དགའ་ལྡན་ཁྲི་རབས་གོ་དྲུག་པ་རྗེ་དྲུང ་ཐུབ་བསྟན་ཀུན་དགའ་མཆོག་ནི། གངས་བོད་ཀྱི་རྒྱལ་ས་ལྷ་སའི་ཉེ་འཁོར་དུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་སེར་བྱེས ་གྲྭ་ཚང་དུ་ཆོས་ཞུགས་མཛད། ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས་དགེ་བའི་བཤེས་གཉེན་དུ་བསྟེན་ནས་གཞུང་ཆེན་བཀའ་ པོད་ལྔར་གསན་བསམ་མཐར་ཕྱིན་པ་མཛད། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་དུ་ཚོགས་ལངས་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་དགེ་འདུན་ཕྲག་དུ་མའི་དབུས་སུ་གྲྭ ་སྐོར་དམ་འཇོག་མཛད། དེ་ནས་གསང་ཆེན་བསྟན་པའི་འབྱུང་གནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཕེབས་ཏེ ་རྒྱུད་སྡེ་ཁག་ལ་གསན་བསམ་དཔྱིས་ཕྱིན་པར་མཛ ད།
རིམ་བཞིན་རྒྱུད་པའི་དགེ་བསྐོས་དང་། བླ་མ་དབ ུ་མཛད། མཁན་པོ། བྱང་རྩེ་ཆོས་རྗེ་བཅས་སུ་རིམ་པར་ཕེབ ས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་ལས་སྔ་ཕྱ ིར་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ དབང་ཆེན་དང༌། སྔགས་བཏུས་རྗེས་གནང༌སོགས་དབ ང་རྗེས་གནང་ལུང་ཁྲིད་མན་ངག་ གང་མང་ཞུས། ༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་གི་ཞབས་དྲུང་ནས་ཀྱང་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆ ེན་སོགས་ཆོས་བཀའ་མང་དུ་གསན། ཕྱི་ལོ་ ༡༩༥༤ ལོར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཀྱི་དགའ་ལྡན་གསེར་ཁྲིར་ཕེབས། ལོ་དེའི་བོད་ཟླ་དང་པོའི་ཚེས ་བཅོ་ལྔའི་ཉིན་༸གོང་ས་༸རྒྱལ ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་ལ་ལྷ་ལྡ ན་སྤྲུལ་པའི་གཙུག་ལག་ཁང་གི་ ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ ་ཡོངས་འཛིན་གླིང་རིན་པོ་ཆེས ་མཁན་སློབ་སྦྲགས་མ་གནང་ནས་བ སྙེན་རྫོགས་དགེ་སློང་གི་བསླ བ་སྡོམ་འབུལ་སྐབས་ཁྲི་ཆེན་འ དི་ཉིད་ཀྱིས་དུས་གོ་བ་མཛད། ཕྱི་ལོ་ ༡༩༥༦ ལོར་སེར་བྱེས་མཁན་པོ་བློ་བཟ ང་དབང་ཕྱུག་གིས་གྲྭ་ཚང་གི་ཚ ོགས་གདན་དང་མཆོད་རྫས་ཟད་རྙི ང་རྣམས་གསར་བརྗེ་ལེགས་གྲུབ་ ཟིན་པ་དང་། བོད་ཟླ་ལྔ་པར་༸གོང་ས་༸སྐྱབས ་མགོན་ཆེན་པོ་མཆོག་དང༌། ཁྲི་ཆེན་རིན་པོ་ཆེ་འདི་ཉིད། སྐྱབས་རྗེ་ཡོངས་འཛིན་རྣམ་གཉ ིས། མཁན་ལས་ཟུར་བཅས་དབུ་བཞུགས་ཐ ོག་རབ་གནས་གནང༌། ལོ་དེར་བོད་དུ་རྒྱ་མིས་ཀྲུང ་གོ་ནང་བསྟན་མཐུན་ཚོགས་བོད་ ཡན་ལག་མཐུན་ཚོགས་ཞེས་པ་གསར་ དུ་འཛུགས་སྐབས་ཚོགས་གཙོ་དང་། དགའ་ལྡན་ཁྲི་པའི་མཚན་བཞེས་ཆ བས་ཅིག་ཏུ་མཛད་དེ། ས་ཕག་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་མ་བྱུང་བར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ ཆེན་མོའི་ཚོགས་དབུར་ཕེབས་པ་ དང༌། རྨེ་རུ་བྱང་ཆུབ་ལམ་རིམ་ཆེན་ མོའི་བཀའ་ཆོས་གནང་རྒྱུས་མཚོ ན་དགའ་ལྡན་ཁྲི་པའི་གནང་སྒོ་ཁག་འཐུས་ཚང ་གནང༌། ཕྱི་ལོ་ ༡༩༦༠ ལོར་རྒྱ་མིས་བོད་དུ་ལྷ་ལྡན་ཆོ་འཕྲུ ལ་སྨོན་ལམ་ཆེན་མོའི་དོ་དམ་ཨ ུ་ཡོན་ལྷན་ཁང་ཞེས་པའི་ཨུ་ཡོ ན་དུ་འདེམས་བསྐོ་བྱུང་བ་དང་། སྨོན་ལམ་དངོས་གཞི་ཚོགས་པའི་ རིང་དགའ་ལྡན་ཁྲི་ཆེན་འདི་ཉི ད་ཀྱིས་ཉིན་ལྟར་སྔ་དྲོར་གསུ ང་ཆོས་ར་བ་དང༌། ཉིན་གུང་སྐམ་ཚོགས་སུ་ཕེབས་ཏ ེ་གསུང་ཆོས་དང་བསྔོ་སྨོན་སོ གས་ཁྲི་པའི་གནང་སྒོ་ཁག་སྒོ་ཀུན་ནས་འཐ ུས་ཚང་གནང༌། སྔ་ཕྱིར་མི་ལོ་བཅུ་གཅིག་བར་དགའ་ལྡན་གསེར་ ཁྲི་བསྐྱངས་མུས་སུ་ལོ་དེའི་ བོད་ཟླ་ ༡༠ ཚེས་ ༢༤ ཉིན་དགོངས་པ་ཆོས་དབྱིངས་སུ་ གཤེགས་པ་བཅས་ཀྱི་རྣམ་ཐར་མདོར་བསྡུས་སོ།།