དུང་དཀར་ཚིག་མཛོད་ཆེན་མོའི་ཁ་པར་མཉེན་ཆས་གསར་ཐོན་གསལ་བསྒྲགས།

དུང་དཀར་ཚིག་མཛོད་ཆེན་མོའི་ཁ་པར་མཉེན་ཆས་གསར་ཐོན་གསལ་བསྒྲགས།

བོད་ཕྱི་ནང་ཀུན་ན་བཞུགས་པའི་རང་རིགས་སྤུན་ཟླ་ཕོ་མོ་རྣམས་དང་བོད་དང་བོད་ཀྱི་སྐད་ཡིག་ལ་དུང་བ་ཟབ་པའི་ལྷན་རྒྱས་ཡོངས་ལ་ཆེད་ཞུ། ད་ལམ་ངེད་དུང་དཀར་ཚིག་མཛོད་ཆེན་མོའི་མཉེན་ཆས་ལས་ཞུགས་པས་དུས་ཚོད་དང་ངལ་བ་རིང་དུ་སྤྱད་དེ་དུང་དཀར་ཚིག་མཛོད་ཆེན་མོ་ཁ་པར་གྱི་མཉེན་ཆས་སུ་འཇུག་རྒྱུའི་ལས་གཞི་ཞིག་མགོ་བཙུགས་ཏེ་ལྷན་རྒྱས་སུ་དུང་དཀར་ཚིག་མཛོད་བཏགས་མའི་འདྲ་བཤུས་ཤིག་སྤྱི་ཚོགས་དྲ་ལམ་ཁག་ནས་བསླངས་དོན་ལྟར་ཚིག་མཛོད་བཏགས་མ་མི་འདྲ་བ་གཉིས་ལག་སོན་བྱུང་ཡང་། བཏགས་མ་དེ་གཉིས་སུ་ཡིག་ནོར་དང་། དོན་ནོར། ཆད་སྐྱོན་བཅས་དུ་མ་འདུག་ཅིང་། ལས་རིགས་དེ་མཇུག་སྐྱོང་མཁན་ཡང་ཁོ་བོ་གཅིག་པུ་སོང་གཤིས་མི་ལོ་དུ་མ་ཞིག་འགོར་འགྱང་ཕྱིན་པར་དགོངས་སེལ་དང་སྦྲགས། ལྷན་རྒྱས་ཀྱི་སྤྱན་སྔར་དེ་སྔོན་ཉིན་ཤས་རིང་དུ་རྣམ་པ་ཚོའི་ཁ་པར་དུ་མངོན་ཙམ་བྱུང་བའི་ཚིག་མཛོད་མཉེན་ཆས་འདི་ཉིད་བསྐྱར་ཞིབ་དང་འབྲེལ་དེ་རིང་ལེགས་གྲུབ་ཟིན་པའི་གཏམ་བཟང་འབུལ་རྒྱུ་བྱུང་བ་ནི་ཁོ་བོ་སྤྲོ་བས་རབ་ཏུ་གཏམས་ཡོད།

འོན་ཀྱང་ཁོ་བོ་ནི་རྣམ་དཔྱོད་ཀྱི་བློ་གྲོས་དབུལ་ཞིང་ལས་སློབ་ལ་བརྩོན་པ་ཞན་པའི་མི་བུ་ཞིག་ཡིན་སྟབས་ད་དུང་ཚིག་མཛོད་འདིར་ཡིག་ནོར་དང་ཆད་སྐྱོན་སོགས་མི་འཚམ་པ་དུ་མ་ཞིག་ཡོད་ངེས་པས་རྣམ་པ་ཚོས་ལེགས་སྤེལ་ཉེས་འགོག་གི་ལམ་སྟོན་ནམ་ནོར་འཁྲུལ་ལ་མཛུབ་སྟོན་གནང་རོགས། ང་དང་ཁྱོད། ཁྱོད་དང་ང་ཡིས་མཉེན་ཆས་འདི་དུས་དང་དུས་སུ་ཡར་རྒྱས་གཏོང་ཆོག  ཨ་མྱེའི་སྤྲུལ་ཆུང་རིན་པོ་ཆེའམ་མཚན་དངོས་ཕྱོགས་ལས་རྣམ་རྒྱལ་རིན་པོ་ཆེས་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཞིང་། མཉེན་ཆས་ཆེད་མཁས་ཕྱི་གླིང་པ་ཊེམ་ལགས་ཀྱིས་ཕྱག་ལས་གནང་དོན་ལྟར་ཚིག་མཛོད་འདི་ཉིད་རྣམ་པ་ཚོས་བུམ་མཛོད་ལས་རིན་མེད་དུ་ཕབ་ལེན་ཞུ་ཆོག་ལ། བུམ་མཛོད་མ་སྟོང་བར་དུ་མཉེན་ཆས་འདི་ཡང་ཁ་པར་དུ་གནས་ངེས་ཡིན་པ་མཁྱེན་པར་མཛོད།

  ཟུར་མཆན།༽ ཚིག་མཛོད་འདིར་དུང་དཀར་ཚིག་མཛོད་ཆེན་མོ་སྟོད་སྨད་གཉིས་ལས་ཚིག་མཛོད་དུ་འཇུག་མི་བདེ་བའི་རེའུ་མིག་འགའ་ཞིག་དང་། དེ་མིན་ལོ་དུས་ཀྱི་རེའུ་མིག དཀར་ཆག་བཅས་ཚིག་མཛོད་དུ་ཚུད་མེད། ཕྱིས་སུ་དེ་དག་ཚིག་མཛོད་འཇུག་རྒྱུའི་ཐབས་ལམ་གསར་བ་བྱུང་ཚེ་བསམ་བློ་གཏོང་ཆོག

 བཀོལ་སྟངས།༽ མཉེན་ཆས་འདི་ནི་སྔར་ནས་བུམ་མཛོད་དུ་ཡོད་པའི་ཀ་ཁ་ག་ངའི་རྟགས་ཅན་གྱི་ཚིག་མཛོད་དང་བཀོལ་སྟངས་གཅིག་པ་ཡིན། གལ་སྲིད་ཉིད་ཀྱིས་ཚིག་མཛོད་འདི་ཕབ་ལེན་ཟིན་རྗེས་ཀ་ཁ་ག་ངའི་རྟགས་ཅན་གྱི་ཚིག་མཛོད་ཀྱི་སྒྲིག་འཇུག(setting)གི་མཐའ་མ་དུང་དཀར(dungkar_dict)ཞེས་པ་སྒོ་ཕྱེ་ན་ཚིག་མཛོད་འདིའི་མ་ཚིག་ཆ་ཚང་ཀ་ཁ་ག་ངའི་ཚིག་མཛོད་འདིར་འཆར་ཡོང་བས་ཚིག་མཛོད་མཉེན་ཆས་གཉིས་སྒོ་ཕྱེ་མི་དགོས་པར་བཀོལ་སྤྱོད་སླ་བར་

པར་རིས་དང་པོ། ཚིག་མཛོད་འདིའི་གཡས་ཕྱོགས་ཀྱི་ཚིག་འཚོལ་ས(search for definition) འདི་ནི་ཚིག་མགོ་འཚོལ་ས་ཡིན་ལ།

 

པར་རིས་གཉིས་པ། གཡོན་ཕྱོགས་ཀྱི་ཚིག་འཚོལ་ས་ (search all text)འདི་ནས་ནི་ཉིད་ཀྱིས་ཚིག་གང་བྲིས་པ་དེ་དང་འབྲེལ་ཡོད་ཀྱི་ཚིག་ཆ་ཚང་འཆར་ཡོང་། དེས་ན་ཚིག་འཚོལ་ས་གཡོན་མ་འདི་གཡས་པ་འདི་ལས་ཁྱབ་ཆེ་བ་ཡོད་པས་ཁྱེད་ཀྱིས་གཡོན་ཕྱོགས་འདི་ལས་ཚིག་མང་བ་རྙེད་ཐུབ་པ་ཡིན།

པར་རིས་གསུམ་པ། གལ་སྲིད་ཉིད་ཀྱིས་ཚིག་གཅིག་བཙལ་རྗེས་(save)ཞེས་པ་འདིར་གནན་ན་ཁྱེད་ཀྱིས་ཚིག་དེ་ཉར་ཟིན་པ་ཡིན་པས།

པར་རིས་བཞི་པ། དེའི་རྗེས་ཁྱེད་ཀྱིས་ (favourites)ཞེས་པ་འདིར་བལྟས་ན་ཉིད་ཀྱིས་ཉར་ཟིན་པའི་ཚིག་ཐམས་ཅད་འདིར་རིམ་ཅན་དུ་གནས་ཡོད་པ་ཡིན། གསུམ་པ་དེ་ནི་ང་ཚོའི་སྐོར་ཡིན། བཞི་པ་ནི་སྒྲིག་འཇུག་གི་ལྟེ་གནས་ཏེ་ཉིད་ཀྱིས་ཚིག་མཛོད་གང་དང་གང་སྒོ་ཕྱེ་དགོས་མིན་སྒྲིག་ས་དེ་ཡིན།

 

ཚིག་མཛོད་གཤམ་གྱི་དྲ་ཐག་ལས་ཕབ་ལེན་ཞུ་ཆོག 

https://apps.apple.com/nz/app/dungkar-dictionary/id1291201750

ཡང་ན་ཁྱེད་ཀྱིས་བུམ་མཛོད་མཉེན་ཆས་ཕབ་ལེན་ཞུ་སའི་ནང་དུ་ཐད་ཀར་བོད་ཡིག་གིས་༼དུང་དཀར༽ ཞེས་བྲིས་ནས་བཙལ་ན་ཡང་རྙེད་ཐུབ་ཅིང་། དབྱིན་ཡིག་ཏུ (Dungkar) ཞེས་བྲིས་ཏེ་བཙལ་ན་ཡང་རྙེད་ཐུབ་པ་ཡིན།

དགོངས་འཆར་ཡི་གེ་གཏོང་ཡུལ།

riksang777@gmail.com

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

2 བསམ་ཚུལ། “དུང་དཀར་ཚིག་མཛོད་ཆེན་མོའི་ཁ་པར་མཉེན་ཆས་གསར་ཐོན་གསལ་བསྒྲགས།

མཆན་སྤེལ།