༡༽ བོད་སྨན་མཁས་པ་མི་དགུའི་ནང་ཚན་ཆེར་རྗེ་ཞིག་པོའི་རྣམ་ཐར།
བོད་སྨན་མཁས་པ་མི་དགུ་ཞེས་པ་ནི། སྟོད་ན་ཆེར་རྗེ་ཞིག་པོ་དང་། འུག་པ་ཆོས་བཟང་། བི་བྱི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ་དང་། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང་དང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་གསུམ་བཅས་སོ། །ཆེར་རྗེ་ནི། ལྷ་རྩེ་མང་མཁར་གྱི་གཞུང་དུ་སྐུ་ འཁྲུངས། མང་མཁར་གྱི་གཞུང་ན་ཆེར་རྗེའི་གུ ང་ཞེས་པ་མཁར་དང་བཅས་པ་ཡོད། དེར་ཆེར་རྗེ་ཏི་པང་དང་། ཇོ་ནག འཕན་ཕྱུག རྟག་རྟོག་རྒྱལ་པོ་ལ་སོགས་པ་མཁས་ པ་མང་དུ་བྱོན།
ཆེར་རྗེ་ཞང་སྟོན་ཞིག་པོའམ་ཐུགས་ རྗེ་ཁྲི་འོད་ཅེས་པ་ནི། ལོ་ཆེན་རིན་ཆེན་བཟང་པོའི་སློབ་ བརྒྱུད་གྲས་ཀྱི་སྔ་རབས་སྨན་བླ་ ལྟ་བུ་བཅུར་གྲགས་པའི་ནང་ཚན་སྨན་ དཔྱད་དཔྱིས་ཕྱིན་པར་མཁྱེན་ཅིང་། 《ཤིས་བྱ་སྤྱིའི་ཁོག་འབུགས་རྒྱལ་ མཚན་རྩེར་འབར་》དང་། 《ས་བཅད་དོན་འཁྲིགས་འབྱེད་པའི་ལྡེ འུ་མིག་》 《དཀའ་ཚོམ་གེགས་སེལ་གནམ་ལྕགས་འཁོ ར་ལོ།》 《ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་ མུ་ཏིག་གི་ཕྲེང་བ་》རྒྱས་བསྡུས་ གཉིས། སྐྱིད་སྨད་ཁོལ་མའི་ཞང་སྟོང་འདུ ལ་བ་སོགས་ཀྱི་དོན་དུ་ལག་ལེན་ དམར་འཁྲིད་རྒན་མོ་མཛུབ་ཚུགས་ཀྱི ་ཚུལ་དུ་འཆད་པ་《བདུད་རྩི་ཐིགས་ པ་》རྣམས་བརྩམས། གཞུང་ལ་ནག་མཆན་ལེགས་པར་བཏབ། སློབ་མ་བདེ་བ་དཔལ་དང་། ཡོན་ཏན་རྒྱ་མཚོ། གཙང་སྟོད་དར་མ་མགོན་པོ་སོགས་དུ་ མ་བྱུང་། དེ་དག་གི་བརྒྱུད་འཛིན་བོ་དོང་རོ ག་ཚོའི་སྐོར་ན་མང་བར་གྲགས། དར་བྱེད་ལྔ་བཅུ་རྩ་བརྒྱད་ཀྱི་ མཛད་རྗེས་དྲངས་སྐབས། ཆེར་རྗེ་ན་གུས་མོ་ནད་སྒོས་བཅོས་ དར། ཞེས་གསུངས། མང་མཁར་གྱི་གཞུང་ན་ཆེར་རྗེའི་གུ ང་ཞེས་པ་མཁར་དང་བཅས་པ་ཡོད།
ཆེར་རྗེ་ཞང་སྟོན་ཞིག་པོའམ་ཐུགས་
༢༽ བོད་སྨན་མཁས་པ་མི་དགུའི་ནང་ཚན་བི་ བྱི་ལེགས་མགོན་གྱི་རྣམ་ཐར།
བོད་སྨན་མཁས་པ་མི་དགུ་ཞེས་པ་ནི། སྟོད་ན་ཆེར་རྗེ་ཞིག་པོ་དང་། འུག་པ་ཆོས་བཟང་། བི་བྱི་ལེགས་མགོན་གསུམ། བར་ན་གཡུ་ཐོག་མགོན་པོ་དང་། མི་ཉག་རོང་རྗེ། བྲང་ཏི་རྒྱལ་བཟང་གསུམ། སྨད་ན་གཉའ་པ་ཆོས་བཟང་དང་། མཐའ་བཞི་དར་པོ། སྟོང་པ་གྲགས་རྒྱལ་གསུམ་བཅས་སོ། །ཁོང་ནི་ལྷ་རྩེ་བི་བྱིར་འཁྲུངས། སྔར་རྒྱལ་པོ་ཐོ་ཐོ་རི་སྙན་བཙན་ གྱི་སྐབས་འཕགས་ཡུལ་ནས་ཕེབས་པའི་ སྨན་པ་དགའ་བྱེད་བི་བྱིའི་རྒྱུད་ པ་ཡིན་པ་དང་། སྡེ་སྲིད་རིན་པོ་ཆེའི་ཁོག་འབུ གས་ཤོག་གྲངས་ ༧༨ན༤ ནང་ག་ལེས་ནོས་རྗེའི་བླ་སྨན་དུ་ བཞུགས། ཕལ་ཆེར་ལྷ་སར་སྟན་(གཏན་)ཆགས་ཤི ང་། བསྟན་བཅོས་ཀྱང་དུ་མ་བརྩམས་པར་ གྲགས། ཡུམ་ཁབ་ཏུ་བཞེས་པར་སྲས་གསུམ་བྱུ ང་བའི་ཆེ་བ་གཙང་སྟོད་དུ་བཏང་བས་ བི་ཇི་སོགས་ཀྱི་རྒྱུད་པ་དར་ཞེས་ དང་། ཡང་ཤོག་ཙན་པ་ཤི་ལ་ཧ་དེས་ཕྱིས་བོ ད་དུ་སྲིད་བསྐྱངས། བི་ཇིའི་རྒྱུད་པ་ཤོག་གྲངས་ ༨༠བ༣ སྔར་བྱུང་གྲུབ་རུང་འདི་ནས་འཕེལ་ བར་གྲགས། སློབ་བརྒྱུད་ལ་ཞང་དང་། སྟོང་དང་། བྲང་ཏི་གསུམ་གྱིས་གཙོས་དུ་མར་ འཕེལ། ཞེས་གསུངས་པས་བི་བྱི་དང་བི ་ཇི་གཉིས་ཀ་དོན་གཅིག་ཡིན་པས་ཡི་ གེ་དག་པ་ནི་བི་བྱི་ཡིན་པར་སེམས། གཡུ་ཐོག་པ་ནི། གསར་རྙིང་གཉིས་བྱུང་བ་མཁས་པ་མི་ དགུའི་སྐབས་གཡུ་ཐོག་གསར་མར་བཞེ ད། རྣམ་ཐར་གཤམ་དུ་གསལ་ལོ།།
༣༽ བྲང་ཏི་འཇམ་དཔལ་བཟང་པོའི་རྣམ་ ཐར།
ཁོང་ནི་ལྷ་རྩེ་བི་ཇི་སྨན་པའི་རྒྱུ ད་པ་རྒྱལ་མཉེས་མཁར་ཕུག་ནས་བཟུང་ བརྒྱུད་པ་བར་མ་ཆད་པར་བྱུང་བའི་ ནང་ནས་ཡབ་བྲང་ཏི་བསོད་ནམས་འབུམ་ གྱི་སྲས་ཡིན་ཅིང་། འཁྲུངས་ལོ་གསལ་བ་མ་མཐོང་ཡང་སྡེ་ སྲིད་ཁོག་འབུགས་ནང་། བྲང་ཏི་འཇམ་དཔལ་བཟང་པོ་གཞོན་ནུ་ ནས་ཤེས་རབ་དང་ཐུགས་སྟོབས་ཆེ་བས། ཀརྨ་པ་ཀྴིས་(1)ཀྱང་བྱང་ཆུབ་སེ མས་དཔའ་འགྲོ་བ་ལ་ཕན་པ་རྒྱ་ཆེར་ མཛད་པ་ཞིག་འོང་ཞེས་གསུངས་པའི་སྐོ ར་འདུག་པས། ཕལ་ཆེར་དུས་རབས་བཅུ་གསུམ་པའི་སྐ བས་སུ་ཡིན། བྲང་ཏི་འཇམ་དཔལ་བཟང་པོས་ཡབ་ཀྱི་ དྲུང་ནས་བརྒྱད་པ་རྩ་འགྲེལ་དང་། སྨར་བྱང་མ་བུ། ཨ་ཙརྱའི་གསོ་དཔྱད་སྐོར་གསུམ་ལ་ སོགས་པའི་བཤད་སྐོར་མན་ངག་ཕྱག་ལེ ན་གསན། སྒོ་བཞི་རེ་ཐང་དུ་གཡུ་ཐོག་འཇམ་ དཔལ་དང་མཇལ། རྒྱུད་བཞི་ཆ་ལག་བཅས་པ་དང་གཡུ་ཐོ ག་པའི་ཕྱག་ལེན་མན་ངག་རྣམས་ཞུས་ ཤིང་ཐུགས་སུ་ཆུད། གཞན་ཡང་རྩིས་ཕུ་བྱ་མོ་ཁུད་དུ་ལྗ ང་སྨན་པ་ཡེ་ཤེས་བཟང་པོ་ཡུན་རིང་ དུ་བསྟེན་ནས་ཡན་ལག་བརྒྱད་པ་ལ་ མཁས་པར་སྦྱངས་པས་མཚོན། བོད་དུ་གྲགས་པའི་གསོ་དཔྱད་ཕལ་མོ ་ཆེ་ལ་དབང་འབྱོར་བས། མཁས་པའི་མཆོག་ཏུ་གྲགས་ཤིང་། རྗེས་སུ་ས་སྐྱར་བླ་མ་བདག་ཉིད་ཆེ ན་པོས་གདན་སར་སྤྱན་དྲངས། བརྒྱད་པའི་འཆད་ཉན་བཙུགས། བརྒྱ་ཚོ་ཕྱེད་ཀྱི་གོ་ས་དང་། བླ་སྨན་གྱི་མཐིལ་མཛད། དུས་ཚེས་ལ་རྒྱུད་དང་བརྒྱད་པ་ལག་ ལེན་པོ་ཏི་རྣམས་མ་ཆག་པར་གསུངས་ པ་སོགས་གཞན་དོན་ཁོ་ནས་དུས་འདའ།
བཀའ་རྩོམ་ནི། སྡེ་ཚན་ལྔ་འགྲེལ་ལམ་ཕྱི་མ་རྒྱུ ད་ཀྱི་སྦྱོར་ཚད་ཡོད་པ་《ལག་ལེན་ པོད་ཆུང་》དུ་གྲགས་པ་ཚད་ལྡན་སྦྱོ ར་བའི་ཁུངས་སུ་བྱེད་ཅིང་། ཕལ་ཆེ་བ་གཡུ་ཐོག་ལག་ལེན་པོད་ཆུ ང་དང་འཁྲུལ་གཞི་ཡོད་པ་དང་། བྱ་འདྲེའི་བཅོས་རྣམས་མཛད། མདོར་ན་བྲང་ཏི་འཇམ་དཔལ་བཟང་པོས་ སྐུ་ཚེ་གཅིག་གི་རིང་གདུལ་བྱ་རྣ མས་ཀྱི་བློའི་མུན་པ་སེལ་བར་ནུས་ ཤིང་། རྟོགས་པ་སླ་བའི་རྩོམ་གྱིས་རྗེས་ འཇུག་ཚོའི་བློ་གྲོས་རྒྱས་པར་བྱེ ད་པ་ལ་སེར་སྣ་དང་། དཔེ་མཁྱུད་མེད་པར་སློབ་མ་ལ་ནན་ ཏན་དུ་མཛད་པས་སྨན་པའི་སྨན་པར་གྲ གས་པ་དང་། ནད་པ་ཕོངས་པ་དང་མགོན་མེད་ཁོ་ན་ ལ་གཟིགས་ཤིང་། སྨན་ཟས་སྦྱིན་པས་དེ་ཁུལ་གྱི་སྐྱེ ་བོ་ཐམས་ཅད་ཀྱིས་མཐུན་པར་བྱང་ཆུ བ་སེམས་དཔའ་ཡིན་ཞེས་བསྔགས་པ་བརྗོ ད། དགུང་ལོ་ལྔ་བཅུ་ང་དགུ་ལ་ཕེབས་དུ ས་སྐུ་གཤེགས་སོ།།
བཀའ་རྩོམ་ནི། སྡེ་ཚན་ལྔ་འགྲེལ་ལམ་ཕྱི་མ་རྒྱུ
༤༽ བྲང་ཏི་རྒྱལ་བ་བཟང་པོ་རྣམ་ཐར།
བྲང་ཏི་འཇམ་དཔལ་བཟང་པོའི་སྲས་ བགྲེས་པ་ཡིན་པས་མཚན་གཞན་ལ་བྲང་ ཏི་ཤིང་རྐང་ཡང་ཞུ། འཁྲུངས་ལོ་མི་ཤེས་ཀྱང་། རང་གི་ཡབ་དང་བི་ཇི་དཔལ་མགོན་སོ གས་བསྟེན་ནས་གཞུང་མན་ངག་ཕྱག་ལེ ན་རྣམས་ཐུགས་སུ་ཆུད། གཡུ་ཐོག་འཇམ་དཔལ་གྱི་སྲས་གཡུ་ཐོ ག་འཚོ་བྱེད་ཀྱི་སྤྱན་སྔར་བྱོན་ ནས་རྒྱུད་བཞི་ཆ་ལག་དང་བཅས་པ་དང་ ། ལག་ལེན་པོད་ཆུང་ལ་སོགས་པའི་ གདམས་པ་དུ་མ་གསན། སྒོ་བཞི་རེ་ཐང་དུ་བཤད་གསར་ལ་བྱོ ན་པར་གཞན་རྣམས་ཁྲི་ཆུང་ལོགས་སུ་ ཡོད་པའི་སྟེང་ནས་བཤད་པ་བྱ་དགོས་ ཀྱང་། དཔོན་འཚོ་བས་ཁྱེད་གནང་རིགས་ཀྱི་ སྨན་པ་གཞན་དང་མི་འདྲ་བས་གཡུ་ཐོ ག་པ་རང་གི་ཆོས་ཁྲི་ནས་གྱིས་ཞེས་ གསུངས་ནས་སློབ་མ་མང་པོར་སྨན་གཞུ ང་གི་བཀའ་ཁྲིད་གནང་། སླར་བྱོན་ནས་ཡབ་ཀྱི་གདན་ས་དང་། ས་སྐྱའི་གདུང་བརྒྱུད་ཁུ་དབོན་གྱི ་བླ་སྨན་སྔར་མུས་ལྟར་བསྐྱངས། སྟོད་སྨད་ཀྱི་སློབ་མ་དུ་མ་ལ་གཞུ ང་མན་ངག་ཕྱག་ལེན་ལེགས་པར་གནང་། དམ་པ་དེ་ཉིད་ཐུགས་དགེ་ཞིང་ཡོན་ ཏན་རྒྱ་ཆེ་ལ། སེར་སྣ་མེད་པས་སློབ་མ་མགོ་ཐོན་ ཤིན་ཏུ་མང་པོ་བྱུང་བ་ཡིན་ནོ།།
༥༽ བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་རྣ མ་ཐར།
ཁོང་ནི་བྲང་ཏི་རྒྱལ་བ་བཟང་པོའི་ གཅུང་པོ་ཡིན་པས། གཞོན་ནུའི་དུས་ ནས་རབ་ཏུ་བྱུང་བས་དཔལ་ལྡན་འཚོ་ བྱེད་དུ་གྲགས། དེས་རང་ཉིད་ཀྱི་གཅེན་པོ་དང་། ཕག་སྟོན་ཤཱཀྱ་མགོན་པོ་ཡུན་རིང་ དུ་གུས་པས་བསྟེན་ནས་རྒྱུད་བཞི་ ཆ་ལག་འགྲེལ་ཏིག་ཕྱག་ལེན་དང་བཅས་ པའི་ཚིག་དོན་རྫོགས་པར་ཞུས། ཐོས་ལོ་ཙམ་མ་ཡིན་པར་དེ་དག་གི་དོ ན་ཐུགས་སུ་ཆུད་ཅིང་། བསྟན་བཅོས་བརྒྱད་པ་ལ་གཡུ་ཐོག་ཊི ཀྐ། བྱ་མོ་ཁུད་པའི་འགྲེལ་པ། ཡབ་དང་ཆེར་རྗེ་མི་ཉག་གསུམ་གྱི་ བཤད་སྒྲོས། མཁས་པ་སྡེ་སྣོད་འཛིན་པ་ཆེན་པོ་ གནས་དྲུག་པ་བློ་གྲོས་མཚུངས་མེད་ ཀྱིས་མཛད་པའི་མཆན་བུ་རྣམས་ལ་བརྟེ ན་ནས་འཆད་ཉན་ལོ་དུ་མར་བསྐྱངས། 《བདུད་རྩི་སྙིང་པོ་ཡན་ལག་བརྒྱད་ པ་གསང་བ་མན་ངག་གི་རྒྱུད་ཀྱི་སྤྱི ་དོན་ཤེས་བྱ་རབ་གསལ་རྒྱས་པ་》ཞེ ས་པ་དང་། རྒྱུད་ཀྱི་འགྲེལ་པ་《རྒྱུད་དོན་ རབ་གསལ།》 《ཕྱི་རྒྱུད་འགྲེལ་པ་ཚུལ་གསུམ་སྣ ང་བ།》 《རྩ་མདོའི་འགྲེལ་པ་ཉི་མའི་འོད་ ཟེར།》 《བརྒྱད་པའི་ཁོག་འབུགས།》 《དྲང་སྲོང་རྟོགས་བརྗོད།》 《མ་ལ་ཡའི་དཀའ་འགྲེལ།》 《ཕྱི་རྒྱུད་སྨན་སྦྱོར་དཔེའུ་རི ས།》 《རྩའི་ལྷ་མོའི་སྒྲུབ་ཐབས།》 《ཆུ་མདོའི་འགྲེལ་པ་ཚིག་དོན་གསལ་ བྱེད་ཡིད་བཞིན་ནོར་བུ།》 《ཐང་ཕྱེའི་འགྲེལ་པ།》 《བྱང་ཁོག་གི་ཐིག་འགྲེམས་གསལ་སྒྲོ ན།》 《གཅེས་བསྡུས།》 《མདོ་གནས་ལེའུ་སུམ་ཅུའི་སམ་འགྲེ ལ་》སོགས་བསྟན་བཅོས་ཆེ་ཆུང་བཅོ་ བརྒྱད་ཙམ་མཛད་དེ་བསྟན་པ་དང་འགྲོ ་བའི་དོན་བསམ་གྱིས་མི་ཁྱབ་པ་བྱུ ང་། ལྷག་པར་《ཕྱི་རྒྱུད་སྨན་སྦྱོར་ དཔེ་རིས་》ཞེས་པ་གསར་རྩོམ་གནང་བ་ དེ་ནི། སྨན་རྫས་ཀྱི་གཟུགས་དབྱིབས་བོང་ ཚད་མ་ནོར་བར་རི་མོར་བྲིས་པའི་ལོ ་རྒྱུས་སྔ་ཤོས་ཀྱི་གྲས་ཡིན་ནོ། །
བྲང་ཏི་དཔལ་ལྡན་རྒྱལ་མཚན་ཞེས་པ་ ནི། བྲང་ཏི་དཔལ་ལྡན་འཚོ་བྱེད་ཀྱི་སྐུ ་ཚ་ཡིན་ཞིང་། དེས་རྩ་རྒྱུད་ལེའུ་དང་པོའི་འགྲེ ལ་པ་དང་། ཡབ་མེས་གོང་མ་ན་རིམ་དང་། ཁྱད་པར་དཔལ་ལྡན་འཚོ་བྱེད་ཀྱི་ དགོངས་པ་དང་། རང་ཉིད་ཀྱི་ཁྱད་ཆོས་《དཀར་པོ་དྲུ ག་སྦྱོར་》སོགས་ཕྱོགས་གཅིག་ཏུ་བུ ་རྣམ་རྒྱལ་བཟང་པོའི་དོན་དུ་བསྡུ ས་ཏེ། 《མན་ངག་གསེར་བྲེ་》 ཞེས་པ་བསྡེབས་སྒྲིག་མཛད། སྡེ་སྲིད་ཁོག་འབུགས་ནང་གསུངས་ གསལ། གདུང་རབས་མཐར་ཆགས་སུ་བཀོད་པའི་ ཡིག་ཆ་མ་མཐོང་རུང་། གསེར་བྲེ་ཆུང་བའི་དམུ་ཆུའི་ གདམས་པའི་བརྒྱུད་པ་ལྟར་ན། དཔལ་ལྡན་རྒྱལ་མཚན་ནས། བྲང་ཏི་ཀུན་དགའ་བཟང་པོ། དེ་ནས་བྲང་ཏི་སྟག་ལ་དཔལ། དེ་ནས་བྲང་ཏི་རྡོ་རྗེ་དཔལ་བཟང་། འདིས་བཤད་རྒྱུད་འགྲེལ་པ་དོན་ གསལ་མཛད། དེས་བྲང་ཏི་དཔལ་འབྱོར་དོན་གྲུབ་ ལ་གཞུང་གདམས་མན་ངག་དང་བཅས་པ་ གནང་། གསེར་བྲེ་ཆེ་བ་ལས་བཏུས་པའི་ཆུང་ བ་མཛད་དེ་སྲས་ལ་གནང་། དེས་མན་ངག་དངུལ་བྲེ་གྲགས་པར་སྤེ ལ་བ་གསེར་བྲེ་རྣམས་ལས་ཅུང་ཟད་ བརྗོད་བྱ་ཞན་པར་སྣང་། ས་སྐྱ་སྨན་གྲོང་དུ་ཡབ་མེས་ཀྱི་ སྲོལ་བཞིན་སྨན་དཔྱད་ཀྱི་བསྟན་པ་ བསྐྱངས་ཞེས་པར་བལྟས་ན་རྗེས་སུ་ བྲང་ཏིའི་བརྒྱུད་པ་ལ་ས་སྐྱ་སྨན་ གྲོང་པ་ཞེས་གྲགས་པའི་རྒྱུ་མཚན་ ནི་དེ་ལྟར་ཡིན་པ་འདྲ།།
༦༽ སྟོད་སྟོན་དཀོན་ཅོག་སྐྱབས་ཀྱི་ རྣམ་ཐར།
སྟོད་སྟོན་དཀོན་ཅོག་སྐྱབས་སམ་རོ ག་སྟོན་དཀོན་ཅོག་སྐྱབས་ཀྱང་ཞུ་ བ་ནི། འཁྲུངས་ཡུལ་སྟོད་ལྷ་རྩེ་ཁུ ལ་གྱི་མང་མཁར་ཚ་ལུང་པ་ཞེས་པ་ནས་ ཡིན་ཅིང་། འཁྲུངས་ལོ་ཞིབ་པར་མ་ཤེས་རུང་དབུ ས་པ་དར་གྲགས་དང་། གཡུ་ཐོག་གསར་མ་ རྣམས་སྔ་རྗེས་སུ་བྱུང་བ་ནི་ཀོང་ སྤྲུལ་གྱི་ཤེས་བྱ་ཀུན་ཁྱབ་མཛོད་ ནང་། ཞང་སྟོན་སྟོད་སྟོན་གཉིས་ཀྱང་ འཕགས་ཡུལ་ཕྱིན། བརྒྱད་པ་ལ་མཁས་གཞུང་བརྩམས་འཕྲི ན་ལས་རྒྱས། །ཞེས་གསལ་བ་ལྟར་ཞང་སྟོན་གཟི་བརྗི ད་འབར་དང་། སྟོན་སྟོན་དཀོན་ཅོག་སྐྱབས་གཉིས་ རྒྱ་གར་དུ་ཕེབས་ནས་ཞང་སྟོན་གྱི ས་ནཱ་ལེནྡྲར་དྲང་སྲོང་ཙནྡྲ་པ་བྱ ་བ་དང་། སྟོད་སྟོན་གྱིས་ཐམས་ཅད་མཁྱེན་པ་ ཤནྟི་པ་ཕྱི་མ་དང་མཇལ། ཡན་ལག་བརྒྱད་པ་ལ་མཁས་པར་བསླབས་ ནས་སྟོད་སྟོན་གྱིས་ས་བཅད་བསྡུས་ དོན་རིན་པོ་ཆེའི་ཕྲེང་བ་དང་། གཞུང་ལ་མཆན་བཏབ་ནས་གཡུ་ཐོག་པ་ལ་ གནང་སྟེ་འཕྲིན་ལས་རྒྱས་སོ། །ཞེས་ དང་། སྡེ་སྲིད་ཁོག་འབུགས་ལས། གྲ་པ་མངོན་ཤེས་ཀྱིས་གཞུང་མན་ངག་ དང་བཅས་པ་དབུས་པ་དར་གྲགས་ལ་གནང་ ། དེས་སྟོད་སྟོན་དཀོན་ཅོག་སྐྱབས་ ཞེས་པ་རུས་རོག་ཡིན་པ་དེས་དབུས་ སུ་མཚན་ཉིད་ཀྱི་སློབ་གཉེར་ལ་བྱོ ན་པ་རྐང་འབམ་གྱིས་བསྙུན་ནས་གཡུ་ ཐོག་ཡོན་ཏན་མགོན་པོས་གསོས། རྗེས་སུ་དམུ་ཆུས་ལྟེམ་པ་དབུས་པ་ དར་གྲགས་ཀྱིས་བཅོས། གཡུ་ཆེན་དྲུག་དམར་ནམ་མཁའ་གསལ་བ་ ཞེས་ནས་ཁལ་སྟོང་ཕྲག་རི་བ་དེ་དབུ ས་པ་དར་གྲགས་ལ་ཕུལ་ནས་རྒྱུད་བཞི ་རྫོགས་པར་ཞུས། དེས་སྔར་རྐང་འབམ་གྱི་ནད་གསོས་ པའི་དྲིན་ལན་ལ་གཡུ་ཐོག་པར་གཏད་ ཅེས་གསུངས། བརྩམས་ཆོས་ནི་ཡན་ལག་བརྒྱད་པའི་ བསྡུས་དོན་རིན་པོ་ཆེའི་དྲྭ་བ་ དང་། གཞུང་གི་མཆན་བུ། རྩོད་བཟློག་གེགས་སེལ་སོགས་ཡིན་ ནོ།།
དྲ་མིང་ལྷ་རྒོད་གངས་རི་དངོས་མི ང་ཡེ་ཤེས་རྒྱལ་མཚན་པས།
དཔྱད་གཞིའི་དེབ།
༡༽ གངས་ལྗོངས་གསོ་རིག་བསྟན་པའི་ ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར་ ཕྱོགས་བསྒྲིགས།
༢༽གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི ་བྱུང་རབས་ཐུབ་བསྟན་མཛེས་རྒྱན།
༡༽ གངས་ལྗོངས་གསོ་རིག་བསྟན་པའི་
༢༽གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི