གེ་འདྲི། ། འདྲིད་ཅིང་ཁྲིམས་འདྲལ་སྲོག་འདོར་འདར། །འདེགས་པ་འདི་འདོད་འདུལ་བས་འདུལ། །འདམ་བུའི་འདབ་མར་འདབ་ཆགས་འདུ། །རི་འདབས་འདོལ་སར་འདག་གུ་འདག །བློ་འདྲོགས་ཞབས་འདྲེད་འདྲད་ཅིང་འདྲུད། །འདྲེན་པས་ཆོས་འདོམས་དགེ་འདུན་འདུས། །འདོ་མེད་འདོམས་སུ་འདོམ་གང་འདོགས། །འདོད་ཆགས་འདུ་ཤེས་འདུ་འཛིར་འདྲིས། །འདྲེག་མཁན་འདེང་ཕྱིར་འདོ་རྟ་འདམ། །འདས་པོའི་འདད་ཀྱིས་འཁོར་འདབ་འདུམས། །མིང་འདོགས་ཆུ་འདལ་སྐྱོ་མ་འདལ། །འདག་ཆལ་གོ་འདུན་དེ་མ་འདྲོག །དྲི་མ་འདག་སོགས་འས་འཕུལ་དའོ། །གྲོང་རྡལ་ཐོག་རྡིབ་རྡོ་རྗེའི་རྡུལ། །རྡོ་རྡེའུ་རྡོག་པོ་རྡེག་ཀྱང་རྡུགས། །རྡུང་འཚོག་ཕེག་རྡོབ་ཆ་ལང་རྡེབ། །གློ་རྡེག་རྡབ་འཆལ་ལུས་རྡོས་ཆེ། །ལག་རྡུམ་གློ་རྡོལ་དབུ་བ་རྡོས། །གྲི་རྡོར་རྡོལ་ཆོས་རར་བཏགས་དའོ། །མཁའ་ལྡིང་འབྲུག་ལྡིར་ལྡབ་ལྡིབ་སྐད། །ལྡ་ལྡི་ལྡེ་མིག་ཡོད་པའི་ལྡན། །མགོ་ལྡོག་ལྟོ་ལྡིར་ལྡུར་ལྡུར་ལྡུགས། །སེང་ལྡེང་ལྡེམ་ལྡེམ་ལྡེར་བཟོའི་ལྡེབས།། ལྡོང་རོས་ངད་ལྡང་ལྡེ་གུ་བྱུག །འཇུག་ལྡོག་ལྡོབ་སྐྱེན་ཕྱིར་མི་ལྡོག །སྐོམ་ལྡུད་མེ་ལྡེ་མིང་གི་ལྡེ། །ལྡུམ་རའི་ལྡུམ་བུ་ལྡབ་ལྡོབ་དང༌། །བཅོམ་ལྡན་ལྡེམ་དགོངས་དྲིས་ལན་ལྡོན། །བསྐྱར་ལྡབ་ཉིས་ལྡབ་ལྷག་མ་ལྡས། །ལྡན་པའི་སོ་ལྡེག་མིག་ཀྱང་ལྡོངས། །ནེའུ་ལྡང་ལྡོམ་བུ་སྟན་ལས་ལྡང༌། །ལྡང་ཚད་ལ་སོགས་ལར་བཏགས་དའོ། །ཞེ་སྡང་སྡང་མིག་སྡིགས་མཛུབ་སྡིག །སྡར་མ་བདེ་སྡུག་དགེ་སྡིག་སྡོམ། །སྡིངས་ཀྱི་སྡོང་པོ་སྡོང་བུའི་སྡེ། །སྲོག་དང་སྡོ་ཞིང་སྡེ་ཚན་སྡེབ། །སྲོག་ཆགས་སྡོམ་སྡིག་སྡེར་མོ་རྣོ། །སྡོམ་པ་བསྲུང་སྡོམ་སྡོད་གནས་སྡོད། །སྡེབ་སྦྱོར་མཛེས་སྡུག་ནོར་སོགས་སྡུད། །སྡུམ་པར་མཆོད་སྡོང་སྡུམ་བུས་བསྐོར།། སྡེར་མའི་ཐུག་སྡོར་ལག་པས་སྡོམ། །བཀའ་སྡོད་སྡེ་སྣོད་སར་བཏགས་དའོ། །གྲི་བརྡར་བརྡེག་འཆོས་བརྡུང་བྱ་བརྡུངས། །ཁ་བརྡར་བླ་བརྡོལ་ཆལ་བརྡབ་བརྡབས། །རྔ་བརྡུང་བྲོ་བརྡུང་གོ་བྱེད་བརྡ། །ཆལ་མར་བརྡལ་ནས་བརྡུལ་ཞིང་བརྡེག །བས་འཕུལ་ར་མགོ་ལྡན་པའི་དའོ། །བལྡབས་ནས་བལྡག་པ་བལྡག་ཅིང་བལྡད། །བས་འཕུལ་ར་མགོ་ལྡན་པའི་དའོ། །བསྡུ་བྱ་བསྡུ་བསྡུས་བསྡུར་ནས་བསྡད། །ཉེས་བསྡམས་བསྡོམས་ནས་སྲོག་དང་བསྡོས། །འོག་བསྡོགས་ཉེར་བསྡོགས་གཞན་ལ་བསྡིགས། །གྲོགས་དང་བསྡོངས་བསྡེབས་སྣ་ཐག་བསྡོགས། །འགལ་བསྡུམ་བས་འཕུལ་སར་བཏགས་དའོ། །
ཕན་གནོད་གནས་སྐབས་གནང་བཀག་གནད། །གདོན་སྦྱིན་གནག་ཕྱུགས་གནམ་ལྟར་གནག ། གནས་བརྟན་ཉེར་གནས་གནས་ཁང་གནས། །གནོད་བྱེད་ཟིལ་གནོན་གནའ་མི་གནུབས། །ཞི་གནས་གནས་འགྱུར་གནས་ལུགས་རྟོགས། །གནངས་གཞེས་གནམ་རུ་རྐང་པས་གནོན། །ཞེ་གནོང་གནད་གཅོད་གནས་ངན་ལེན། །གནོད་གནས་ལ་སོགས་གས་འཕུལ་ནའོ། །མནལ་གཟིམས་མནའ་མ་འོག་ཏུ་མནན། །མནབ་རྩལ་དྲི་མནམ་མནར་མེད་མནར། །མནར་སེམས་ཟས་མནོག་མནོག་ཆུང་བ། །མནོལ་རིགས་མནའ་བསྐྱལ་ན་བཟའ་མནབས། །མནོ་བསམ་མནོས་སོགས་མས་འཕུལ་ནའོ། །རྣམ་ཤེས་རྣོན་པོའི་རྣལ་འབྱོར་རྣམས། །རྣམ་རྟོག་རྣམ་གྲངས་རྣམ་པ་མང༌། །རྣ་གཤོག་རྩེ་རྣོ་རྣལ་མའི་དོན། །ཁུག་རྣ་རྣག་ཁྲག་ཞིང་རྣང་མ། །ཚིག་ཕྲད་རྣམ་པར་རར་བཏགས་ནའོ། །སྣར་མ་སྣྲོན་སྣྲུབས་སྣག་ཚ་སྣུར། །སྣང་བ་སྣ་ཚོགས་སྣ་ཡི་སྣབས། །སྣམ་བུའི་སྣམ་སྦྱར་སྣལ་མའི་སྣེ། །བར་སྣང་སྣང་གསལ་སྣུམ་དྲི་སྣོམ། །ལམ་སྣར་སྣ་བོའི་སྣག་དབོན་སྣང༌། །ལྟར་སྣང་སྣ་མང་སྣྲེལ་ཞི་སྣོད། །ཡུག་སྣམ་སྣམ་ཕྲན་སྣ་མ་སྣེའུ། །སྣད་ཡར་སེར་སྣའི་སྣོན་མར་སྣོམས། །རྒྱབ་ཀྱི་སྣམ་ལོགས་སར་བཏགས་ནའོ། །བརྣག་སེམས་ལྟོ་ལ་བརྣན་ཡང་བརྣངས། །བརྣག་དཀའི་བརྣག་པས་མདུན་དུ་བརྣུར། །སྦས་པའི་བརྣོགས་དང་ངེས་བཟུང་བརྣན། ། བས་འཕུལ་ར་མགོ་ལྡན་པའི་ནའོ། །གནད་བསྣུན་མཚོན་བསྣུན་ནུ་མ་བསྣུན། །སྲོལ་བསྣུབས་གོང་འོག་བསྣོར་ཞིང་བསྣོལ། །མཚོན་བསྣམས་དུས་བསྣུར་ཞིབ་མོར་བསྣུར། །མཇུག་བསྣར་དྲི་བསྣམས་ནེམ་ནེམ་བསྣེམས། །མང་དུ་བསྣན་ནས་འདྲེས་པར་བསྣོས། །བས་འཕུལ་ས་མགོ་ལྡན་པའི་ནའོ། །
པང་པར་པར་བུ་པི་ཝང་འཛིན། །གཅིག་པུར་པིར་གྱིས་པ་ཏྲ་བྲིས། །པུ་ཤུའི་པུ་ཤུད་པུར་གྱིས་པུར། །པུཎྜརཱིི་ཀ་པི་པི་ལིང༌། །པ་ཤི་པདྨ་པ་ལ་ཤ། །པུས་བཙུགས་པོག་པོར་ག་པུར་འཐུལ། །པར་མའི་པོ་ཏི་པཎྜི་ཏ། །ཟེ་པྲོག་པྲོག་ཞུ་འོག་པག་དང༌། །པུར་ཁང་པར་ཏང་པོ་ཏ་ལ། །པུ་ས་ལ་དང་པུ་ཤེལ་རྩེ། །པ་སངས་པྲ་ཕབ་པྲི་ཡངྐུ༌། །པགས་པ་ལག་པོད་པོ་ཟོས་ཀྱང༌། །པར་གྱིས་འཕར་སོགས་པ་རྐྱང་ངོ༌། །དཔག་ཚད་རྗེས་དཔག་དཔག་བྱ་དཔོག །རྒྱལ་པོའི་དཔྱ་ཁྲལ་དཔྱང་ཐག་དཔྱངས། །དཔག་མེད་དམག་དཔུང་དཔུང་བུ་ཆུང༌། །དཔེར་ན་དཔེ་བྱད་དཔེ་ཆ་དཔེན། །རྣམ་དཔྱོད་རྟོག་དཔྱོད་བརྟག་དཔྱད་དང༌། །རྗེ་དཔོན་སློབ་དཔོན་སེམས་དཔའ་ཆེ། །དཔྱིད་དུས་དཔྲལ་བར་དཔྱི་མགོ་དཔྱོངས། །ཤིང་ང་དཔུང་བཅད་དཔུང་རྒྱན་དང༌། །དར་དཔྱངས་དཔངས་མཐོ་དཔག་བསམ་ཤིང༌། །དཔའ་བོ་དཔའ་བའི་དཔང་པོས་དཔོད། །གསོ་དཔྱད་དཔྱིས་ཕྱིན་དཔྱས་མི་འདོགས། །དཔལ་ལྡན་དཔང་ལོ་དས་འཕུལ་པའོ། །ཕ་སྤད་སྤུན་ཟླ་སྤང་བྱ་སྤངས། །སྤྲང་པོའི་སྤར་མོའི་སྤ་དབྱུག་སྤྲད། །སྤོས་སྤྲིན་སྤྲོ་སྤྲོས་ལོངས་སྤྱོད་སྤྱོད། །སྤང་སྤོས་སྤར་སྤོར་སྤེན་སྤྱིལ་སྤྲོ། །སྤེན་ཏོག་སྤུག་གིས་སྤུད་པས་སྤ། །གནས་སྤར་བྱ་སྤུར་གཞན་དུ་སྤགས། ། མགོ་སྤུ་སྤྲུག་སྤྲུག་ཐགས་ཀྱི་སྤུན། །སྤེའུའི་གཅེས་སྤྲས་སྤྱད་དངོས་སྤེལ། །སྤ་མ་སྤྲུ་མ་སྤྲ་བ་སྤུངས། །སྤྲ་ཆལ་སྤོད་དང་ཞོ་སྤྲིས་སྤགས། །འཐབ་མོ་སྤྲད་སྤྲོད་སྤྱོས་ནས་སྤྱུགས། །སྤྱི་སྒོས་སྤེལ་མར་འཕྲིན་སྤྲིང་སྤྲིངས། །མུན་སྤྲུལ་སྤོང་བ་སྤོངས་སྤྱོད་པ། །ཚུར་སྤྱོན་དཀའ་སྤྱད་ཆོས་སྤྱོད་སྤོར། །སྤྲོས་བྲལ་སྤྲུལ་པ་གཟའ་སྤེན་པ། །གོས་སྤོ་ཆུར་སྤྱིངས་སྤྲ་ཚིལ་སྤྱིན། །ཁེ་སྤོགས་སྤྱང་ཀི་སྤྲ་སྤྲེའུ། །སྤྱང་པོའི་སྤོབས་པས་དགེ་མི་སྤྱོམ། །སྤྱི་བླུགས་ཁ་སྤུབ་རྒྱན་གྱིས་སྤྲས། །སྤྱི་བོ་རྡུལ་སྤྲུགས་རྡུལ་གྱི་སྤབས། །སྤྱོད་པ་སྤ་བཀོང་རི་ཡི་སྤོ། །མིག་གི་སྤྱན་སོགས་སར་བཏགས་པའོ། །སྟག་ལྤགས་ལ་སོགས་ལར་བཏགས་པའོ། །
ཕང་པར་ཕུན་ཚོགས་ཕུན་ཚུགས་ཤིང༌། །ཕྲུག་གུ་དང་ཕྲད་རྡུལ་ཕྲན་ཕྲ། །བརྒྱ་ཕྲག་ཕྱང་ཕྲུལ་ཕྱལ་ཕྱང་ངེ༌། །ཕྱུག་པོའི་ཕྱིར་དུ་ཕྱོགས་བཅུར་ཕྱིན། །ཕྱག་དར་ཕྱི་སའི་ཕྱེ་མ་ཕྱེ། །ཕྱྭ་མཁན་ཕོངས་པས་ཕྱིང་རུལ་ཕྱར། །ཕྱི་བདར་གྱིས་ཕྱིས་ཕྱགས་མས་ཕྱགས། །ནམ་ཕྱེད་ཕྱེན་གཏོང་ཕྱི་རྡོ་ཕང༌། །དབང་ཕྱུག་དབུགས་ཕྱུང་སྒོ་ཕྱེ་ནས། །ཕྱགས་ལྷམ་ཕྲན་ཚེགས་ཕྲེང་བ་ཕྲོགས། །ཕྲ་མེན་ཕྲིན་ལས་ས་ཕྱོད་ཆེ། །ཕྱུགས་ཀྱི་ཕྲུ་མ་ཕྱེ་མ་ལེབ། །ཕྲུ་བའི་ཕྱིར་ཕྱུང་ཕྱག་གིས་ཕྱོར། །སྨིན་ཕྲག་ཕྱག་འཚལ་ཉིན་མཚན་ཕྱད། །ཕྲ་མ་ཕྲག་དོག་ཕྲག་པ་ཕྲལ། །ཕྱིན་ཆད་ཡིད་ཕྱུང་སུན་ཅི་ཕྱིན། །ཕྱིར་འབྲང་ཕྱིར་ཕྱོགས་ཕྱིན་ཅི་ལོག།། མི་ཕམ་ཚིག་ཕྲད་རྣམ་དབྱེ་ཕྱེད། །ཕྲུ་མ་ཕྱར་གཡེང་ཕ་རྐྱང་ངོ༌། །གཞན་ལ་འཕྱ་འཕྱས་འོད་འཕྲོ་འཕྲོས། །འཕྱི་བ་འཕྱེ་བོ་དུས་འཕྱི་འཕྱིས། །རྣམ་འཕྲུལ་སྒྱུ་འཕྲུལ་མདའ་འཕེན་འཕངས། །ནམ་འཕང་ཁྲི་འཕང་གོ་འཕང་འཕྲོག །མཚོ་འཕྱུར་དུང་འཕྱུར་ལམ་འཕྱུག་འཕྱུགས། །སྙིང་འཕྱོའི་འཕྱོན་མས་ཕྱེ་འཕྱར་འཕངས། །འཕོངས་ཀྱི་འཕག་འཕག་མགོ་ཐུམ་འཕུར། །འཕོང་གིས་གཞན་འཕམ་འཕལ་ཀ་འགྲིག །འཕྱན་ཞིང་འཕྱོ་ལྡིང་དར་འཕྱར་འཕྲལ། །འཕྲིན་འཕྲོད་འཆི་འཕྲས་སེམས་ལ་འཕྲང༌། ། འཕྲལ་བ་སྐྲ་འཕྱིངས་ཕྱག་དར་འཕྱག །འཕྱང་དང་འཕྱེ་བ་འས་འཕུལ་ཕའོ། །
བླ་མའི་བླ་ན་བླ་བྲེ་བྲེས། །བྱམས་པས་བྱད་བྱུར་བྱབས་པས་བྱེར། །བྲེ་ཡི་བྱེ་མས་བྲབས་པས་བྱང༌། །བྲན་གཡོག་བྱེས་བྱོན་བྱུག་པ་བྱིན། །བྱིས་པས་བྱ་རའི་བྱ་བ་བྱོས། །བྲམ་ཟེ་བྲག་རིའི་བྱང་དུ་བྱོལ། །བྱ་བྱིའུ་བྱི་བ་བྱི་ལའི་བྱད། །བྱོལ་སོང་བྲང་འགྲོའི་བྲང་བྱིལ་བྱིལ། །བླ་གབ་བླ་གོས་བླུས་ཀྱང་བླ༑ ༑བླུན་པོ་འདམ་བྱིང་བློ་བློང་བློང༌། །བྲོ་ནད་ཐབས་བྲལ་བྲོ་བོར་བྲོས། །བྱན་མོའི་བྱི་བོར་རང་བྱན་ཆུད། །བྱག་མཁན་བྲོ་གར་བྱེ་བས་བྲེལ། །སོས་བླད་ཆུ་བླུད་ཟས་བྲིམས་བྲོད། །བྱ་ནའི་ཡོ་བྱད་བྱུར་བུར་བླུགས། །ད་བྱིད་རོ་བྲོ་བྲ་བའི་བྲུན། །དོང་བྲུབས་ཆུ་བྲུག་བྲུ་བ་ཚ། །གོས་བྱེར་བཙོ་བླག་གོས་ཀྱིས་བྱིབས།། བླ་ཚེ་བྱང་བུར་བ་བླ་བྱུགས། །ཁས་བླངས་བླ་ཐབས་ས་བླས་ཁྲེར། །བློ་བྲིད་བླ་དྭགས་ཡི་གེར་བྲིས། །སྤུ་བྱི་ཆ་བྱད་གཟི་བྱིན་བྲི། །བྱི་བཞིན་བྲ་ཉེར་བྲ་ཕྱེ་བྱོ། །བྱུག་རིས་བྱ་བའི་བྱེ་བྲག་ལ། །རྒྱལ་བློན་བློ་མིག་བདེ་བླག་བྱེད། །བླང་དོར་བློན་འདེབས་བླ་བོ་ལ། །རབ་བྱུང་སྐྲ་བྲེགས་རྣ་བ་བླགས། །ལྟོ་གོས་བྲེང་བྲེང་བྱ་དགར་བྱིན། །སྨན་བླ་བྱང་ཆུབ་བླ་ན་མེད། །བྱིན་རླབས་བྱུ་རུ་བ་རྐྱང་ངོ༌། །དབྱེན་དང་དབྱེ་བྲལ་ཆོས་དབྱིངས་དབྱིབས། །དབྱེར་མེད་དབུ་མ་དབུང་དང་དབུས། །དབྱུ་གུ་དབྱིག་པ་དབྱུག་པ་དབྱུགས། །རྫིང་དབོལ་ཆུ་དབོ་སྐར་མའི་དབོ། །ཕྱིར་དབྱུང་སུན་དབྱུང་མཚོན་གྱིས་དབུག །དབུལ་པོས་དབུགས་དབྱུང་ནོར་མི་དབྲོག །ཚོན་དབྱི་དབྱིག་མོ་དབྱིག་དབྱིག་དབུར། །དབོན་པོས་དབྱངས་དབུལ་སྨ་མི་དབབ། ། དབྱིག་གཉེན་དབུ་ལ་གདུགས་ཀྱང་དབུབ། །དབང་བསྐུར་བྱིན་དབབ་གཏན་ལ་དབབ། །ལུང་དབོག་ནོར་དབོག་དབེན་སར་དབྲལ། །དབང་ཕྱུག་དབང་ལྡན་དབང་ཐང་དབྱར། །དབང་པོ་དབྱིག་མང་དབྲལ་དབྱེས་ཆེ། །དཔའ་རླབས་དབུ་བ་སྐྱོན་གྱིས་དབགས། །དབྲེ་བཙོག་ཁ་དབྲི་ཞེ་སའི་དབའ། །དབལ་ནི་ཤ་ཉམས་རྩེ་དྲོད་ཏོག །ཞ་ཉེའི་དབྱར་འདབ་དས་འཕུལ་བའོ། །རབ་འབྱམས་འབྱམས་ཀླས་འབྱུང་བཞི་འབྲུག །འབྲལ་མེད་དང་འབྲེལ་འབྲས་བུ་འབྲུ། །འབྲིང་པོ་འདམ་འབྱིང་འབྲུམ་ནད་འབྱང༌། །འབྲོག་གི་འབྲི་འབྲོང་རུས་ཀྱི་འབྲོམ། །འབྱུང་འགྱུར་ཚེ་འབྱིད་འདྲེད་པའི་འབྱིད། །སྐྲ་འབལ་འབེལ་གཏམ་སྒོ་འབྱེ་འབྱེད། །འབྲས་ཆན་ལྕེས་འབྱོག་ཆང་འབྱོ་འབྱངས། །འབྲོམ་སྟོན་འབྱོན་དུས་འབྲོས་ཤིང་འབྲང༌། ། འབྲུབ་ཁུང་ཁ་འབྱེད་འབྱོལ་ཞིང་འབྱེར། །མཚང་འབྲུའི་ཚིག་འབྱིན་ཚོན་འབྱུག་འབྱོངས། །ཁ་འབྲི་ཆུ་འབྲུབ་སྦྱར་བའི་འབྱར། །འབྱུང་པོའི་འབྱོར་པ་འས་འཕུལ་བའོ། །ཁྱི་རྦད་རྦབ་སྒྲིལ་ཁ་རྦད་ཆེ། །ནད་ཀྱི་སྐྱ་རྦབ་སྐྲ་རྦད་རྦོད། །རྦོད་མ་སྐྱེལ་སོགས་རར་བཏགས་བའོ། །ལྦུ་བ་ལྦ་བ་ལར་བཏགས་བའོ། །ནོར་སྦྱིན་གནོད་སྦྱིན་སྦྱིན་བདག་སྦྲོན། །སྦུན་པ་སྦངས་དང་སྦང་མས་སྦངས། །སྦུག་ཏུ་ནོར་སྦ་སྦས་སྦོས་སྦེད། ། ཉིས་སྦྲག་སྦྲ་འབུབས་སྦྲེལ་ནས་སྦྱར། །སྦྲེས་ནས་སྦུར་མར་མེ་སྦར་སྦོར། །ཆུས་སྦྲུས་ཟས་སྦྲུས་ཕྱོགས་གཅིག་སྦོམས། །སྦྲུམ་མ་ལྟོ་སྦོས་སྲོག་ཆགས་སྦྲེ། །ཕྱག་སྦལ་གྲོག་སྦུར་སྦལ་པ་སྦྲུལ། །གྲོགས་སྦྲན་སྦུངས་སྐྱེད་སྦུད་པའི་སྦུབས། །སྦྱིག་མོར་སྦྱིག་ཅིང་སྦེ་ག་སྦྱོང༌། །སྦྱག་ཚེ་ལུས་སྦྲིད་སྦ་འཁར་སྦོམ། །ཤ་སྦྲང་སྦྲང་མ་སྦྲང་དང་སྦྲགས། །སྦེད་བྱེད་གསེར་སྦྲམ་ས་ལེ་སྦྲམ། །སྦྱོར་བ་སྦྱང་བྱ་སྦྱོང་བྱེད་སྦྱངས། །དགེ་སྦྱོང་གསོ་སྦྱོང་གཙང་སྦྲ་སྦྱོར། །འདོམས་ཀྱི་སྦ་བ་སར་བཏགས་བའོ། །
རོ་མྱགས་མྱག་མྱོག་ནགས་མྱུལ་མྱུར། །ཉམས་མྱོང་མྱུ་གུའི་རོ་མྱང་མྱོས། །མྱང་འདས་མྱང་མྱང་མྱུག་མྱུག་དང༌། །མྱ་ངན་མྱ་ངམ་མ་རྐྱང་ངོ༌། །དམག་གི་ཉེས་དམིགས་དམངས་རིགས་དམན། །དམེ་པོ་དམུས་ལོང་དམིགས་བུ་མེད། །དམུ་རྒོད་དམུ་ཆུ་འདྲེ་སྲིན་དམུ། །བློ་དམུན་དམུས་བྱུང་བུ་གའི་དམིག།།གཙང་དམེ་འཛུམ་དམུལ་དམིགས་པ་གཏོད། །ལག་དམར་ཁ་དམར་ཁ་དོག་དམར། །ཉམས་དམས་དམོད་བཙུགས་དམོད་པ་འདོར། །དམྱལ་བ་གནས་དམའ་དམིགས་བསལ་དང༌། །མྱུག་མྱུག་དམྱུགས་སོགས་དས་འཕུལ་མའོ། །རྨད་བྱུང་རྨུགས་འཛིན་རྨི་ལམ་རྨིས། །རྨང་ནས་རྨོ་རྨོས་རྨོན་དོར་དང༌། །རྨོངས་རྨུགས་ཁྱིས་རྨུར་རྨུགས་པའི་རྨ། །རྨེན་པ་རྟ་རྨིག་སྒ་ཡི་རྨེད། །རྨོངས་བུ་རྨེག་མེད་སུན་པའི་རྨུས། །སེར་རྨེ་བསྲིས་རྨེ་ངོ་མཚར་རྨད། །རྨོ་མོ་བལ་རྨེལ་དྲིས་བའི་རྨས། །རྨ་བྱ་ཁམས་རྨྱ་བྱ་རྨྱང་བྱེད། །རྨོག་དང་དབུ་རྨོག་རར་བཏགས་མའོ། །སྨན་དང་སྨན་པའི་གཏམ་སྨྲ་སྨྲོས། །སྨིག་རྒྱུ་སྨག་རུམ་ཟོང་མིན་སྨར། །སྨན་ལྗོངས་སུག་སྨེལ་སྨྱག་ཤད་དང༌། །སྨྱུག་མ་སྨྱི་གུ་སྨྱིག་མ་སྨིན། །ཚེ་སྨད་སྨ་ཕབ་སྨད་རས་སྨོད། །མགོ་སྨྱུང་སྨྲང་དང་སྨྲེ་སྔགས་སྨྲས། །བུ་སྨད་མིང་སྨོས་སྨྱན་ཀ་བྱེད། །ངུར་སྨྲིག་རྣམ་སྨིན་སྨོས་ཅི་དགོས། །སྨྱུང་གནས་དུས་སྨྱུར་སྨྱོན་པ་སྨྱོ། །སྨོན་འདྲིན་དྲི་མེད་སྨོན་ལམ་སྨན། ། སྨིན་དྲུག་སྨལ་པོ་སྨིན་དྲུག་བུ། །སྨེ་བ་སྨུག་རྩི་ཁ་དོག་སྨུག །སྨ་ར་སྨིན་མ་སྨེ་ཤ་ཅན། །རྩིས་ཀྱི་སྨེ་བ་སར་བཏགས་མའོ། །
ཙབ་ཙུབ་མི་བྱ་ཙོག་ཙོག་པུ། །ཙན་དན་ཙཱུ་ཏ་ཙམ་པ་ཀ། །ཙ་ཀོ་ར་དང་ཙི་ཏི་མོ། །ནེ་ཙོ་དེ་ཙམ་དེ་ཙུག་ལགས། །ཙེ་ནེ་ཙེ་རེ་ཙ་རི་བ། །ཙཱ་རུའི་བཟའ་བ་ཙ་ན་ཀ། །ཙུག་ཙུག་སྒྲ་སོགས་ཙ་རྐྱང་ངོ༌༑ ༑གཙུག་ཏོར་སྤྱི་གཙུག་གཙང་ཁང་གཙང༌། །མི་གཙིགས་སྤྱོད་པ་གཙུག་ལག་ཁང༌། །གཙོད་རུས་གཙེས་ཤིང་གཙེར་བས་གཙེས། །མཆེ་གཙིགས་གཙུབ་ཤིང་གཙུབ་གཏན་གཙུབས། །གཙོ་བོ་གཙིགས་ཆེ་གཙགས་བུས་གཙགས། །གཙང་ཕྱོགས་གཙང་ཆུ་གས་འཕུལ་ཙའོ། །བཙན་པོ་བཀའ་བཙན་རྫོང་བཙན་དང༌། །བཙུན་མོར་བུ་བཙས་གྲུ་བཙས་བཙལ། །བཙུན་པ་མིག་བཙུམས་བཙོན་རར་བཙུད། ། གོས་བཙེམས་བཙག་དང་བཙོད་ཀྱིས་བཙོས། །བཙན་དུག་ཚགས་ཀྱིས་བཙགས་ཤིང་བཙིར། །བཙས་ཁྱེར་འབགས་བཙོག་བཙོ་བླག་མཁན། །མཐོ་བཙམས་རྡེག་བཅོག་བཙོག་པོ་རྡེག །བཙན་རྒོད་བཙན་ཐབས་གསེར་བཙོ་མ། །སྲོལ་བཙུགས་ཤིང་བཙུགས་སྒོག་བཙོང་བཙོངས། །བཙད་པོ་བཙས་མ་བས་འཕུལ་ཙའོ། །རྩ་ལག་རྩ་རྩེ་ཚོན་རྩི་རྩིང༌། །རྩི་མར་རྩི་ཤིང་རྩི་ཐོག་རྩྭ། །འཐབ་རྩོད་རྩེད་མོ་རྩེ་རྩེས་རྩེན། །ལྔས་རྩེན་སུམ་རྩེན་རྩིས་རྩིས་མཁན། །རྩིབ་མའི་རྩ་རྒྱུས་རྩིད་པ་རྩུབ། །ཁ་རྩང་རྩེ་རྒོད་རྩམ་རིན་རྩེག །རྩབས་གཅོད་རྩད་གཅོད་ཚེར་མའི་རྩང༌། །སྟོབས་རྩལ་འབད་རྩོལ་རྩོམ་པ་རྩོམ། །ཞོ་རྩབས་རྩབ་མོ་སེར་རྩའི་གོས། །རྩིག་པ་རྩིག་མཁན་འཁོར་ལོའི་རྩིབས། །རྩངས་པ་སྲོག་རྩོལ་རར་བཏགས་ཙའོ། ། བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ། །སྦྱིན་པ་སྩལ་བགྱི་བགྱིད་དུ་སྩལ། །སྩལ་དུ་གསོལ་སོགས་སར་བཏགས་ཙའོ། །བརྩོན་འགྲུས་སྙིང་བརྩེ་བརྩེ་བ་ཅན། །བརྩད་ཅིང་དྲིས་ནས་བརྩམ་བྱ་བརྩམས། །ཁང་བརྩེགས་བརྩིགས་ཤིང་བརྩི་བྱ་བརྩིས། །སོ་བརྩེ་ཧ་ཅང་བརྩེངས་པའི་གོས། །བས་འཕུལ་ར་མགོ་ལྡན་པའི་ཙའོ། །
ནགས་ཚལ་སྐྱེད་ཚལ་ཚི་གུའི་ཚིགས། །ཚོགས་པའི་སྡེ་ཚན་ལུས་ལང་ཚོ། །ཚོན་རྩི་ཕྲ་ཚོམ་ཚར་དུ་དངར། །ཐེ་ཚོམ་ཚམ་རྔམས་འཇུ་བྱེད་ཚྭ། །ཁང་པའི་ཚོམས་སོགས་ཚ་རྐྱང་ངོ༌། །ངོ་མཚར་མཚན་དཔེ་མཚོ་དང་མཚེའུ། །མཚེ་མ་མཚམས་བཅད་མཚན་གཞི་དང༌། །མཚན་ཉིད་མཚོན་བྱ་མཚན་མས་མཚོན། །ཕྱོགས་མཚམས་སྐྱོན་མཚང་མཚན་མོ་མཚར། །མཚུར་སྟོན་ཁ་མཚུལ་མཚལ་དང་མཚུངས།། རྒྱལ་མཚན་མཚའ་མེས་རྟ་མཚའ་ལུ། །མཛེས་སྡུག་ཁྱིམ་མཚེས་མཚེ་དང་མཚན། །མཚམས་མེད་ལ་མཚེར་དུར་མཚེད་མཚུན། །མཚོན་ཆའི་ཕྱག་མཚན་མཚོག་མར་འཕྱར། །མིང་གི་མཚན་སོགས་མས་འཕུལ་ཚའོ། །བློ་འཚབས་ཆུ་འཚག་ནང་དུ་འཚངས། །ཏེར་མཚིར་མེས་འཚིག་དུ་བ་འཚུབས། །ཟས་འཚེད་ལུས་འཚོ་འཚོ་བྱེད་འཚེངས། །འཚེ་མེད་འཚག་བཟང་འཚལ་མ་འཚལ། །ནོར་འཚོལ་ཕྱུགས་འཚོ་འཚོག་ཆས་འཚོང༌། །བརྡེག་འཚོག་ངལ་འཚོ་འོད་འཚེར་ཞིང༌། །བློ་དང་འཚམས་པར་སྐྱིན་པ་འཚབ། །གདུང་འཚོབ་འཚང་རྒྱ་ལོངས་པའི་འཚར། །ཕྱག་འཚལ་ཤེས་དང་ཆོག་པའི་འཚལ། །འཛོམས་པའི་འཚག་སོགས་འས་འཕུལ་ཚའོ། །
ཛ་རག་ཛ་ལང་ཛ་བོ་ཤིང༌། །ཛ་ཡ་ཅན་སོགས་ཛ་རྐྱང་ངོ༌། །དཔའ་འཛངས་མཛའ་བོའི་བང་མཛོད་མཛེས། །གནོད་མཛེས་མཛུབ་མོ་མཛོད་སྤུ་དཀར། །མཛོ་རྟའི་མཛེར་པ་མཛེ་ནད་དང༌། །མཛོལ་བུ་བསྲུང་བའི་མཛད་པ་མཛོད། །ཡ་རབས་མཛངས་སོགས་མས་འཕུལ་ཛའོ། །འཛིངས་པས་གོས་འཛར་ལག་པས་འཛིན། །འཛག་དང་འཛིར་བའི་སྣོད་འཛེད་འཛེམ། །འཛུར་ཞིང་སྒོར་འཛུལ་འཛེག་སྐས་འཛུགས། །བཞིན་འཛུམ་འཛིན་པ་སྣོད་དུ་འཛུད། །འཛམ་གླིང་དུ་འཛོམ་ནོར་འཛངས་འཛད། །འཛབ་བཟླས་སྐད་འཛེར་ནོར་བའི་འཛོལ། །འདུ་འཛི་ཆུད་འཛའ་རྡོ་ཡི་འཛེང༌། །འཁྲུགས་པའི་འཛག་འཛོག་འས་འཕུལ་ཛའོ། །ཀུན་རྫོབ་རྫུན་གྱི་རྫབ་རྫུབ་དང༌། །ཕྱུགས་རྫིའི་རྫོངས་སུ་རྫིའུ་བྱིན། །རྫིང་བུར་རྫུས་སྐྱེས་འདམ་རྫབ་རྫོག །རྫི་ཕྱོགས་རྫ་མའི་བུ་རྫི་དང༌། །རྫི་མེད་རྫི་མ་ཟིན་པའི་རྫོགས། །མཁར་རྫོང་ནོར་རྫས་རྫུ་འཕྲུལ་དང༌། །རྫོགས་སངས་རྒྱས་སོགས་རར་བཏགས་ཛའོ། །གཞན་གྱིས་མི་བརྫི་ཁྲོ་བོར་བརྫུས།། རལ་པ་གྱེན་བརྫེས་སྲོག་ཆགས་བརྫིས། །ཟན་བརྫིས་ཡུལ་གཞན་བརྫངས་པ་སོགས། །བས་འཕུལ་ར་མགོ་ལྡན་པའི་ཛའོ། །
ཝ་སྐྱེས་ཕ་ཝང་ཆུའི་ཝ་ཁ། །འགིའུ་ཝང་པི་ཝང་འཛུམ་ཝང་ཝང༌། །ཡིད་ལ་ཝལ་ལེ་ཝང་ལོང་དང༌། །ཝ་ཏ་ཡུག་སོགས་ཝ་རྐྱང་ངོ༌། །
ཞ་བོའི་ཞྭ་མོ་ཞ་རྐྱང་ངོ༌། །མཉམ་གཞག་གཞལ་བྱ་གཞལ་མེད་ཁང༌། །ཀུན་གཞི་རྣམ་གཞག་ནམ་གཞག་གཏན། །གཞོན་ནུ་གཞུང་བཟང་གཞའ་ཚོན་གཞུ། །གཞོགས་སློང་བདུད་གཞོམ་སྦོ་གཞོགས་ཀྱང༌། །གནས་གཞི་གཞོང་པ་གཡང་གཞི་གཞན། །མངག་གཞུག་ཁུ་བ་གཞིབ་ལ་གཞོལ། །གཞའ་གསང་གཞོངས་སུ་ལྕག་གིས་གཞུ། །གཞི་གྲུབ་གཞུང་ལུགས་བརྟག་གཞིག་གཞུག །གཞོགས་ཀྱི་ནད་གཞི་གཞང་འབྲུམ་གཞིལ། །གཞར་ཡང་གཞུར་མེད་ཡིད་གཞུངས་གཞོབ། །གཞིས་ཀ་གླུ་གཞས་འཚོ་ཞིང་གཞེས། །དྲན་པ་ཉེར་གཞག་བསྒྲིགས་པའི་གཞིབས། །གཞེན་བསྐུལ་ནང་གཞུག་གས་འཕུལ་ཞའོ། ། བཞག་ཟིན་བཞད་གད་བཞད་དཀར་བཞི། །བཞབས་ནས་སྐྲ་བཞར་བཞམས་བསྒོ་བྱེད། །གསོལ་བཞིའི་དགོངས་བཞེད་དེ་བཞིན་ཉིད། །བཞེངས་བཞུགས་འབྱོན་བཞུད་བཞོན་པ་ཞོན། །བཞོན་མ་བཞོ་བཞོས་བརླན་བཞའ་བཞོགས། །གཡོག་བཞུན་མར་བཞུ་བཞུར་ནས་བཞེས། །བཞིན་རས་མེ་བཞི་གྲོ་བྱི་བཞིན།། འདི་བཞིན་ཁུར་བཞེས་དཔང་ཆེ་བཞི། །བཞི་མཉམ་བཞག་སོགས་གས་འཕུལ་ཞའོ། །
ཟྭ་ཚོད་མི་ཟད་གཞན་ལ་ཟློ། །སྔགས་ཟློས་ཟློས་གར་ཟླ་བ་ཟླུམ། །ཟླ་གམ་ཟླས་དབྱེ་ཟློག་པ་དང༌།། ཟླ་གྲོགས་ལོ་ཟླ་མྱ་ངན་ཟློ། །བསྐྱར་བའི་ཟློས་སོགས་ཟ་རྐྱང་ངོ༌། །གཅན་གཟན་གཟིག་གི་གཟུགས་བརྙན་གཟིགས། །གཟའ་སྐར་འོད་གཟེར་གཟི་བརྗིད་གཟི། །རྔུལ་གཟན་ཕྲག་པར་གཟེད་ཅིང་གཟར།། གཟོང་གི་གཟེབ་ལ་གཟེར་བུ་གཟུགས། །གཟེགས་མ་གཟེགས་ཟན་གཟིར་བར་གཟས། །ད་གཟོད་དྲིན་གཟོ་ཆུད་མི་གཟོན། །གཟུ་ལུམ་གཟུང་འཛིན་གཟེག་ཆ་ཆུང༌། །ཟུག་གཟེར་ལ་གཟེམ་གཟིམ་མལ་གཟུད། །གཟེ་མ་ཚེར་མ་གཟང་རིང་གཟན། །གྲུ་གཟིངས་ཤ་གཟུག་ཟས་ཀྱི་གཟན། །ཕྱིང་གཟར་གཟར་བུ་དགང་བླུགས་གཟར། །གཟེང་བསྟོད་གཟི་མདངས་གཟོད་མའི་དུས། །རི་གཟར་གཟུགས་མོ་བྱི་ཐུར་གཟུགས། །གཟར་ཐག་གཟུངས་ཐག་གཟབས་ཀྱང་གཟགས། །གཟུངས་སྤོབས་གཟུངས་སྔགས་ཐུགས་གཟུ་བོ། །བསྒོ་བ་རྣར་གཟོན་གས་འཕུལ་ཟའོ། །བཟའ་བ་བཟའ་བཟས་བུད་མེད་བཟའ། །བཟའ་མི་བཟི་ཞིང་མ་བཟླུགས་ཀྱང༌། །ན་བཟའ་བཟང་པོ་ལག་པས་བཟུང༌། །བཟོ་བོས་ལྷུང་བཟེད་བཟེད་ཞལ་བཟེད།། བཟེ་ཆུང་མི་བཟད་ལས་ལ་བཟུར། །བཟོད་པ་ཚོགས་བཟླུམས་སྔགས་བཟླ་བཟླས། །མི་བཟློག་གཡུལ་བཟློག་མྱ་ངན་བཟླ། །གཅིག་ཏུ་བཟླུམས་སོགས་བས་འཕུལ་ཟའོ། །
འོངས་འོང་འོ་སྐོལ་འོན་པ་འུག་པ་འོན་ཅིག་འོས་པ་འོལ་ཁ་འུད་པོ་ཆེ་འོག་མ་འོན་ཏང་འོ་མ་འོབས་འོད་ཟེར་འོ་དོད་སོགས་འ་ཉིད་དོ། །
ཡི་རང་ཡི་ཆད་ཡི་དྭགས་དང༌། །མདའ་ཡབ་རྔ་ཡབ་ཡ་རྐྱང་ངོ༌། །གཡོར་མོ་གཡོ་གཡོས་གཡབ་མོ་གཡབས། །གཡོར་པོ་གཡུང་ཟ་གཡན་པ་དགབ། །གཡང་ས་མི་གཡོ་གཡུང་དྲུང་གཡང༌། །གཡེལ་མེད་གཡུར་ཟ་ཟས་གཡོ་གཡོས། །གཡང་གཞི་གཡོག་གཡོགས་གཡེར་མས་གཡིགས། །གཡི་ལྤགས་གཡར་ནས་གཡབ་གཡུག་གཡོབ། །གཡོན་མ་ལོག་གཡེམ་གཡེང་བས་གཡེངས། །གཡའ་སྒོག་སྐྱི་གཡའ་ལྕགས་གཡའ་གཡུ། །གཡུང་མོ་གཡོ་སྒྱུ་གཡེར་བག་གཡག །གཡས་གཡོན་གཡུལ་སྤྲོད་གཡུལ་ལས་གཡོག །མིག་གཡོར་ཁ་གཡལ་གཡར་ངོ་ཚ། །གཡར་ཁྲལ་གཡར་དམ་གཡར་ཁམས་དང༌། །སྣང་གཡེལ་གཡེར་ཁ་གས་འཕུལ་ཡའོ། །
ར་ལུག་རྭ་ཅོ་རྡུལ་དུ་རློག །མངོན་རློམ་རློམ་སེམས་བྱིན་རླབས་རློབས། །རློན་པ་རླག་བྱེད་འདོམས་ཀྱི་རླིག །རླབས་ཆེན་དབའ་རླབས་རླངས་པ་རླུང༌། །རླམ་ཁྱེར་ཁྲག་རླངས་རླན་རློན་ཆང༌། ། རླག་མོ་རླུགས་པ་ཁུང་བུའི་རླུབས། །དུད་འགྲོའི་རླིད་བུ་བས་འཕུལ་མེད། །བཅོམ་བརླག་ཚིག་བརླང་བརླག་བྱ་བརླག །བརླ་ཤ་ཆུས་བརླན་ཡ་མ་བརླ། །བློ་བརླུག་བརྟན་བརླིང་བྱིན་གྱིས་བརླབས། །གདོན་གྱིས་བརླམས་སོགས་བས་འཕུལ་རླའོ། །
ལྭ་ནི་གོས་ཀྱི་བྱེ་བྲག་ཡིན། །
ཤར་གྱི་ཤིང་ཁར་ཤང་ཤང་ཤི །ཤུལ་དུ་ཤིད་ཟན་ཤེལ་གྱི་ཤུབས། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །ཤུན་པགས་ཤམ་ཐབས་ཤུར་བུས་བཅིངས། །ཤེས་ལྡན་ཤིན་ཏུ་ཤུབ་བུ་སྨྲ། །ཤེན་པ་ཤྭ་འོད་ཤ་རྐྱང་ངོ༌༑ ༑བདེ་གཤེགས་གཤིས་ལུགས་དེ་བཞིན་གཤེགས། །གཤིན་པོའི་གཤགས་འབྱེད་གཤིན་རྗེ་གཤེད།། གཤེན་རབས་གཤང་དཀྲོལ་དབུ་སྐྲ་གཤོར། །གཤིས་ངན་གཡུལ་གཤོམ་གཤུང་དང་གཤེ། །མོ་གཤམ་གཤའ་མ་ཡིན་དུ་གཤའ། །གཤོར་གྱིས་ཆུ་གཤོ་ཤིང་གཤོག་གཤགས། །ཐོང་གཤོལ་གཤེག་ཅིང་འདབ་གཤོག་གཤིབས། །བརླན་གཤེར་བྲེས་གཤོར་འཕྲང་ལ་གཤོར། །གཤམ་གྱི་སྤང་གཤོངས་ཞིང་ས་གཤིན།། གཤོང་བུ་ལ་སོགས་གས་འཕུལ་ཤའོ། །མཛའ་བཤེས་དགེ་བཤེས་ལྷ་བཤོས་བཤམས། །སྡིག་བཤགས་ཕྱི་བཤོལ་བཤུལ་ལམ་བཤར། །བཤམ་བཤུམས་བཤལ་དྲུང་བཤུད་ནས་བཤགས། །བཤའ་ཚེ་བགོ་བཤའ་རི་དྭགས་བཤོར། །རྒྱབ་བཤུལ་པགས་བཤུས་བཤན་པས་བཤས། །མེར་བཤུར་ཆུས་བཤལ་བཤང་གཅི་བཤོ། མཁར་བཤིག་བྲེས་བཤར་འཕྲང་ལ་བཤོར། །སྦུབས་བཤངས་དཔེ་བཤད་བས་འཕུལ་ཤའོ། །
སངས་རྒྱས་སོར་མོ་སེན་མོ་སོ། །སིལ་སྙན་སིལ་སིལ་སེ་མོ་དོ། །ཚེ་སྲོག་སྲུང་ཞིང་འོད་སྲུང་སྲས། །སྲིད་པར་དྲང་སྲོང་སྲོལ་ཚུགས་སྲིད། །སྲོད་དུས་ས་སྲོས་སྲེ་ནག་སྲབ། །སྲིན་པོ་ལུས་སྲུལ་ས་སྲུང་བུ། །སྲུབས་ཀྱི་ལམ་སྲང་སྲིད་དུ་སྲིངས། །ཡིད་སྲུབས་ཀྱིས་སྲེག་སྲིང་མོར་སྲེད། །སྲུ་མོའི་སྲི་ཞུ་སྲིའུ་འི་སྲི། །སྲེ་མོ་སྲེག་པ་སྲིན་བྱ་སྲམ། །སྲིན་བུ་སྲོ་མ་སྲད་བུ་སྲ། །ཇི་སྲིད་དེ་སྲིད་སྲན་མའི་སྲུས། །བསྙེན་སྲིང་སྲེག་བྱེད་སྲེག་བླུགས་དང༌། །རྒྱལ་སྲིད་མུན་སྲིབས་རྟ་ཡི་སྲབ། །སྲུབ་ཤིང་སྲུབ་ཐག་འཇལ་བྱེད་སྲང༌། །སློབ་དཔོན་སློ་མ་སློབ་གཉེར་སླ། །སློབ་པ་སློབ་མར་སློང་མོ་སློང༌། །སླེ་བ་གྱེན་སློང་སློག་ཀྱང་སླེབ། །སླེ་ཏྲེས་སླུ་གུའི་ཆུ་སླ་མོ། །ཀུན་སློང་སླེ་ཡོན་བསད་པའི་སློ། །སླར་ཞིང་སླར་ཡང་སླུ་མེད་སླད། །སླེའུ་སློག་པ་ཕྱི་ནང་སློག །སླ་ངའི་སླད་རོལ་ཕྱོགས་སུ་སློན། །སླད་མར་སླད་ནས་དུག་རོ་སློང༌། །སྲ་བརྐྱང་བཏིང་སོགས་ས་ཉིད་དོ། །གསར་བུ་གསར་ནས་འཁར་གསིལ་གསོར། ། ཁ་གསག་གསོག་གསོབ་གསད་བྱ་གསོད། །གསང་སྔགས་སྙན་གསན་གསུང་རབ་གསུངས། །གསོང་པོའི་ཚིག་གསོལ་གསོལ་འདེབས་གསོན། །གསེར་མདོག་ནེའུ་གསིང་གསེག་མའི་གསེབ། །གསེབ་དང་གསའ་ཡིས་གསག་གསིར་ཏེ། །ཤིང་གསོམ་གསོར་གྱིས་གསིལ་ཞིང་གསེས། །གསས་མོ་གསོག་འཇོག་གསང་གཏམ་གསོང༌། །གསོ་རས་སྤུ་གསེད་གསེང་གི་གསུར། །གསུས་པ་གསོ་ཕྱིར་གསོལ་ཡང་གསུད།། སོ་གསོད་ལུས་གསིག་དྲིལ་གསིལ་གསུམ། །སྐད་གསང་གསེག་གཤང་གསེག་ཀ་ལི། །གསོན་པོ་སྙན་གསང་ཆུད་མ་གསོན། །འོད་གསལ་ནང་གསེས་དྲི་ཆུ་གསིལ། །གསལ་ཤིང་ཆུད་གསན་གས་འཕུལ་སའོ། །སྔོ་བསངས་འབགས་བསངས་ཚོགས་བསག་བསགས། །དམིགས་བསལ་སྐྱོན་བསལ་བསམ་བྱ་བསམས། །བསེ་ཁྲབ་བསོད་ནམས་བསོད་སྙོམས་བསོགས། །ཚེ་བསྲིང་བསམ་བློ་དྲིན་བསབ་བསབས། ། ཡོ་བསྲང་ནོར་བསྲི་རྒྱང་བསྲིང་བསྲིངས། །དྲི་བསུང་གིས་བསུས་བསེ་རུ་བསད། །བསྲུངས་པ་བསྲུང་བྱ་བསྲེག་བྱ་བསྲེགས། །བཟོད་བསྲན་བསྲོ་ཁང་ཞོ་བསྲུབས་བསྲེས། །བསོད་པའི་ཟས་བསྲེལ་རིང་བསྲེལ་བསྲིངས། །བྱ་བའི་བསྲལ་དང་སྒྲིབ་པ་བསྲབས། །བསེལ་བའི་བསོ་སྒྲ་ངལ་བསོས་བུ། །ཁ་བསུམ་རྗེས་བསུབས་བསེར་བུ་བསིལ། །ལྷ་བསངས་མེ་བསངས་སྐྱོ་བསངས་དང༌། །བློ་བསྲུན་བསམ་བསེའུ་སྦ་བསྲི་མེད། །བསང་གཏོར་ཞབས་བསིལ་ཞལ་བསིལ་བསྲོ། །བསླད་བྱ་བསླད་ནས་བསླུ་བྱ་བསླུས། །བསླང་བྱའི་ནོར་བསླངས་ཕྱོགས་སུ་བསླན། །བསླབ་བྱ་བསླབ་པ་གྱེན་དུ་བསླང༌། །འདོད་པའི་བསོད་ཉམས་བས་འཕུལ་སའོ། །
ཧྲལ་ཧྲལ་ཧྲུལ་ཧྲུལ་མིག་ཧྲིག་ཧྲིག །ཧྭ་ཤང་ཧགས་དང་གོས་ཀྱི་ཧྭ། །རྩབ་ཧྲལ་ལ་སོགས་ཧ་ཉིད་དོ། །
ཨ་ཀ་རུ་དང་ཨ་རུ་ར། །ཨུ་དུམྦ་ར་ཨུཏྤལ། །ཨོ་རྒྱན་ཨུ་མ་ཨནྡ་རྙིལ། །ཤིང་ཐོག་ཨ་མྲ་ཨེ་ལའི་འདབ། །ཨེ་ནྱ་ཡ་ན་ཨ་ཉིད་དོ།། །།

མཆན། དག་ཡིག་འདི་ནི་སེར་བྱེས་སློབ་གྲྭས་དཔར་(༡༩༨༧)བའི་དག་ཡིག་ངག་སྒྲོན་གྱི་རྩ་བ་གཞིར་བཟུང་སྟེ། ཤེས་རིག་པར་ཁང་གིས་དཔར་(༡༩༨༣)བའི་དག་ཡིག་ངག་སྒྲོན་རྩ་འགྲེལ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་(༡༩༩༠)བའི་དག་ཡིག་ངག་སྒྲོན་གྱི་རྩ་བ་དང་དེའི་འགྲེལ་བ། མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས་པའི་ངག་སྒྲོན་རྩ་འགྲེལ་དང་དེའི་ཡང་འགྲེལ་བཅས་གཤིབ་སྡུར་བྱས་ནས་བསྒྲིགས་པ་ཡིན།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་མེ་ཕོ་བྱི་ལོ་སྟེ་ཕྱི་ལོ་༡༤༥༦ལོར་བོད་ཡུལ་གཙང་གི་བཞད་མཐོང་སྨོན་རྫོང་གི་ཤར་ཕྱོགས་དཔལ་ཁང་ཞེས་པའི་ཁྱིམ་དུ་སྐུ་འཁྲུངས། འདས་ལོ་མི་གསལ་ཡང༌། ཀརྨ་མི་བསྐྱོད་རྡོ་རྗེ་(༡༥༠༧ – ༡༥༥༤)དང་དུས་མཉམ་དུ་བྱུང ཁོང་གིས་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་དང༌། སྐྱོགས་སྟོན་ལོ་ཙཱ་བ་ངག་དབང་རིན་ཆེན་བཀྲ་ཤིས་སོགས་དགེ་བའི་བཤེས་གཉེན་མང་པོའི་ཞབས་ལ་གཏུགས་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་ཅིང་མཁས་པ་ཆེན་པོར་གྱུར། ཁོང་གི་མཚན་གཞན་ལ་དཔལ་ཁང་ལོ་ཙཱ་བ་དང༌། དཔལ་ཁང་ཆོས་མཛད། དབྱངས་ཅན་སྙེམས་པའི་སྡེ། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་བཅས་ཞུའོ། །
རབ་བྱུང་དགུ་པའི་ས་ཕོ་ཁྱི་ཕྱི་ལོ་༡༥༣༨ ལོར་[བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ་]དང༌། རབ་བྱུང་དགུ་པའི་ཆུ་ཡོས་ཕྱི་ལོ་༡༥༤༣ ལོར་[ཚིག་རྒྱན་སྙན་ངག་གི་བསྟན་བཅོས་མེ་ལོང་རྒྱན་གྱི་དཔེར་བརྗོད་བཀླགས་པས་ཀུན་ཤེས་]བརྩམས་སོ། །ད་དུང་[སྙན་ངག་མེ་ལོང་གི་རྒྱན་གྱི་དཔེར་བརྗོད་རབ་གསལ་བཀླགས་པས་ཀུན་ཤེས་ལས་སྒྲ་རྒྱན་གབ་ཚིག་གི་རྟགས་སྐྱོན་སེལ་བ་དང་བཅས་པའི་རྣམ་བཤད་]དང༌། [མིང་གི་མངོན་བརྗོད་པདྨ་དཀར་པོའི་ཕྲེང་བ་]བཅས་བཞུགས་སོ། །
དག་ཡིག་ངག་སྒྲོན་གྱི་རྩ་བ་ནི་དཔལ་ཁང་ལོ་ཙཱ་བས་རྣམ་འཕྱང་ཞེས་པ། བོད་རབ་བྱུང་དགུ་པའི་ས་ཁྱི། ཕྱི་ལོ་༡༥༣༨ ཐ་སྐར་ཉ་བ་སྟོན་ཟླ་འབྲིང་པོའི་གྲལ་གྱི་ཚེས་བཅོ་ལྔ་ལ་མཛད། ཕྱི་ལོ་༡༩༣༧ ལོར་རྒྱལ་སྲས་ཞི་བ་ལྷ་གཉིས་པར་གྲགས་པའི་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ནས་ངག་སྒྲོན་གྱི་འགྲེལ་པ་[བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་]བརྩམས་གནང་བ་དང། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་ལགས་ནས་ォངག་སྒྲོན་གྱི་ཡང་འགྲེལ་サབརྩམས་གནང་མཛད་པ་བཅས་སོ། །

བརྒྱུད་སྐུལ།

མཆན་སྤེལ།