ཞང་ཞུང་ཆོས་དབང་གྲགས་པའི་རྣམ་ཐར་དང་གསུང་འབུམ་གྱི་དཀར་ཆག

ཞང་ཞུང་ཆོས་དབང་གྲགས་པའི་རྣམ་ཐར་དང་གསུང་འབུམ་གྱི་དཀར་ཆག

ཞང་ཞུང་ཆོས་དབང་གྲགས་པ་ནི། སྟོད་མངའ་རིས་སྐོར་གསུམ་ཞེས་གྲགས་པའི་ཆར་གཏོགས་པ། བོད་ཆོས་རྒྱལ་གྱི་གདུང་གིས་བཟུང་པའི་ཡུལ་གྲུ་ཞང་ཞུང་ཞེས་པར་གྲགས་པ་ལ་ཡབ་ཡུམ་རིགས་རུས་ཆོ་འབྲང་ཕུལ་དུ་ཕྱིན་པའི་རྒྱུད་དུ་རབ་བྱུང་བདུན་པའི་ཤིང་སྤྲེལ་༼སྤྱི་ལོ༡༤༠༤༽ལོར་སྐུ་འཁྲུངས། ཆུང་དུས་ཡི་གེའི་ཕྱི་མོ་སློབ་པ་ནས་བཟུང་བསླབ་པར་བྱ་བའི་ཆོས་གང་དང་གང་ལའང་སློབ་དཔོན་གྱི་ཞལ་ནས་ལན་རེ་གཉིས་ཐོས་ཙམ་གྱིས་ཚེགས་ཆུང་ངུས་ཐུགས་སུ་ཆུད། དེ་རྗེས་དབུས་སུ་ཕྱིན་ཏེ་རྗེ་རྒྱལ་བ་ཡབ་སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ།

 

མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་སུ་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། སྒྲ་ཚད་སྙན་ངག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད་པས།  ཟླ་མེད་པའི་མཁས་པ་ཀུན་གྱི་རྩེ་མོར་སོན་ཏེ་ཞང་ཞུང་ཆོས་དབང་གྲགས་པ་ཞེས་རྒྱལ་བ་འཇམ་དཔལ་སྙིང་པོའི་སློབ་མའི་ནང་གི་རྣམ་དཔྱོད་ཕུལ་དུ་བྱུང་བ་ཟུང་གི་ཡ་གྱལ་གྲགས་པར་གྱུར། དགུང་ལོ་སོ་ལྔ་པ་ས་རྟ༼སྤྱི་ལོ༡༤༨༣༽ལོར༼རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད༽མཛད། རྗེ་འདི་ཐ་སྙད་ཀྱི་གཙུག་ལག་མ་ལུས་པ་ལ་དབང་འབྱོར་བས་དགའ་ལྡན་པའི་བསྟན་འཛིན་ནང་ལ་སྙན་ངག་འདི་ལས་མཁས་པ་མ་བྱུང་སྐད། དེ་ནས་ནགས་ཤོད་སྦུས་མདའི་གདན་སར་ཕེབས་ནས་ལེགས་པར་བཤད་པར་དགའ་སྟོན་གྱིས་བློ་གསལ་གྱི་ཚོགས་སྐྱོང་བར་མཛད།  ཝིག་ཆོས་རྫོང་དགོན་བཏབ་ནས་འཕགས་ན་ལྷ་མཐོང་བ་དོན་ལྡན་ལ་ཕུལ། དགུང་ལོ་ང་ལྔ་པ་རབ་བྱུང་བརྒྱད་པའི་ས་སྟག༼སྤྱི་ལོ༡༤༥༨༽ལོར་ཐར་འདོད་སྐྱེ་བོའི་འཇུག་ངོགས་ཆབ་མདོ་བྱམས་པ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་པོའི་ཁྲི་ལ་མངོན་པར་འཛེགས་ཏེ་ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། གཞན་དགོན་སྡེ་ཆེན་པོ་གུ་རུ་དཔལ་འཁོར་གྱི་ཁྲི་ལ་ཞབས་པད་བཀོད་དེ་མཁས་པའི་བྱ་བ་རྣམ་གསུམ་གྱིས་བསྟན་འགྲོ་ལ་སྨན་པའི་མཛད་འཕྲིན་སྤེལ།   དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ས་གླང༼སྤྱི་ལོ༡༤༦༩༽ལོར་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས།   རྗེ་འདིས༼རྣམ་ངེས་འཐད་ལྡན༽གྱི་འགྲེལ་བཤད་དང་། ༼དུས་འཁོར་གྱི་བསྐྱེད་རྫོགས༽སོགས་མཛད་ཅིང་།  མཁས་གྲུབ་རིན་པོ་ཆེའི་དུས་འཁོར་ཊྰིཀ་ཆེན་རྩོམ་འཕྲོ་ལུས་པ་མཇུག་རྫོགས་པར་ཡང་མཛད།  གཞན་དག་སྙན་ཆིག་གིས་ཡོངས་སུ་སྤུད་པའི་ལྷ་དང་བླ་མའི་བསྟོད་པ། ༼རཱ་མ་ཎའི་རྟོགས་བརྗོད༽ལ་སོགས་པ་གངས་ཅན་བོད་ཀྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ལྟར་གྱུར་པའི་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ཡང་མང་པོ་མཛད།

དུང་དཀར་ཚིག་མཛོད་ཆེན་མོ་ལས་བཤུས།

ཞང་ཞུང་ཆོས་དབང་གྲགས་པའི་གསུང་འབུམ་གྱི་དཀར་ཆག་དྲྭ་ཐོག་ནས་གང་རྙེད་ཧྲག་བསྡུས་བཀོད་པ་ཡིན། ད་ལྟ་ཆ་ཚང་བ་མ་རྙེད།

 

བཅོམ༌ལྡན༌འདས༌རྗེ༌བཙུན༌བཞད༌པའི༌རྡོ༌རྗེ༌ལ༌བསྟོད༌པ༌ཚིགས༌བཅད༌།

ལོ༌ཙཱ༌བ༌རིན༌ཆེན༌བཟང༌པོའི༌རྣམ༌ཐར།

རཱ༌མ༌ཎའི༌རྟོགས༌བརྡོད།

ཞང༌ཞུང༌ཆོས༌དབང༌གྲགས༌པའི༌གསུང༌སྙན༌ངག༌ལེ༌ཚན༌གསུམ།

རཱ༌མ༌ཎའི༌གཏམ༌རྒྱུད༌ལ༌སྦྱར༌ཏེ༌བརྩམས༌པའི༌སྙན༌ངག༌གི༌འགྲེལ༌བ།

དུས༌འཁོར༌ཊཱིཀ༌ཆེན༌ལས༌ཡེ༌ཤེས༌ལེའུའི༌ཊཱིཀྐ།

ཊཱིཀ༌ཆེན༌དབང༌ལེའི༌སྨད༌ཆ།

དུས༌འཁོར༌ཊཱིཀ༌ཆེན༌ལས༌སྒྲུབ༌ཐབས༌ལེའུ༌འགྲེལ༌བཤད།

རྒྱལ༌པོ༌ཆེན༌པོ༌ར༌མ༌ཎའི༌གཏམ༌རྒྱུད༌ལས༌བརྩམས༌པའི༌སྙན༌ངག༌གི༌བསྟན༌བཅོས༌དྲི༌ཟའི༌བུ༌མོ༌རྒྱུད༌མང༌གི༌སྒྲ༌དབྱངས།

ཡུལ་གངས་ལྗོང་ཀྱི་སྙན་དངགས་པ་ཆེན་པོ་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱི་བསྟོད་ཚོགས་ཞེས་བྱ་བ་བཞུགས་སོ།

མཁས་གྲུབ་དགེ་ལེགས་དཔལ་བཟང་པོའི་བསྟོད་པ་བུང་བ་རྣམ་པར་རྩེན་པའི་རྒྱུད་མང༌།

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད་ལས་བརྩམས་པའི་དྲི་ཟའི་བུ་མོའི་རྒྱུད་མང་གི་སྒྲ་དབྱངས།

རྒྱལ་པོ་རཱ་མ་ཎའི་གཏམ་རྒྱུད།

ཤེས༌རབ༌ཀྱི༌ཕ༌རོལ༌ཏུ༌ཕྱིན༌པའི༌མན༌ངག༌གི༌བསྟན༌བཅོས༌མངོན༌པར༌རྟོགས༌པའི༌རྒྱན༌གྱི༌མཐར༌ཐུག༌པའི༌ལྟ༌བ༌ཐལ༌འགྱུར༌དུ༌འགྲེལ༌ཚུལ༌གནད༌དོན༌གསལ༌བའི༌ཟླ༌ཟེར། བྲིས་པོད། ཤོག་གྲངས། 522

ཀ རྗེ་བཙུན་ཙོང་ཁ་ཆེན་པོའི་བཀའ་དྲིན་དྲན་པའི་དད་པའི་ཆུ་ཀླུང་། 6

ཁ། དཔལ་དུས་ཀྱི་འཁོར་ལོའི་བཤད་པ་དང་མན་ངག་གི་བླ་མ་བརྒྱུད་པའི་གསོལ་འདེབས། 8

ག དཔལ་དུས་ཀྱི་འཁོར་ལོ་ཤེས་རབ་མ་དང་བཅས་པ་ལ་ཆེད་དུ་བརྗོད་པ་བདེ་ཆེན་ང་རོ། 7

ང་། རྗེ་བཙུན་མ་འོད་ཟེར་ཅན་མ་ལ་ཕྱག་འཚལ་བའི་ཚིགས་བཅད། 9

ཅ། རྣལ་འབྱོར་དབང་ཕྱུག་མི་ལ་བཞད་པའི་རྡོ་རྗེས་རས་ཆུང་རྡོར་བྲག་ལ་གདམས་པའི་གསང་བའི་མགུར་དྲུག་གི་དབང་བཤད། 11

ཆ། དཔལ་དུས་ཀྱི་འཁོར་ལོའི་ལམ་གྱི་རིམ་པའི་རྣམ་པར་གཞག་པའི་རགས་པ་ཙམ་བརྗོད་པ། 15

ཇ། དཔལ་གསང་བ་འདུས་པའི་ནང་གི་ཉེས་སྤྱོད་ཀྱི་མཆོད་ཕྲེང་འགྲེལ་པ། 6

ཉ། བྱ་བ་ངན་པ་ཐམས་ཅད་རྣམ་པར་འཐག་པའི་བསྟན་བཅོས་གནམ་ལྕགས་འཁོར་ལོའི་བསྡུས་དོན། 12

ཏ། མངོན་པར་རྟོགས་པའི་རྒྱན་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་ལ། 14

ཐ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ་གྱི་མཐའ་བཞི་སྐྱེ་འགོག་གི་སྟོང་ཐུན་ལ། 15

ད། སངས་རྒྱས་བཅོམ་ལྡན་འདས་ལ་ཟབ་མོ་རྟེན་ཅིང་འབྲེལ་བ་བྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་སྙིང་བསྡུས་ལ།7

ན། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སྡོམ་པ་མི་འདྲ་བའི་ཆོ་ག་དང་འབྲེལ་བསླབ་བྱ་མདོར་བསྡུས་ལ། 15

པ། ལྷུང་བཟེད་ཀྱི་ཚད་བརྗོད་པ་སོགས་ལ། 7

བ། དཔལ་དུས་ཀྱི་འཁོར་ལོའི་རིམ་པ་གཉིས་ཀྱི་སྨོན་ལམ་ལ། 3

མ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྨོན་ཤིས་ལ། 4

ཙ། ཞི་ལྷག་གི་རྣམ་གཞག་སྐལ་བཟང་མཛེས་རྒྱན་ལ། 5

 བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།