ལ་སྟོད་དིང་རི་ཆུ་ལྷོ་དགོན་ཕུག་གི་ལོ་རྒྱུས་མདོར་བསྡུས།

ལ་སྟོད་དིང་རི་ཆུ་ལྷོ་དགོན་ཕུག་གི་ལོ་རྒྱུས་མདོར་བསྡུས།
རྩོམ་པ་པོ། མཁྱེན་རབ་དམ་ཆོས།
ཉི་མའི་མཐའ་ཡི་འཁོར་ལམ་ལ།།
གཟའ་ཆེན་བརྒྱད་ལས་ཆེར་འཕགས་པ།།
གླིང་མཆོག་ལྷོ་ཕྱོགས་འཛམ་བུ་གླིང་།།
ཚེ་སྲོག་མཐའ་ཡས་འཚོ་བའི་གནས།།
སྒོས་སུ་རྡོ་རྗེ་གདན་གྱི་བྱང་།།
ཀེ་ལ་ཤ་ཡིས་བསྐོར་བའི་ཡུལ།།
སྤྱན་རས་གཟིཊ་ཀྱིས་གདུལ་བྱའི་ཞིང་།།
བྱང་སེམས་ཅན་གྱི་འགྲོ་བའི་གནས།།

རུ་བཞི་ནང་ནས་ལ་སྟོད་ལྷོ།།
མཐའ་བཞི་གནས་རིའི་བསྐོར་བའི་ཡུལ།།
བོ་དོང་བསྟན་པ་དར་བའི་ཞིང་།
ཆུ་ལྷོ་དགོན་ཕུག་ཆོས་ཀྱི་སྡེ།།

གནས་འདི་མཐུན་མིན་རང་བྱུང་བཀོད།།
རྩེ་ལ་རྫོང་རི་ལྷོ་བྱང་གཉིས།།
གཡས་རི་དར་དཀར་བརྐྱངས་པ་འདྲ།།
གཡོན་རི་དར་སྨུག་འཁྱིལ་པ་འདྲ།།

རྒྱབ་རི་གླང་ཆེན་འགྱིངས་པ་འདྲ།།
མདུན་རི་སེང་གེ་འགྱིངས་འདྲ་སྟེང་།།
མེ་ཏོག་ཚོམ་བུ་ག་སར་འཛུམ།།
སྐེད་ལ་རྭ་ལོའི་སྒྲུབ་ཕུག་གནས།།

དབུས་ན་གདན་ས་ཆོས་འཁོར་ཕུག།
ཤོད་ལ་གྲོང་ཁྱིམ་བཀོད་པ་མཛེས།།
མདུན་ན་ལྷ་མཚོ་ཡོན་ཆབ་འདྲ།།
ལྷ་མཚོའི་མུ་ཁྱུད་ནགས་ཀྱི་བསྐོར།།

མཛེས་སྡུག་ཡིད་འོང་ཆོས་འཁོར་ཕུག།།
དུས་རབས་བཅོ་ལྔ་མཇུག་ཙམ་ལ།།
གངས་ཅན་མཁས་པའི་གཙུག་རྒྱན་ཁྲོད།།
ལྷ་པར་རྩོམ་ལ་མངོན་བསྟོད་པར།།

བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི།།
ཁུ་བོ་བློ་གྲོས་དཔལ་ལྡན་སྲས།།
བཤེས་གཉེན་བློ་གྲོས་རྒྱལ་མཚན་གྱིས།།
དགོན་ཕུག་ཆོས་སྡེ་ཕྱག་བཏབ་གནང་།།

བསྟན་པའི་སྦྱིན་བདག་སྒྲོལ་མ་སྐྱབས།།
ད་ེདུས་དགེ་འདུན་ལྔ་བཅུ་ཙམ་།།
མ་གྲོས་བསམ་པ་གཅིག་མཐུན་གྱི།།
རྒྱུད་ཀྱི་གདན་ས་དེ་ཉིད་བཙུགས།།

ཨེ་མ་སྨད་བྱུང་དགེ་འདུན་རྣམས།།
བོ་དོང་རིང་ལུགས་འཛིན་པའི་མགོན།།
བརྩེ་བས་གདུལ་བྱ་རྗེས་འཛིན་ཕྱིར།།
དེ་ཉིད་འདུས་བསྟན་རྒྱས་པར་མཛད།།

བཤད་སྒྲུབ་ཟུང་འབྲེལ་ཆོས་ཀྱི་སྡེ།།
ས་གསུམ་མཛེས་རྒྱན་འདི་ན་བཞད།།
ལས་འགྲོ་ཅན་གྱི་དད་པའི་རྟེན།།
མགོ་ནག་བོད་མིས་མཆོད་པའི་ཡུལ།།

ཞིང་འདིའི་སྣོད་བཅུད་མ་ལུས་པ།།
མངོན་སུམ་མིག་གིས་མཐོང་པའི་ཚེ།།
འཆར་སྣང་མདོར་བསྡུས་བྲིས་པ་ཡིན།།
ནོར་འཁྲུལ་ཡོད་ན་དགོངས་འཆར་གནང་།།

 

 

བརྒྱུད་སྐུལ།

མཆན་སྤེལ།