༄༅།།ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

༄༅།།ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

༄༅། །བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་ཕག་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་ལ་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་སྦྲགས། ལྷན་རྒྱས་ནས་དུས་དང་རྣམ་པ་ཀུན་ཏུ་ངེད་དབུས་གཙང་རིག་མཛོད་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ལོ་གསར་པའི་ནང་ལྷན་རྒྱས་ནད་མེད་ཚེ་རིང་དང་། སྐུ་གཟུགས་གསལ་ཐང་། བྱ་བ་ལམ་འགྲོ་ཡོང་བ་དང་། བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་བྱ་གཞག་ཐམས་ཅད་གེམས་མེད་ལྷུན་གྱིས་གྲུབ་ཅིང་། སྐྱེ་འགྲོ་ཡོངས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པའི་སྨོན་འདུན་ལན་བརྒྱར་ཞུའོ། །

དབུས་གཙང་རིག་མཛོད་ལས་འཛིན་ཐུན་མོང་ནས།

 

 

བརྒྱུད་སྐུལ།

མཆན་སྤེལ།