དཔལ་ལྡན་སྨད་རྒྱུད་གྲྭ་ཚང་ནི་རྗེ ་ཙོང་ཁ་པའི་དངོས་སློབ་འཕྲིན་ལས་ ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི ་ཡ་གྱལ་རྗེ་བཙུན་ཤེས་རབ་སེང་གེ ས(མཛད་རྣམ་ཞིབ་པར་གཤམ་དུ་རྗེ་ཤེ ས་རབ་སེང་གེ་ཞེས་པར་གཟིགས)དངོས་ སུ་འཆད་ཉན་གྱི་རྒྱུན་འཛུགས་པར་ མཛད་པ་སྟེ། རབ་བྱུང་བདུན་པའི་ས་ཕག(༡༤༡༩)ལོ ར་རྗེ་ཙོང་ཁ་པས་འགྲེལ་པ་བཞི་སྦྲ གས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ ནས་ཁྱེད་ཅག་མཁས་པ་རྣམས་ཀྱི་ཁྲོ ད་ན་དཔལ་གསང་བ་འདུས་པའི་རྒྱུད་ ཀྱི་བཤད་སྲོལ་འཛིན་ནུས་པ་སུ་ཡོ ད་ཅེས་བཀའ་ལན་འགའ་ཞིག་སྩལ་བ་ན། མཁས་པ་གཞན་སུས་ཀྱང་ཞལ་གྱིས་བཞེ ས་མ་ནུས་པའི་ཚེ་རྗེ་ཤེས་རབ་སེང་ གེས་ཞལ་གྱིས་བཞེས་པར་མཛད་པས་རྗེ ་ཙོང་ཁ་པ་ཆེན་པོ་ཤིན་ཏུ་དགྱེས་ ཏེ་གསང་བ་འདུས་པའི་གསེར་སྐུ་དང་ ། འགྲེལ་པ་བཞི་སྦྲགས་ཀྱི་གླེགས་ བམ། ཆོས་རྒྱལ་གྱི་ཞལ་འབག འཆམ་གོས། དབྱུག་ཏོ། ཞགས་པ་སོགས་གནང་ནས་སྔགས་ཀྱི་བསྟ ན་པའི་བདག་པོར་མངག་གསོལ།
(དཔལ་ལྡན་སྨད་རྒྱུད་གྲྭ་ཚང་། 1940 – 1941 པར་པ། H. Staunton)
དེ་ནས་ལོ་ཤས་རྗེས་གསང་ཕུ་མཐོང་ སྨོན་གྲྭ་ཚང་གི་བླ་མའི་མཛད་འཁུ ར་དེ་རྗེ་དགེ་འདུན་གྲུབ་ལ་གཏད་ དེ་རྗེ་ཤེས་རབ་སེང་གེ་ཉིད་གཙང་ ཤབ་སྟོད་ལྷུན་པོ་རྩེར་བྱོན་པས་ སི་ཏུ་བསོད་ནམས་དཔལ་དང་བདག་མོ་ ཤཱཀྱ་དཔལ་གྱིས་སྦྱིན་བདག་མཛད་དེ ་རྗེ་ཙོང་ཁ་པའི་ཕྱག་ལེན་བཞིན་སྒྲུ བ་དཀྱིལ་བཞེངས་མཆོད་དང་གསང་བ་ འདུས་པའི་རྒྱུད་ཀྱི་བཤད་རྒྱུན་ བཙུགས། སྲད་རིན་ཆེན་རྩེ་པས་སྦྱིན་བདག་ མཛད་ཏེ་སྲད་གཞུང་དུ་དགའ་ལྡན་ཕོ་ བྲང་ཞེས་པའི་གྲྭ་ཚང་བཏབ་པས་གཙང་ གི་སྲད་རྒྱུད་ཅེས་རྒྱུད་སྟོད་རྙི ང་པར་གྲགས་པ་བྱུང་། ལྷུན་པོ་རྩེའི་བླ་རབས་བཞི་པ་ འཕགས་འོད་ཡོན་ཏན་རྒྱ་མཚོ་སོགས་ ཀྱིས་ཆོས་ཞུས་ཤིང་ཞབས་ལ་གཏུགས་ པར་ཆོས་རྒྱལ་གྱི་ཞལ་འབག་དང་། འཆམ་གོས་སོགས་ཀྱང་རྟེན་དུ་བསྩལ། སྲད་དགའ་ལྡན་ཕོ་བྲང་དུ་རྒྱུད་ཀྱི ་རྒྱལ་པོ་གསང་བ་འདུས་པའི་འཆད་ ཉན་འཛུགས་པར་མཛད་ནས་འདུལ་ནག་ དཔལ་ལྡན་བཟང་པོ་འཆད་ཉན་པར་བསྐོ་ གཞག་མཛད་དེ་རྗེ་ཙོང་ཁ་པས་གནང་ བའི་འགྲེལ་པ་བཞི་སྦྲགས་ཀྱི་གླེ གས་བམ་བསྩལ། དེ་ནས་དབུལ་ཕྱོགས་སུ་ཕེབས་ཏེ་ཆུ ་གླང(༡༤༣༣)ལོར་དགའ་ལྡན་དུ་རྒྱུ ད་ཀྱི་འཆད་ཉན་བཙུགས་པར་དབུས་ཀྱི ་རྒྱུད་སྨད་ཅེས་གྲགས་། དེ་ནས་བཟུང་རྗེ་ཤེས་རབ་སེང་གེ་ དཔོན་སློབ་རྣམས་ཕྱོགས་ཕྱོགས་སུ་ ཆོས་བར་གཏེགས་ནས་དབྱར་སོས་གཉིས་ རྒྱུད་འགྲེལ་ཀྱི་བཤད་པ་དང་། སྟོན་དུས་གསང་བ་འདུས་པའི་རྫོགས་ རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ ཁྲིད་དང་། སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ནཱ་རོ་ཆོས་དྲུག འཁོར་ལོ་སྡོམ་པའི་རྫོགས་རིམ་རྣ ལ་འབྱོར་ཆེན་པོའི་ཁྲིད། དེའི་རྫོགས་རིམ་རིམ་པ་ལྔའི་ཁྲི ད། རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་ རིམ་རྣལ་འབྱོར་བཞིའི་ཁྲིད་རྣམས་ འདེབས་པར་མཛད་པ་འདི་རྣམས་ལ་ཁྲི ད་ཆེན་དྲུག་ཏུ་གྲགས་པ་དང་། དེའི་སྟེང་འཁོར་ལོ་ཆེན་པོའི་རྫོ གས་རིམ་གྱི་ཁྲིད་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ཏེ་ འཇམ་དཔལ་རྡོ་རྗེའི་རིམ་གཉིས་ཀྱི ་ཁྲིད་བསྣན་ནས་ཁྲིད་ཆེན་བརྒྱད་ དུ་ཡང་གྲགས་པ་དེའི་སྟེང་བྱང་ཆུ བ་ལམ་གྱི་རིམ་པའི་ཁྲིད་དང་། དབུ་མ་ཐལ་འགྱུར་བའི་ལྟ་ཁྲིད་ཀྱ ང་འདེབས་པར་མཛད། དེ་ལྟར་ལོ་བཅུ་གསུམ་བསྐྱངས་ནས་ རྒྱུད་ཀྱི་འཆད་ཉན་སྦྱིན་པ་དཔལ་ ལ་གཏད་དེ་རྗེ་ཙོང་ཁ་པས་གནང་བའི་ གསང་འདུས་ཀྱི་གསེར་སྐུ་དེ་རྒྱུ ད་སྨད་གྲྭ་ཚང་གི་རྟེན་དུ་གནང་། རྗེ་ཤེས་རབ་སེང་གེ་འདས་རྗེས་དེ འི་ཕྱག་སྲོལ་ཉམས་པ་མེད་པར་རྒྱུ ད་ཆེན་སྦྱིན་པ་དཔལ་དང་གྲགས་བཟང་ སོགས་ཀྱིས་བསྐྱངས་ཏེ་ལོ་ལྟར་ཆོ ས་བར་གཏེགས་སྲོལ་ཡང་རབ་བྱུང་བཅུ ་དྲུག་པའི་ས་ཕག(༡༩༥༩)ལོ་བར་ཡོད། སྔོན་དུས་གནས་གཞི་གཙོ་བོ་དགའ་ལྡ ན་དུ་ཡིན་འདུག་ཀྱང་། སྤྱི་ལོའི་དུས་རབས་བཅུ་དྲུག་པའི ་སྨད་ནས་གནས་གཞི་ལྷ་སར་ཆགས་པ་ཡི ན་སྐད། འགའ་ཞིག་གི་གསུང་སྲོལ་ལ་ལྷ་ས་ གཙུག་ལག་ཁང་གི་ནུབ་ངོས་སྡེ་དཔོ ན་དགའ་བཞི་བའི་ཁང་པ་རྡོ་རིང་ཞེ ས་པ་དེ་རྒྱུད་སྨད་འདུས་ཚོགས་བཞུ གས་པ་རྗེས་སུ་ད་ལྟའི་སྡོད་ཁང་དུ ་གཞི་ཕབ་སྐད་འདུག་ཀྱང་ཡིག་ཆ་མ་ མཐོང་། ཡང་རེ་འགས་ལྷ་སའི་ཀླུ་སྦུག་སེང་ གེ་ཤག་ཅེས་པ་དེ་ཐོག་མར་རྒྱུད་སྨ ད་ཀྱི་འདུ་ཁང་ཡིན་པ་དེ་ནས་ད་ལྟ འི་རྒྱུད་ཁང་དུ་སྤོས་ཟེར་ཡང་ངག་ གྲོས་ཙམ་ཡིན། ད་ལྟའི་རྒྱུད་ཁང་ལྕང་ལོ་ཅན་ནི་ སྤྱི་ལོའི་དུས་རབས་བཅུ་བདུན་པའི ་ནང་དགའ་ལྡན་ཁྲི་ཐོག་ལྔ་བཅུ་པ་ བྱ་བྲལ་དགེ་འདུན་ཕུན་ཚོགས་རྒྱུ ད་སྨད་ཀྱི་མཁན་པོ་གནང་སྐབས་བདེ་ ཆེན་གསང་སྔགས་མཁར་གྱི་རྒྱུད་སྨ ད་ཆོས་ཐོག་འདུ་ཁང་དང་། ལྷ་སའི་རྒྱུད་སྨད་འདུ་ཁང་གསར་རྒྱ ག་མཛད་ཅེས་རྣམ་ཐར་དུ་གསལ་ཞིང་། རྒྱུད་སྨད་ལྷ་སར་གཏན་ཞུགས་གནང་ ཡུལ་རྒྱུད་ཁང་ལྕང་ལོ་ཅན་གྱི་འདུ ་ཁང་ཀ་བ་བཞི་བཅུ་ཞེ་གཉིས(ཀ་རིང་ བཞི་ཚུད)གཙང་ཁང་ཐོག་ས་གསུམ་ལོན་ པའི་ཀ་རིང་བརྒྱད་དང་ཀ་ཐུང་བརྒྱ ད་ཅན་ཡོད་པའི་ཤར་ངོས་མགོན་ཁང་ཀ་ བ་དགུ། གཙང་ཁང་ཐོག་ས་གཉིས་པའི་ཞལ་རས་ལྷ ་ཁང་མདུན་སྒྲོལ་མ་ལྷ་ཁང་ཀ་ཐུང་ དྲུག་ཅན། གཙང་ཁང་ཐོག་ས་བཞི་པའི་སྟེང་ནུབ་ ངོས་རྒྱལ་བའི་གཟིམ་ཆུང་དང་། ཤར་ངོས་མཁན་པོའི་གཟིམ་ཆུང་ལེ་ ལག་དང་བཅས་པ། དབུས་སུ་བློས་བླངས་ཁང་ཀ་བ་བརྒྱ ད་ལྡན། འདུ་ཁང་གི་མདུན་སྒོ་མཆོར་སྟེང་ རབ་གསལ་ཀ་བ་གཉིས་ཡོད་པ་ནི་ཕྱག་ མཛོད་ཁང་ཡིན། གྲྭ་ཁང་སྟེང་མཆོད་པ་ཁང་ཆེན་དང་། ཕྱག་མཛོད་ཁང་གི་རུང་ཁང(ཐབ་ཚང) མཛོད་ཁང་སོགས་ཁང་མིག་བཅུ་གྲངས་ སྐོར། གྲྭ་ཁང་གི་ནུབ་ངོས་ཁྲི་ཐོག་ཁང་ ཞེས་སྔོན་དུས་ལྕང་སྐྱ་བཞུགས་ གནས་ཐོག་ཚད་བཞི་ལྡན། གྲྭ་ཁང་གི་ཤར་ལྷོར་རུང་ཁང་དང་། གྲྭ་ཁང་གི་མདུན་དུ་རྡོ་གཅལ། དེའི་ནུབ་ངོས་ཆོས་རྭ་སོགས་དང་། གྲྭ་ཁང་གི་ཕྱི་སྒོའི་ནུབ་ངོས་སུ ་གྲྭ་ཤག་ཐོག་ས་གཉིས་ལྡན་ར་སྒོར་ དང་བཅས་པ་གསུམ་བཅས་ཡོད་ལ་དེ་མི ན་ཁྲོམ་གཟིགས་ཁང་གི་བྱང(དེང་སྐ བས་པེ་ཅིན་ལམ་གྱི་ལྷོ་ངོས)དུ་རྒྱུ ད་སྨད་ཁང་གསར་ཞེས་ཁང་པ་གསུམ་ཐོ ག་སྒོ་ར་དང་བཅས་ཡོད། འདུ་ཁང་གི་དབུས་སུ་མཁན་པོའི་བཞུ གས་ཁྲི་དང་། དེའི་གཡས་ངོས་སུ་རྗེ་ཤེས་རབས་སེ ང་གེའི་འདྲ་སྐུ། མཁན་ཁྲིའི་གཡས་ཀྱི་ཀ་བའི་ངོས་སུ ་རྗེ་ཙོང་ཁ་པས་རྗེ་ཤེས་རབ་སེང་ གེར་གནང་བའི་གསང་འདུས་ཀྱི་གསེར( ཟངས)སྐུ་ཐོ་གང་ཙམ་བྱིན་ཅན། གདོང་བྲལ་གྱི་ནུབ་ངོས་གྲལ་འགོར་ བླ་མ་དབུ་མཛད་ཀྱི་བཞུགས་ཁྲི། གཙང་ཁང་གི་གཡས་གཡོན་དུ་དངུལ་གདུ ང་གཉིས། འདུ་ཁང་གི་གྱང་ལྡེབས་ཤར་ནུབ་ཏུ་ ཡི་དམ་ཀྱི་བྲིས་སྐུ་སྣ་ཚོགས་དང་ ། གཞུང་སྒོའི་ཤར་ངོས་སུ་རྣམ་སྲས་ ཀྱི་བྲིས་སྐུ་གསུམ་དང་ནུབ་ངོས་ མགོན་པོ་དང་ཆོས་རྒྱལ་ཕྱི་ནང་གི་ བྲིས་སྐུ། དགེ་བསྐོས་ཀྱི་ཁྲི། སེང་གཡབ་ཀྱི་ངོས་སུ་ཐུབ་དབང་། རྗེ་ཙོང་ཁ་པ། རྗེ་ཤེས་རབ་སེང་གེ་སོགས་ཀྱི་བྲི ས་སྐུ། གཙང་ཁང་ནང་རྗེ་ཡབ་སྲས་གསུམ་གྱི་ སྐུ་བརྙན་ཐོག་ཚད་གསུམ་ཡོད་པ་དང་ ། རྣམ་སྲས་ཀྱི་སྐུ་བརྙན། དེ་མིན་སྐུ་བརྙན་ཆེ་ཆུང་དུ་མ། བཀའ་འགྱུར་སོགས་གླེགས་བམ་དུ་མ་ ཀུན་དགའ་ར་བ་དང་བཅས་པ་མགོན་ཁང་ ནང་འཇིགས་བྱེད་ཐོག་ཚད་ཉིས་ལྡན་ གཙོ་བཞུགས་ཀྱི་གསང་བདེ་མགོན་ཆོ ས་ལྷ་མོ་སོགས་ཀྱི་སྐུ་བརྙན། བར་ཐོག་སྒྲོལ་མ་ལྷ་ཁང་ནང་རྟེན་ གཙོ་སྒྲོལ་ལྗང་གི་ལྡེབས་བྲིས་ གསུང་བྱོན་མར་གྲགས་པ་དང་། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཐུ གས་དམ་རྟེན་བདེ་མཆོག་གི་ལི་སྐུ་ སོགས་མང་པོ། ཐོག་ས་གསུམ་པའི་ཞལ་རས་ལྷ་ཁང་ནང་ གྲུབ་དབང་བསམ་གྲུབ་རྒྱ་མཚོའི་ དངུལ་གདུང་དང་འདྲ་སྐུ་སོགས། ཐོག་ས་བཞི་པའི་བློས་བླངས་ཁང་ནང་ རྟེན་གཙོ་རྒྱལ་བ་བྱམས་པ་སྤྲུལ་ སྐུའི་ཆ་ཆས་ཀྱིབཞུགས་སྟངས་ཅན་ཐོ ག་ཚད་མ་དང་འཁོར་ཉེ་སྲས་བརྒྱད་ བཅས་ཀྱི་འཇིམ་སྐུ་དང་། རྟ་མགྲིན་ཁམས་གསུམ་ཟིལ་མནོན་དང་ ། འཇམ་དཔལ་ན་ག་རའི་འཇིམ་སྐུ་ཁྲུ་ གང་ལྷག་ཙམ་རེ་སོགས་སྐུ་བརྙན་མང་ པོ། ཀ་བའི་བར་དུ་གསེར་ཟངས་ལས་གྲུབ་ པའི་གསང་འདུས་བློས་བླངས་དང་། ཙནྡན་དམར་པོ་ལས་གྲུབ་པའི་འཇིགས་ བྱེད་དང་བདེ་མཆོག་གི་བློས་བླངས་ བཅས་ཡོད། རྒྱུད་སྨད་གྲྭ་ཚང་གི་སྒྲིག་གཞི འི་ཐད། དབུ་འཛིན་གཙོ་བོ་མཁན་པོ་དང་། དེ་བཞིན་བླ་མ་དབུ་མཛད། བྱང་འདྲེན། དགེ་བསྐོས། དཀོན་གཉེར། དུང་མཁན་བཅས་ཏེ་ལས་སྣེ་དྲུག་ཅེ ས་ཟེར། མཁན་པོས་ཆོས་ལུགས་ཀྱི་གཙོ་འགན་ བཞེས་རྒྱུ་དང་། བླ་མ་དབུ་མཛད་ཀྱིས་བཅའ་ཡིག་བཞི ན་སྒྲིག་གཞིའི་སྒྲིག་ལམ་གནོན་ འདོམས་དང་། གྲྭ་ཚང་ཚོགས་འདུའི་འགོ་འཛིན་སོ གས་གནང་རྒྱུ། བྱང་འདྲེན་ཆེ་མོས་ཚོགས་གཞུང་དུ་ འདོན་པ་རྟ་འདུར་དབྱངས་གསུམ་དང་ རོལ་མོ་དཀྲོལ་རྡུང་སོགས་རྒྱུན་ གཏན་དང་དམིགས་བསལ་ཆོས་ཐོག་ཁག་ལ་ ཚོགས་ཐེངས་སོ་སོར་ཇི་ལྟར་རྒྱས་ བསྡུས་དགོས་པ་རྣམས་དབུ་བསྐུལ་ མཛད་རྒྱུ་དང་། བྱང་འདྲེན་གཞོན་པས་བྱང་འདྲེན་ཆེ ་མོར་ཕྱག་རོགས་ཞུ་རྒྱུ། དགེ་སྐོས་ཀྱིས་རྒྱུན་གཏན་གྱི་སྒྲི ག་ལམ་གནོན་འདོམས་ཐོག་རང་ཐག་མ་ཆོ ད་པ་རྣམས་བླ་མ་དབུ་མཛད་ལ་དགོངས་ སྐོར་ཞུ་རྒྱུ། ཚོགས་སུ་སྐྱབས་ཞུ་དང་སྙན་སེང་ཞུ ་རྒྱུ་སོགས་གནང་དགོས། དཀོན་གཉེར་དང་ཆབ་རིལ་གྱིས་དགེ་ སྐོས་ཀྱི་ཕྱག་གཡོག་ཞུ་རྒྱུ། ཞལ་ལྟ་བས་ལག་བདེའི་འགོ་དང་ཇ་ཐུ ག་གཏོང་ཚོད་སོགས་ཡིན། གྲྭ་ཚང་གི་དཔལ་འབྱོར་འདུ་འགོད་ བྱེད་རྒྱུ་སོགས་ཕྱག་མཛོད་ཁང་ནས་ བྱེད་ཅིང་གཞིས་ཁག་སོ་སོར་གཞིས་ ཀ་བླ་མ(གཞིས་སྡོད)གཏོང་རྒྱུ་དང་ ། ལོ་འཁོར་གཏོང་ཡོང་རྩིས་རྒྱག སྦྱིན་བདག་ཆེ་ཆུང་ལ་སྣེ་ལེན་ཞུ་ རྒྱུ། གཞུང་གི་ལས་ཁུངས་ཁག་ནས་གཏོང་སྒོ ་ཞུ་རྒྱུ་དང་རུང་ཁང་དུ་ཞལ་ལྟ་ བར་རྩིས་སྤྲོད་རྒྱུ། གཞུང་གི་ཡིག་ཆ་འབྱོར་ན་ཁུངས་སུ་ སྐྱེལ་རྒྱུ། ཆོས་ཐོག་སོ་སོའི་གཏོང་སྒོ་ཞལ་ལྟ ་བར་རྩིས་སྤྲོད་རྒྱུ་སོགས་ཡིན། ཕྱག་མཛོད་རྣམས་ནི་ཁང་ཚན་ལྔ་ནས་ གྲྭ་པ་བསྐྱེད་རིམ་པ་ཕ་ཡུལ་དབུས་ པ་ཡིན་པའི་མི་རེ་འཛུགས་དགོས་པ་ དང་། འགན་འཁུར་དུས་ཚོད་ལོ་ལྔ་རེ་ཡིན་ འདུག རྒྱུད་སྨད་གྲྭ་ཚང་ལ་ཁང་ཚན་ཚ་བ་ དང་། གསེར་ཀོང་། ཨ་མདོ། ཏྲེ་ཧོར། རྒྱལ་རོང་བཅས་ལྔ་དང་། ཚ་བ་ཁང་ཚན་ལ་འབྲོག་མི་དང་། ལྡན་མ་སོགས་མི་ཚན་བཅུ་དྲུག་དང་། ཨ་མདོ་ཁང་ཚན་ལ་བྱ་ཁྱུང་དང་། གཙང་པ་སོགས་བཞི། ཏྲེ་ཧོར་ལ་དཀར་མཛེས་དང་། རྫ་པ་སོགས། རྒྱལ་རོང་ལ་དར་མདོ་སོགས་མི་ཚན་ ཡོད་ལ་ཁང་ཚན་སོ་སོར་ཁང་ཚན་སྤྱི་ རྒན་ཞེས་གྲྭ་པ་རྒན་པ་རེ་ཡོད་པ་ བཅས་སོ། །
དུང་དཀར་ཚིག་མཛོད་ཆེན་མོ་ལས་དྲངས།