༄༅།  །བརྡ་སྤྲོད་ངག་གི་སྒྲོན་མའི་མཛེས་པ་རབ་གསལ་ལྷན་ཐབས་གསར་བུའི་ངལ་སྐྱོབ་རིན་ཆེན་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

༄༅།  །བརྡ་སྤྲོད་ངག་གི་སྒྲོན་མའི་མཛེས་པ་རབ་གསལ་ལྷན་ཐབས་གསར་བུའི་ངལ་སྐྱོབ་རིན་ཆེན་དོ་ཤལ་ཞེས་བྱ་བ་བཞུགས་སོ། །

༄༅།  །བརྡ་སྤྲོད་ངག་གི་སྒྲོན་མའི་མཛེས་པ་རབ་གསལ་ལྷན་ཐབས་གསར་བུའི་ངལ་སྐྱོབ་རིན་ཆེན་དོ་ཤལ་ཞེས་བྱ་བ་བཞུགས་སོ།  །

 

༄༅།  །ན་མོ་མཉྫུ་ཤྲཱི་ཡེ། ཇི་ལྟ་ཡེ་ཤེས་འོད་སྣང་སྟོང་།  །ཇི་སྙེད་མཁྱེན་པའི་མཁར་འབར་བས།  །འགྲོ་བློའི་རྨོངས་མུན་དྲུང་འཇིལ་བའི།  །འཇམ་མགོན་ཉི་མོར་བྱེད་པས་སྐྱོངས།  །མཁས་པའི་དབང་ཕྱུག་དཔལ་ཁང་པའི།  །བརྡ་སྤྲོད་ངག་སྒྲོན་གདུགས་དཀར་ལ།  །མཛེས་བྱེད་ལྷན་ཐབས་ནོར་བུའི་འདེགས།  །འགྲོ་ཕན་སྲིད་རྩེར་འཁོད་ཕྱིར་དགོད།  །ཀ་ལ་ཤ་(བུམ་པ་ )ནས་ཀུང་ཀུ་(གུར་གུམ་)མས།  །ཀ་ཊོ་ར་(གཏོར་ཟན་སྦྲུ་ས་)རུ་ཀཱ་ཡ་(སྐུ་)འཁྲུད།  །ཀཿ ཐོག་(ཁམས་ཀྱི་)ཀུངས་(རུས་ཀྱི་མིང་)ཀྱིས་ཀི་ཀི་(སྒྲ་)སྒྲོག  །རི་ཀླུང་(རི་ལུང་)ཀོ་ཆུ་(འཁྱིལ་ཆུ་)ཀོ་འདམ་(དེའི་འདམ་ལ་)ལ།  །ཀ་ཌའི་(སྦལ་པ་)ཀྱུ་གུ་(གཏོར་མའི་བྱེ་བྲག་)འཁོས་ཀ་(ཉམ་ཆུང་)ཞན།  །ཀུན་འདར་མ་(རྩ་དབུ་མ་)དང་རྩ་ཀ་ཏི་(སྒྲོན་མ་)།  །ཀེམ་ཀེམ་(གཡོ་བའི་བྱེ་བྲག་)ཀ་ཀོར་(ལ་སོགས་ལ་འགོར་བ་)ཐུགས་ཀར་(སྙིང་ག་)ལྟ།  །ཀོང་(པོའི་)ཡུལ་ཀོང་རྣ་(རྣ་རྒྱན་)ཀྲིག་ཀྲིག་མེད་(ཁྲིག་ཁྲིག་མེད་པ་)།  །ཀུན་སློང་(སེམས་)ཀྲིག་ཅར་(ཚུལ་བཞིན་མིན་པ)ཙ་ཀོ་ར་(བྱ་གོང་མོ་སྲེག་པ་སོགས་)།  །ཀ་པི་ཏ་(མཚལ་གྱི་སྦྱོར་ཁ་)ཡིས་གུག་ཀྱེད་(ཡི་གེའི་གུ་གུ་ཞབས་ཀྱུ་)བྲིས།  །ཀུ་རུ་ཀུལླེ་ཀོ་ལོང་(ཁྲོས་པའི་དོན་)མེད།  །ཀམ་ཚང་(ཀརྨ་ཀམ་ཚང་)གནད་ཀ་(དོན་གནད་)ཀླུང་རྟ་(ཁམས་)མཐོ།  །དེ་ཝཱི་ཀོ་ཊར་(ཙཱ་རི་)རཀྟ་(ཁྲག་)མཆོད།  །མེ་ན་ཀ་གདོང་(ལྷའི་གར་མཁན་)ན་ཀྲར་(རྒྱ་མཚོ་)ཆུད།  །ཀོང་པོའི་(མཆོད་མེ་)མེ་ལྟར་ཀ་མེད་(ཐབས་མེད་)གཡོ།  །fe

ཀྱུ་མ་(གཡུ་)ཀླབ་(ལ་བ་)སོགས་ཀ་རྐྱང་ངོ་།  །དཀར་བརྒྱུད་(བཀའ་བརྒྱུད་ཀྱང་)དཀའ་ཆེན་(གོ་ས་)དཀའ་གནད་(གཞུང་དོན་གྱི་གལ་གནད་)མཁྱེན།  །དཀོན་གཉེར་(ལྷ་ཁང་གི་)སྐྱུ་སྟེ་(ལྷག་མ་)བླངས་ཐལ་ཏེ།  །དཀྲེ་(ཕོ་མཚན་)ཡིས་བླུས་ན་དཀྲོང་(འབྲུ་སྣོད་དང་ཆང་སྣོད་དང་ལྗོན་དཀྲོང་)རྡོལ་འདྲ།  །ད་ཡིས་འཕུལ་བའི་ཀ་ཡིག་གོ  །བཀའ་མཆིད་(བཀའ་གནང་བའི་དོན་)བཀྲས་བཏགས་(གོས་ཆེན་)དམིགས་བཀར་(དམིགས་བསལ་)གྱི།  །བཀར་འཇུག་(འབྲུ་དངུལ་སོགས་)བྱེད་པར་འགྲོ་བཀད་(འགྲོ་རེས་)བཙུགས།  །མདའ་བཀྲ་(མདོས་ཀྱི་)བཀོད་པ་(ལས་བཀོད་སོགས་)བས་འཕུལ་ཀའོ།  །རྐང་བཞི་(ཕྱུགས་)རྐང་ཐང་རྐང་དུང་(རྐང་གླིང་)དང་།  རོལ་པ་རྐྱ་བདུན་(བཙན་)ཡུར་བའི་རྐོང་(ཞིང་ཆུ་འགོག་བྱེད་)།  །ཁྲལ་རྐང་(ཁྲལ་རྒྱུག་གཞི་)རྐེད་ཉག་(གྲོག་སྐེད་ལྟ་བུ་)ཚིག་རྐང་སོགས།  །ར་མགོ་ལྡན་པའི་ཀ་ཡིག་གོ  །སྐུ་ཞབས་(ཆེ་བའི་ཞེ་ས་)བརྒྱ་སྐོར་(གྲངས་)ས་སྐྱར་(ཡུལ་)སྐྱོལ་(སྐུལ་ཚིག་)།  །སྐྱ་རྒྱལ་(སྟོན་འབྲས་)སྐྱེད་མ་(ཨ་མ་)སྐྱིན་ཁྲོད་(རི་དྭགས་)སྐྱིད་(ལུས་སེམས་)།  །སྐྱ་ག་(བྱ་)སྐྱས་ཆེན་(ཤི་བའི་)ས་ཀའོ།  །བརྐྱང་བསྐུམ་(ཕྱག་ཞབས་སོགས་)བརྐྱང་ཕྱག་(ལུས་ཀྱིས་)བ་རའི་ཀའོ།  །བསྐྱོད་ཟིན་(ཕྱིན་ཚར་བའི་)བསྐྱེད་རིམ་(ལྷའི་)སངས་རྒྱས་བསྐྱངས(པཎྜི་ཏ་)།  །མཐའ་བསྐོངས་(མི་སེར་སོགས་སྐོང་བའི་འདས་པ་)ངོ་བསྐྱེད་(བུན་)བ་སའི་ཀའོ།  ཁམ་བུ་(ཤིང་འབྲས་)ཁག་པོ་(རོ་)ཁ་རོག་(མི་སྨྲ་བ་)ཟ།  ཁ་དབྲལ་(ཁ་གྱེས་པ་)ཁ་ཤས་(རེ་ཞིག་)ཁབ་(མཚོན་)ཀྱིས་བཙེམ།  ཁ་རྦད་(ཁ་ཤོབ་)ཁ་བོ་(ཐོན་མི་ཐོན་)ཁ་བཏགས་(དར་)ལེན།  ཁུ་བྱུག་(བྱ་)ཁས་ཞན་(ཉམ་ཆུང་)ཁུ་ཚུར་(ལག་པའི་)རྡེབ།  ཁུ་དབོན་(འབྲོམ་གསུམ་གྱི་གྱལ་)ཁ་རྗེ་(དབང་ཐང་)ཁེ་ཉེན་(ཡག་ཉེས་)ཆེ།  ཁུང་བུར་(ས་ཀྱོང་)ཁུ་འཁྲིག་(བློ་དྭོགས་)ཁོ་ན་(ཤ་དག་)སྤྱོད།  ཁོ་བོ་(ང་རང་)ཁོ་ཐག་(བློ་ཐག་)ཁ་ཡོགས་(མ་ཉེས་པའི་ནག་)ཆོད།  ཁྲི་གདུགས་(ཉི་མ་)ཁམས་བཟང་(ནད་མེད་པ་)ཁྱུགས་སེ་ཁྱུག་(འགྲོ་ཚུལ་)།   ཁུངས་བཙུན་(རུས་སོགས་ལེགས་པ་)ཕེབས་ཁོམ་(ཕེབས་ལོང་ཡོད་མེད་ཟེར་བ་)ཁྱེམ་བུས་(མཐུར་མ་)ཁྱེར(ཁུར་བ་)།  ཁོག་འབུབས་(སྒྲུབ་ཆེན་སོགས་ཀྱི་)ཁྱོན་བསྡོམས་(ཡོངས་སུ་བསྡོམས་པ་)ཁམ་པར་(སྤུ་མདོག་)ཁོལ(བཀལ་བའི་སྐུལ་ཚིག་)།  །མེ་ཁ་ལི་གྱོན་(སྟོད་གོས་གོང་བ་དམར་པོ་)ཁ་ཊྭཱཾ་(ཕྱག་མཚན་)བཟུང་།  ཁ་རལ་ལོ་(ལོའི་མིང་)པས་ཁམ་ཕོར་(རྫ་ཕོར་)བཙོངས།  ཁ་ཚར་(དར་སོགས་ཀྱི་)ཁུག་མར་(སྣོད་)ཡོད་ཁག་ཁུར(འགན་བླང་བ་)།  ཁོལ་མར་(སྐར་ཁུང་)ཁེངས་ཅན་(ང་རྒྱལ་ཅན་)ཁོར་ཟུག་(ཁོར་ཡུག་)ལྷ།  །མེ་ཏོག་ཁ་འབུས་(མྱུ་གུ་དང་མེ་ཏོག་སོགས་ཐོག་ཚར་ཚུལ་)གཡང་ཁུ་ཡེ(ཕྱ་གཡང་འགུག་པའི་དོན་)།  ཁེ་ལེར་(ལས་མེད་པར་)བསྡད་ནས་ཁེ་སྤོགས་(ཚོང་ཁེ་)བྱེད།  ཁྲ་ཁྲོ་(སྤྲོ་ཐུང་)ཁྲུ་སློག་(ས་སློག་)ཁྱི་རར་(རྔོན་པ་)བཙོན།  ཁྱོ་ཤུག་(ཟ་ཚོ་)ཁད་ཀྱི་(དལ་བུ་)ཁ་ཕྱིན་(གྲོས་མཐུན་)བྱེད།  །མུ་ཁྱུད་(མཐའ་འཁོར་)ཁ་དུམ་(ཆམས་པའི་མཐུན་པ་)ཁོང་སྙོམས་(སྒྱིད་ལུག་)ལུས།  །བྱ་ཁྱུང་(མཁའ་ལྡིང་)ཁྲོ་ཐུང་(གེ་སར་བློན་པོ་)ཁ་རྐྱང་ངོ་།  །མཁུར་ཚོས་(བྱད་ཀྱི་)མཁྱིད་(ཚད་)གང་ཡོད་པའི་མཁོལ(མཐའ་)།  །མཁན་ལུང་(སྦས་ཡུལ་)མཁོ་གནད་(དགོས་གལ་ཆེ་བ་)ཉེར་མཁོ་(ངེས་པར་དགོས་པ་)ལ།  །མཁལ་ཞོ་(སྨན་)དང་བསྲེས་ནམ་མཁའ་(བར་སྣང་)གང་།  །གཏོ་མཁན་(གཏོ་བཅོས་བྱེད་མཁན་)མཁལ་གཤམ་(གོས་ཀྱི་)མས་འཕུལ་ཁའོ།  །བསྐྲད་པས་འཁྲད་པ་(བགེགས་གཏོར་སོོགས་བཏོན་ནས་ཐོན་པའི་དོན་)འཁམས་པ་(བརྒྱལ་བ་)ན།  །ནོར་འཁྲུལ་(མ་ཤེས་པ་)རླུང་གི་(སྐྱོད་བྱེད་)འཁྲུལ་འཁོར་(རླུང་གི་)དང་།  །འཁྱོས་མ་(ཟས་ནོར་སྟེར་བའི་དོན་)འཁོར་གསུམ་(མདའ་གྲི་མདུང་གསུམ་)འཁར་གསིལ་(དགེ་སློང་གི་)བཅས།  །འཁོས་དཔགས་(རང་སྟོབས་ལ་གཞིགས་པའི་)འཁྲི་ཁུང་(ཡོང་ཁུངས་)འགན་འཁྲི་(འགན་འཁེལ་བ་)ཀུན།  །མཇུག་འཁྱོངས་(མཐར་ཕྱིན་པའི་དོན་)སྦོས་འཁྲོགས་(གྲོད་པ་སོགས་)བདེ་འཁྱུག་འཁྱུག(འགྲོ་ལུགས་)  །མེ་རླུང་འཁྲིགས་པ་(སྤྲིན་དང་རྡུལ་དཀྲིགས་པ་)འས་འཕུལ་ཁའོ།  །ག་རུ་(གང་དུ་)ག་ལེ་(དལ་པོ་)ག་ལ་བར།  །ག་ཞ་(མཁའ་འགྲོའི་ཞིང་)གལ་ཏེ་གལ་སྲིད་དུ(འོན་ཏེ་དོན་གཅིག་)།  །གུར་གུམ་(བཟང་སྨན་)གེ་སར་(མེ་ཏོག་ཟེའུ་འབྲུ་)གེལ་པ་(ཤིང་ལོ་མ་ཅན་གྱི་དུམ་བུ་)ཀུན།  །གོ་བོ་(བྱ་)གྱ་ནོམ་(ཕུན་སུམ་ཚོགས་པ་)གོལ་ས་(ནོར་བ་)གྱེན་(ཐུར་)།  །གྲུ་མོའི་(ལག་པའི་)གྲི་གུག་(ཕྱག་མཚན་)བདལ་གླ་(ཁལ་གླ་)བྱེད།  །གྱང་རོ་(ཁང་པའི་)གྱོ་མོར་(ས་རྡོ་རབ་རོབ་)གྲོག་མཁར་(གྲོག་ཚང་དང་དྲང་སྲོང་)ཆགས།  །གྱོད་གཞི་(ཁ་མཆུ་)ཡ་གྱལ་(ནང་ཚན་)གོ་སར་(ས་ཆ་)བརྒྱ(གྲངས་)།  །གྲྭ་བར་(བཙུན་པ་)གྭ་འུ་(འབྲལ་སྤང་)གྭ་ལྟར་(གདོང་གི་)མཛེས།  །གྲུམ་ལྤགས་(སེམས་ཅན་གྲུམ་པའི་)གྲོ་ལོ་(སྤུ་མདོག་)ཡིན་ལགས་གྲང་(ཐེ་ཚོམ་)།  །གྲུམ་རྩེར་(གདན་)བློ་གྲོས་(ཤེས་པ་)གླེང་གཞི་(ཡོང་རྐྱེན་)བྱེད།  །གྱི་ན་(ཞན་པའམ་དམན་པ་)གྱིན་འདའ་(དམན་པའམ་ཕལ་པ་)གོ་འདུན་ཚོགས(སྣ་ཚོགས་)།  །གྲེ་བོ་(གསོན་འདྲེ་ཕོ་དང་མོ་)གྲེ་མོ་ག་རྐྱང་ངོ་།  །སྡང་དགྲ་(ཚུར་རྒོལ་)ལྟག་དགྱེད་(ལུས་པོ་)དགྱེ་དགུ་(མི་བརྟན་པའི་དོན་)བྱེད།  །དགང་གཟར་དགང་བླུགས་(སྦྱིན་སྲེག་གི་)དགང་བར་བྱ(སྣོད་འགེངས་པའི་བྱ་བ་)།  །དགུ་ཙེར་(གཏོར་ཆུའི་སྣོད་)ནོར་བུ་དགའ་འཁྱིལ་(ནོར་བུའི་བྱེ་བྲག་)སོགས།  ད་ཡིས་འཕུལ་བའི་ག་ཡིག་གོ  །ཁྲོ་བོ་(ལྷ་)ཞབས་བགྲད་(ཕྱིར་)མངན་མི་བགྲང་(སྐྱོན་མི་བརྗོད་པ་)།  །བ་ཡིས་འཕུལ་བའི་ག་ཡིག་གོ  །མགོན་ཁང་(ཆོས་སྐྱོང་བཞུགས་གནས་)མགོན་པོར་(ཆོས་སྐྱོང་)མགྲོན་བུས་(ཀརྵ་པ་ཎི་)བརྒྱན།  །མགྲོན་གཉེར་(ལས་ཚན་)མགོ་འཁོར་(མི་ཤེས་པའི་བྱེ་བྲག་)མགོ་སྙོམས་མེད(བཟང་ངན་སྙོམས་མིན་)།  །མགུལ་ལྷ་(བོད་ཀྱི་མགུར་ལྷ་ཡང་)བཅུ་གསུམ་མས་འཕུལ་གའོ།  །མི་འགྱུར་(བརྟན་པའི་གནས་)འོག་འགྱུ་འགྱུས་པ་(རྣམ་རྟོག་སྐྱེས་པའི་དོན་)དང་།  །འགོ་སྣམ་(གོས་བཟོ་རྒྱུ་)ལ་སོགས་འ་འཕུལ་གའོ།  །རྒྱལ་ཁབ་(རྒྱལ་ཁང་)རྒྱང་བུ་(མདོས་ཀྱི་)རྒྱང་གྲགས་བསྐྱལ།  །རྒྱལ་མོ་(བཙུན་མོ་)འཚང་རྒྱ་(སངས་རྒྱས་པའི་མ་འོངས་པ་)སངས་རྒྱས་སོ(འདས་)།  །ཕོ་རྒོད་(མི་རྒོད་)རྟ་རྒོད་(རྟ་མ་ཐུལ་བ་)རྒྱུས་(ལམ་སོགས་)ཡོད་ཀྱིས།  །རྒྱ་(དང་)བོད་རྒྱུ་སྐར་(ནམ་མཁའི་)རྒྱས་གདབ་(ཐེའུ་སོགས་ཀྱིས་)བོ།  །རྒྱ་འདྲེ་(འཁྲུག་པ་སོགས་)རྒྱ་ཡན་(ཡངས་པ་)རྒྱུ་འགྲུལ་(ལམ་གྱི་)བཅད།  །རིགས་རྒྱུད་རི་རྒྱུད་ཆུ་རྒྱུད་(འདི་གསུམ་གོ་སླ་)དང་།  །རྒྱུན་ལུགས་(སྔར་ལུགས་)མདོ་རྒྱུད་(ཆོས་)རྒྱུད་སྡེའི་(བཞི་དྲུག་)རྒྱུགས(དཔེ་རྒྱུགས་སོགས་)།  །ཐོད་རྒལ་(རྫོགས་ཆེན་གྱི་)རྒྱ་མའི་(ཡི་གེ་རྒྱ་མ་སོགས་)ལོ་རྒྱུས་(གཏམ་རྒྱུས་)དང་།  །སྟོབས་རྒྱུ་(ཀླུ་)སྦྲུལ་ལ་རྒྱ་མདུད་རྒྱག(མདུད་སྐོར་)  །རྒྱ་སྐྱེགས་(ཚོས་ཤིང་)རྒྱང་ཤིང་(རྐོ་བ་སོགས་རྒྱོང་བྱེད་ཤིང་)ར་གའོ།  །སྒྲ་གཅན་(གཟའ་)སྒུར་པོ་(མདུན་དུ་གུག་པ་)གཏེར་སྒྲོམ་(སྣོད་)འཛིན།  །ན་བཟའ་(གོས་)སྒྲགས་མས་སྒྲགས་ཡང་རྫོང་(ཡུལ་)།  །མདོ་སྒྱུ་(རྙིང་མ་བཀའ་མ་)སྒྲུབ་ཐབས་(ལྷ་སྒྲུབ་ཚུལ་)སྒྲོས་གཙང་(སྤུས་དག་པ་)སྒྲོན།  །ར་སྒྲེང་(བྱང་)སྒོས་གཞིས་(མི་ཆེན་གྱི་རང་ཁྱིམ་)ས་ག་འོ།  །རྒྱ་ལམ་(སྐབས་སྐབས་དུས་དང་གཞུང་ལམ་)རིགས་བརྒྱ་(ཞི་ཁྲོའི་ལྷ་ཚོགས་)བ་རའི་གའོ།  །ཚོང་བསྒྱུར་(དངོས་ཟོག་སོགས་)འཁོར་ལོས་བསྒྱུར་རྒྱལ་(གླིང་བཞི་ལ་དབང་བའི་རྒྱལ་པོ་ལྟ་བུ་)རྣམས།  །བས་འཕུལ་ས་མགོ་ལྡན་པའི་གའོ།  །ལྷ་ཡི་མངོན་རྟོགས་(ལྷའི་སྐུ་མདོག་ཕྱག་མཚན་)མས་འཕུལ་ངའོ།  །རྔ་མ་(མཇུག་མ་)རྔ་བྱེད་(ཟོར་བ་སོགས་)རྔམ་བརྗིད་(འཇིགས་ཟིལ་)ཅན།  །ར་མགོ་ལྡན་པའི་ང་ཡིག་ཡིན།  །སྔོ་ནི་(དོ་ལེ་སོགས་)སྔོན་བུ་(བཤལ་སྨན་མེ་ཏོག་སྔོན་པོ་)ས་ངའོ།  །བསྔགས་བརྗོད་(བསྟོད་པ་)ཆེད་དུ་བསྔགས་པ་ནི(སྔགས་བཏབ་པའི་འདས་ཚིག་སོགས་ཀྱང་)།  །བས་འཕུལ་ས་མགོ་ལྡན་པའི་ངའོ།  །ཅི་ཡང་(གང་ཡང་)ཐབས་ཅིག་(དོན་གཅིག་)ལྷན་ཅིག་པ།  །ཅོག་གཞག་(མི་གཡོ་བ་)ཅ་རྐྱང་འཁྲུལ་མི་བྱ།  །བཅའ་ཤས་(རིམ་གྱིས་)བཅའ་ཡངས་(རིམ་གྱིས་ཆུང་དུ་བཏང་བ་)བཅའ་འཕྲང་(ལམ་འཕྲང་)བཅས།  །བ་ཡིས་འཕུལ་བའི་ཅ་ཡིག་གོ  །རྟ་ལྕག་ལྕག་ཚན་(རྟ་སྐུལ་བྱེད་)ལར་བཏགས་ཅའོ།  །སྤྱི་ཆིངས་(མང་པོ་འདུམ་པ་)ཆིག་དྲིལ་(གཅིག་དྲིལ་)ཆར་མི་ཕོད།  །ཆངས་བུ་(ཟན་གྱི་)ལྷག་ཆད་(ཆོ་ག་སོགས་ལ་)ཆེ་གེས་(མིང་གི་སྤྱི་)བསྐངས།  །གོས་ཀྱི་ཆ་ག་(གོས་གཤམ་)ཆུང་ངུ་(མི་ཆེ་བའི་དོན་)ནི།  །ཆུ་ཚོད་(གཟའ་སྐར་གྱི་)ཆུ་སྲང་(ཆུ་ཚོད་བརྩི་བྱ་)ཆ་ལ་(གསུམ་ཆ་ལྟ་བུ་)བསྒྲིལ།  །ཆུ་བུར་(ལུས་ལ་རྡོལ་བ་)གས་ཆག་(སྐྱོན་ཤོར་བའི་དོན་)འུབ་ཆུབ་(ཀུན་ཆུབ་པ་)སྟེ།  །ཆོ་འཕྲུལ་(ཟླ་དང་པོའི་)ཆེན་པོར་(མི་ཆུང་བ་)ཆད་ལྷག་(མཐའ་)མེད།  །ཆས་ཀ་(ལྷོ་ཕྱོགས་སོགས་)ཆ་ཤས་(ཕྲ་བའི་དོན་)ཆ་རྐྱང་ངོ་།  །མཆོངས་ཀྱི་(གཟིའི་བྱེ་བྲག་)མཆོད་རྟེན་(ཐུགས་རྟེན་)མཆེད་པོས་(སྤུན་)བཞེངས།  །མས་འཕུལ་ཡིན་ཅིང་དབུས་འགྱུར་འཆང་(ཡུལ་གྱི་དབུས་ཆེན་པོ་)།  །ཉི་མ་འཆར་ཀར་(ཉི་མ་ཤར་མ་ཐག་)ཡི་ག་འཆུས་(ཟས་ཁམས་ལོག་པ་)།  །གསར་དུ་འཆོས་(བཅོས་པའི་ད་ལྟ་བ་)སོགས་འས་འཕུལ་ཆའོ།  །ཇེ་ཡི་(དང་པོ་)ཇ་སིག་(ཇ་སྒོམ་སོགས་དོ་ཚད་)ཇེ་ཆུང་(རེ་རེ་ནས་ཆུང་བར་)ཇིག་(བརྟན་པ)།  །ཇུས་(བྱུས་ཀྱང་འདམ་ང་)དང་ཇུ་ཙེ་(འབྲུའི་བྱེ་བྲག་)ཇ་རྐྱང་ངོ་།  །འཇང་ཡུལ་(ཁམས་ཀྱི་)འཇེན་མོས་(བུད་མེད་)འཇུར་མིག་(ཀོ་ཐག་སོགས་ཤན་ས་)དྲངས།  །འདོད་འཇོའི་བ་(བ་མཆོག་)ལ་འཇོལ་བེར་(གོས་)བཀལ།  །འཇོལ་ཉོག་(ཤས་ཆེ་བའི་དོན་)འཇག་མིག་(རྩ་འཇག་མའི་བུ་ག་)འ་ཇ་འོ།  །ཉམ་ཆུང་(འཁོས་ཞན་པ་)ཉ་བོར་(དགྲ་བོ་)ཉམས་སད་(ཚོད་བླང་བ་)བྱས།  །ཉམས་ལེན་(ཆོས་ཀྱི་)ཉམས་མྱོང་(བྱེད་མྱོང་)ཉ་གང་ཟླ་(བཅོ་ལྔའི་ཟླ་བར་)།  །ཉིང་མཚམས་(ཤི་བའི་བྱེ་བྲག་)སྦྱོར་དུས་ཉ་ར་(གཉེར་བ་)བྱས། །ཉེ་ལམ་ཉེ་ཆར་(ཉེ་དུས་)ཉུལ་ལེ་(བར་གཅོད་)བསྲུང་།  །ཉྭེའུ་(ཉ་ཆུང་)ཉེ་ཚེར་(དམྱལ་བ་)སྐྱེ་ཉེན་(དོགས་པ་)ཡང་།  །ཉབ་ཉོབ་(ཉོག་ཉོག་)སྤོངས་ལ་ཉ་བཞི་(རྐང་ལག་གི་སྒྲིམ)།  །ཉ་རྐྱང་ཡིན་ཅིང་གཉེར་(ལས་ཚན་)པ་དང་།  །མགྲོན་གཉེར་(ལས་ཚན་)གཉེན་མཚན་(ཉེ་འབྲེལ་)གཉིས་(གྲངས་)འཛོམས་ནས།  །གཉལ་(བྱར་ཡུལ་དང་འདྲེས་པ་)གྱི་ཡུལ་འགྲོ་ག་ཡིས་འཕུལ།  །ཆུ་ཡི་རྙོག་མ་(ཆུ་ཉོག་པ་)རྙེད་དཀའི་ལུས་(དལ་འབྱོར་ལུས་)།  །ར་མགོ་ལྡན་པའི་ཉ་ཡིག་གོ  །སྙན་ངག་(རིག་བྱེད་བཞིའི་ཡ་གྱལ་)རྩོམ་ལ་སྙན་གསན་(སྙན་ཞུ་)དབབ།  །སྙིང་རུས་(སྡུག་ཁུར་)བསྐྱེད་ནས་སྙན་ཞུ་(འདོད་ཞུ་བ་)ཕུལ།  །ས་མགོ་ལྡན་པའི་ཉ་ཡིག་གོ  །མགོ་བརྙན་(ལྷའི་དབུ་)སྣང་བརྙན་(ལྷ་སྐུ་)བ་རའི་ཉ།  །བསྙོ་ཁ་(གནས་དང་ལྷ་)བས་འཕུལ་ས་མགོའི་ཉའོ།  །རི་བོ་ཏ་ལར་(གྲུ་འཛིན་)སླེ་ཏྲེ་(ཤིང་སྨན་)སྐྱེས།  །ཏ་ལའི་ཤིང་(རྒྱ་གར་གྱི་ཤིང་)ལ་ཏིལ་མར་(སྣུམ་)བྱུགས།  །ཡང་ཏིག་(སྙིང་པོ་)ལམ་ལ་ཏ་ལེ་(འགྲོ་བའི་དོན་)འགྲོ།  །མུཀྟི་ཀ་དང་ཏི་ཚ་(ཟངས་རྩི་)ཉོས།  །ཏོ་ལ་(འདེགས་ཚད་)ཏལ་དཀར་(ཚེ་རིང་མའི་)ཏི་ལ་ཀ་(འོད་ཀོར་རམ་ཐིག་ལེ་ལྟ་བུ་ཀོར་ཀོར་)།  །གཽའུ་ཏ་མའི་(ཤཱཀ་ཐུབ་)གསུང་པོ་ཏི་(གླེགས་བམ་)ཏྲེ་བོ་(ཁམས་ཡུལ་དང་)སྤོ་ཏེ་(སྤོ་མཐོ་)ཏ་རྐྱང་ངོ་།  །གཏི་ཐུག་(འུ་ཐུག་)གཏན་གྲོགས་(ཟ་གྲོགས་)ཅི་ཞིག་བྱ།  །གཏུམ་མོའི་མེ་(རླུང་གི་)ཡི་བྱིན་གཏའ་(ཕབ་རྒྱུན་)ནི།  །གཏིང་ཕྱིན་(ཕུལ་ཕྱིན་)པ་ལ་གཏོ་བཅོས་(ཐབས་བཅོས་)མེད།  །བྱེད་གཏེ་(བྱེད་གཞི་)གཏུ་ལུམ་(བཟི་བ་)གཏི་བ་(སྨྲ་བ་)སོགས།  །ག་ཡིས་འཕུལ་བའི་ཏ་ཡིག་གོ  །གསོལ་བཏབ་(འདས་ཚིག་)བཏང་སྙོམས་(ཕྱོགས་རིས་མེད་པ་)བཏགས་ཆགས་ལྷ་(ངེས་ཚིག་གི་ཟིན་མིན་ལྷ་)།  །བྱེས་བཏེག་(སྤོས་པ་)མེ་བཏང་(འདས་ཚིག་)བས་འཕུལ་ཏའོ།  །ཡིག་རྟེན་(ཊམ་དར་སོགས་)ཕྱག་རྟགས་(འཁྱོས་མའི་ཞེ་ས་)མངོན་རྟོགས་(ལྷའི་)ལྟར།  །རྣམ་རྟོག་(སེམས་)རྟོག་དཔྱོད་(བརྟག་དཔྱད་)བྱ་ཁུག་རྟ།  །བྱ་ཐོག་རྟིབ་(གཏིབས་ཀྱང་སྣང་)སོགས་ར་བཏགས་ཏའོ།  །ལ་སྟོང་(ལ་ཉག་)ཡངས་པོར་ལྟ་བ་མཐོ་(ང་རྒྱལ་)།  །ལྟ་བས་ཆོག་མི་ཤེས་(ངོམ་པ་མེད་པ་)པ་དང་།  །ལྟེང་ཙེ་(གོས་དང་ཁལ་སོགས་ལ་བསྣན་ཕན་བརྒྱབ་པ་)ཁྱེར་ནས་ལྟེབ་འོག་(སྟེང་འོག་)འགྲོ།  །དེ་ལྟར་(དེ་བཞིན་)ལྟབ་གྲི་(མཚོན་)ལྟེམས་འགུལ་(མི་བརྟན་པའི་དོན་)བྱེད།  །སྐུ་ལྟེམས་(ན་བའི་ཞེ་ས་)འོག་ལྟུང་(ལྷུང་བ་)ལྟབ་ལྟོབས་(བསྐུལ་ཚིག་)ཤིག  །ལྟ་ན་སྡུག་(མཛེས་ཤིང་ཡིད་དུ་འོང་བ་དང་)ལྟོས་བཅས་(རེ་བ་པོ་)སོགས་ལ་མགོ་ལྡན་པའི་ཏ་ཡིག་གོ  །ལེགས་ཉེས་སྟངས་འཛིན་(མཚམས་ཆོད་བྱེད་པ་)སྟངས་དཔྱལ་(ནང་ཚང་སོགས་མཐུན་པའི་རིགས་)ནི།  །བསྟི་སྟང་(མཆོད་པ་)ཞལ་སྟོབ་(ཞལ་དུ་གསོལ་བའི་ད་ལྟ་བ་)ས་ཏའོ།  །གང་བརྟོལ་(གང་ཕྱིན་)མ་རིག་ཀུན་བརྟགས་(མ་རིག་པ)།  །རབ་བརྟས་(རབ་རྒྱས་)བརྟན་མ་(བོད་སྐྱོང་བརྟན་མ་བཅུ་གཉིས་)བ་རའི་ཏའོ།  །བསྟི་བའི་(སྡོད་གནས་སམ་ངལ་གསོ་བའི་)གནས་སུ་གཟེངས་བསྟོད་(དབུ་འཕང་བསྟོད་)བྱེད།  །ལག་བསྟར་ལོ་བསྟར་གྲལ་བསྟར་(བསྒྲིགས་པའི་དོན་)སོགས།  །བས་འཕུལ་ས་མགོ་ལྡན་པའི་ཏའོ།  །ཐེངས་གཅིག་(ལན་གཅིག་)ཐི་བ་(བྱ་)ཐང་ཆད་(ངལ་བ་)ནས།  །ཐམས་ཅད་(མཐའ་དག་)ཐབས་(དང་)ཤེས་(རབ་)ཐར་པ་(ཕྱིར་མི་ལྡོག་པ་)ཐོབ་(དབང་བ་)།  །ཐང་ཤིང་(རོང་གི་ཤིང་)ཐིག་ཚད་(མཁས་པའི་)ཐག་ཆོད་(ཐེ་ཚོམ་མེད་པ་)ནས།  །ཐུན་མཚམས་(ཉིན་མཚན་མཚམས་ཀྱི་ནམ་མཁའ་དམར་སེར་)ཐིག་ལེ་(ཀོར་ཀོར་)ཐོད་པར་(དཔྲལ་བ་)བཏབ།  །ཐོ་ཅོས་(ཤེས་བརྫུ་)ཐོང་གཤོལ་(ཞིང་རྨོ་བྱེད་)ཐབ་ཀར་(མེ་གཏོང་ས་)ཐུག་(ཕན་ཚུན་ཕྲད་པ་)།  །ཐོབ་བྱ་(འབྲས་བུ་)ཐོགས་མེད་(ལེ་ཐོགས་མེད་པ་)ཐོལ་བྱུང་(འབད་རྩོལ་མེད་པར་)ཐལ་(ཐོན་པ་)།  ཐོ་ཐོ་རི་(བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་ཟེར་བ་)བའི་དེབ་ཐེར་(ཐོ་ཡིག་)ནང་།  །བྱིང་བྱིང་ཐུ་ལུ་(འབུ་)ཤ་ཐང་ཐང་(དུང་བའི་དོན་)།  །ཐགས་བཟང་ཐ་ཤལ་ཐ་ག་པ་(ཐགས་མཁན་)།  །ཐོག་མེད་(བྱུང་ས་མེད་པ་)ཐོ་(གཏི་སྐོར་)སྐོར་(ཏེ་སྣོད་)ཐ་རྐྱང་ངོ་།  །གྲུབ་མཐའ་(ཆོས་ལུས་སོགས་)གཅིག་པས་མཐའ་བྲལ་(རྟག་ཆད་ཀྱི་མཐའ་བརྒྱད་སོགས་དང་)རྟོགས་།  །མ་ཡིས་འཕུལ་བའི་ད་ཡིག་གོ  །ཆུ་འཐིགས་(ཆུ་ཐིགས་ཀྱང་)འཐབ་གཞོབ་(བཙོག་ཏུ་བཤོར་བ་)འཕུལ་འཐོབ་(ཡི་གེའི་སྔོན་འཇུག་)དང་།  །འཐབ་རྩོད་(ཕན་ཚུན་འཁྲུག་པ་)ཨ་འཐས་(ཨུ་ཚུགས་སམ་ཞེན་ཆེ་བ་)འས་འཕུལ་ཐའོ།  །དྲུང་འཁོར་དྲུང་ཇར་(འདི་གཉིས་གོ་སར་བཞེད་)ཁེངས་དྲེགས་(ང་རྒྱལ་)དྲོན་(ལག་དྲོན་ཆེ་ཆུང་)།  །དྭགས་བརྒྱུད་(ཆོས་ལུགས་)མཚམས་བཅད་གནད་ལ་དྲིལ་(དོན་ལ་ཧྲིལ་གྱིས་)།  །ཡི་དྭགས་(རིགས་དྲུག་གི་)རི་དྭགས་(སེམས་ཅན་རི་ལ་སྡོད་པའི་)ཅི་ཡང་དྲངས།  །གཡག་དྲུས་(ལོ་ན་)ལ་སོགས་ད་རྐྱང་ངོ་།  །གདོས་བཅས་(ལུས་)ཕུང་པོ་གདེངས་ཀས་(སྦྲུལ་ཐོད་)མཛེས།  །གདུབ་སྐོར་(སོར་གདུབ་)གདུབ་སིལ་(རྒྱན་གྱི་སྒྲ་)འཁྲོལ་བཞིན་དུ།  །གདོས་བུ་(སྣོད་ཆུང་)གདུགས་ཚོད་(གུང་ཚིགས་)ཀྱིས་བཀང་སྟེ།  །ཚ་གདུང་(ཚད་གདུང་)བྱུང་བ་གས་འཕུལ་དའོ།  །སྙིགས་མ་ལྔ་བདོའི་(དུས་དར་བའི་)བདོས་པའི་(དར་བ་)འགྲོ  །བདེ་ཅན་(ནུབ་ཀྱི་ཞིང་བཀོད་)རྫོང་བདའ་(དོས་རྟ་སོགས་)བདེ་བླག་(མི་རིང་བའི་དོན་)བྱེད།  །བ་ཡིས་འཕུལ་བའི་ད་ཡིག་གོ  །རྨ་བྱའི་སྒྲོ་མདོངས་(བུམ་པའི་ཁ་རྒྱན་)མདོང་མོར་(ཇ་མདོང་)བཙུགས།  །མདའ་དཔོན་(དམག་དཔོན་)མདུན་མར་(ཆུང་མ་)མེ་མདག་(མདག་མེ་དང་དོན་གཅིག་མེ་དུ་བ་མེད་པ་)ཕུལ།  །མདོ་སྔགས་(ཆོས་)ལ་སོགས་མས་ཕུལ་དའོ།  །འདི་ན་(འདི་རུ་)འདུ་བ་(ལུས་)འདི་ག་(འདི་རང་)སྙོམས།  །འདན་མ་(གླིང་གེ་སར་བློན་པོ་)འདོ་ལི་(སྣམ་རས་ཁུད་དུ་)ཕུ་འདུང་(གོས་ཀྱི་)དང་།  །འདྲོན་པ་(ཞུ་རེ་འདྲེན་ཞེས་རེ་དོགས་བྱེད་པའི་དོན་)ལ་སོགས་འས་འཕུལ་དའོ།  །རྡོ་རུས་(སྙིང་རུས་མཐར་ཕྱིན་)ཐུག་ནས་ཀློང་རྡོལ་(རྩོལ་མེད་ཤེས་རབ་སོགས་)ཞིང་།  །རྡིག་སྒྲ་(རྡོག་སྒྲ་ལྟ་བུ་)བཏོན་ནས་མགོ་རྡོག་རྡོག་(ཆུ་ནང་སོགས་ནས་)།  །ཐབ་རྡུགས་(འུ་ཐུག་དོན་)ལྗགས་རྡུགས་(ཟད་པའི་དོན་)ར་དའོ།  །ལྷ་ལྡན་(དབུས་)ནམ་མཁའི་ལྡིང་ཁ་(མཁའ་ལ་འཕགས་པའི་གནས་)ནས།  །ལྡིང་ལྡིང་(ལིང་ལོང་)ཉི་ལྡོག་(དབྱར་དགུན་གྱི་)རྨང་ལྡེག་ལྡེག་(རྩ་བ་ནས་)ལྡེམ་ལྡེམ་བློ་(ཐེ་ཚོམ་མམ་དམ་ལྷོད་ཅན་གྱི་སེམས་)སོགས་ལ་དའོ།  །སྡེ་བ་(སྡེ་བཞིའི་)སྡོང་གྲོགས་(རོགས་རམ་)ཁམས་སྡེ་དགེ་(བོད་ཆེན་པོའི་དབུས་)།  །ལྷ་མིའི་སྡེ་(དགོན་སྡེ་དང་གྲོང་སྡེ་)སོགས་ས་བཏགས་དའོ།  །གསར་རྙིང་བརྡ་ཡི་(སྐད་)བརྡ་སྤྲོད་(དག་ཡིག་སོགས་)དང་།  །གོ་བརྡ་(གོ་བར་བྱེད་པ་)སྤྲོད་པ་བ་རའི་དའོ།  །གནང་ཆེན་(གཙིགས་ཆེ་བ་)འོག་ཏུ་གནོན་པ་(མནན་པའི་ད་ལྟ་བ་)ལ།  །གྲིབ་གནོན་(གདོན་)གནམ་གང་(ཚེས་གྲངས་)གས་འཕུལ་ནའོ།  །མནོལ་རིགས་(རུས་)ནད་མནར་(ནད་བཏབ་པའི་དོན་)མནོལ་བསང་(ལྷ་བསང་)བཏང་།  །ནུ་མ་(མ་མའི་)མནུན་མནུན་(བླུད་པ་)གདམས་ངག་མནོས་(ཉན་པ་)།  །མནར་གཅོད་(བསད་བརྡུང་སོགས་སྡུག་བསྔལ་)མནག་པར་(བཟོད་པར་)མནད་མནད་(སྙིང་ན་བྱེད་པའི་དོན་)བྱེད།  །མ་ཡིས་འཕུལ་བའི་ན་ཡིག་གོ  །རྣམ་ཀུན་(རྟག་ཏུ་)རྣམ་དཔྱོད་(ཉམས་དོད་པ་)རྣམ་དབྱེའི་(སྒྲའི་)དོན།  །རྣམ་འགྱུར་(སྣང་ཚུལ་)རྣ་བ་(དབང་པོ་)རྣ་བླགས་(རྣ་བ་ཉོན་ནམ་གཏོད་ཟེར་བ་)དང་།  །རྣ་རུ་(འཁྲིག་པའི་ཚིག་)ལ་སོགས་རྣའོ།  མི་སྣ་(འགྲུལ་བ་དབང་ཆེན་)སྣ་ག་(ཚོ་ཚན་མི་འདྲ་བ་)མང་པོ་ལ།  །སྣོད་སྤྱད་(ཇ་སྣོད་)མ་སྣད་(མ་སྨས་པའམ་སྐྱོན་མེད་)ས་ནའོ།  །ལྐོག་ཏུ་བརྣོགས་(མི་མངོན་པར་)ནས་དུས་བརྣུར་བ་(ཉེར་བཏང་བ་)།  །བ་ར་ལྡན་པའི་ན་ཡིག་གོ  །པ་ལོ་(སྐྲའི་)པྲ་ཁྲིད་(ཁྲིད་ཡིག་དཔྱད་)ས་བཟང་(ས་ཆ་སྐྱོན་མེད་པ་)པ་ཏ་ཀ་(བ་དན་)འཕྱར་པོ་ཏི་(གླེགས་བམ་)འཛིན།  །པང་ལེབ་(ཤིང་ལེབ་ལས་)ལ་སོགས་པ་རྐྱང་ངོ།  །བར་གྱི་དཔྲག་གི་(ཕན་ཚུན་མཚམས་)དེད་དཔོན་(ཚོང་པ་)ལ།  །དཔལ་འབྱོར་(ཕུན་སུམ་ཚོགས་པ་)དཔལ་བེའུ་(རི་མོ་)ད་པ་འོ།  །སྤོ་མཐོའི་(བྲག་རི་སོགས་)སྤོ་བོའི་(རྒད་པོ་)སྤྲིངས་ཡིག་(ཕྲིན་ཡིག་)ལ།  །སྤོ་རོང་(ཡུལ་)སྤར་ཁ་(རྩིས་ཀྱི་)སྤྱི་ཕུད་(གྲངས་)བསྐོར།  །སྤོས་ཤེལ་(རིན་ཆེན་སྦུར་ལེན་)སྤོམ་མདའ་(རྩིས་ཀྱི་ཐབས་བཅོས་)སྤེས་(གོས་སྐུ་སོགས་)ལ་བཀོད་(པ་)།  །སྤྱོད་ཡུལ་(འགྲོ་ཡུལ་)སྤག་རར་(ཁང་པའི་)སྤང་ཀོང་(ཀླུའི་)ཀློག  །སྤང་མ་(ཚོན་)སྤོར་གང་(སྲང་གི་)སྤོར་ཐང་(ནག་རྩིས་ལུགས་)གསལ།  །ས་མགོ་ལྡན་པའི་པ་ཡིག་ཡིན།  །ཕར་ཕྱིན་(ཡང་དག་པ་)ཕན་ཡོན་(དགེ་བ་)ཕ་མར་(ཨ་པ་ཨ་མ་)བསྔོ།  །ཕན་ཆད་ཕན་ཐོགས་(སྨན་པ་)ཕབས་རྒྱུན་(གཏའ་)ནི།  །ཕོགས་ལ་(ལྟོ་)ཁེ་ཕམ་(རྒྱལ་ཕམ་)ཕམ་ཕབ་(ལྷག་མ་)མེད།  །ཕྱིན་ཅི་མ་ལོག་(ལོག་པར་མ་སོང་བ་)ཕྱམ་ཕྱད་(མཉམ་ཉིད་)ལམ།  །ཕྱི་མོ་(ཨ་མའི་ཨ་མ་)ཕ་གིས་(ཆུ་ཕ་གི་ལྟ་བུ་)སྤུ་ཕྲུག་(སྣམ་བུ་)གྱོན།  །ཨམ་ཕྲག་(གོས་སྲུབ་)ཕྱི་(དང་)ནང་དབྱེ་བ་ཕྱེད་(འདས་)།  །ཕྱལ་ཡས་ཨ་ཕྱི་མི་སྣ་(ཕོ་བྲང་གི་རྒྱ་)ཕིབས།  །བཀའ་ཡི་ཕྱིང་སང་(བློན་པོའི་མིང་)ཕྱམ་ཙེ་(གོས་)གྱོན།  །མོ་ཕྱྭ་(ཤོ་མོ་སོགས་)ཕུལ་(ལག་པའི་)གང་ཕུལ་ཕྱིན་(མཐར་ཕྱིན་)གྲུབ།  །ཕ་རི་ཚུར་རིའི་(རི་ཕན་ཚུན་)ས་ཕེད་ན་(ས་དང་ཤ་ཕེད་དང་མི་ཕེད་འདྲ།)  །ཕྲ་ཕྱག་(རྡོ་རྗེ་ཕུར་བའི་འཁོར་)ཕྱམས་ཅིག་(ལྷན་ཅིག་)ཕྱ་ལེ་བཞག་(འཆོས་མེད་)།  །ཞབས་ཕྱགས་(ཟོན་པ་)ཕྱགས་ལྷམ་ཕ་རྐྱང་ངོ་།  །འཕོ་བ་ཐེབས་ནས་གནས་སུ་འཕོས།  །གཟེགས་མ་(དངོས་པོ་ཕྲ་)འཕིར་སྐྱེན་(ཆུ་སོགས་འཐོར་བ་)མགོ་ལ་ཕོག་(རྡོ་སོགས་)།  །རྡོག་པས་(རྐང་པས་)འཕུལ་མིན་འཕྱང་མོ་ཉུག་(ཐེ་ཚོམ་)།  །འཕེའུ་(གསོལ་ཁ་)འཕན་པ་(ཆག་པ་)འཕན་གདུགས་དང་(མཆོད་རྫས་)།  །འཕངས་པའི་(གཅེས་ནོར་སྟེར་མི་ཕོད་པ་)འཕང་ལོ་འཕྲིག་འཕྲིག་(ཤ་ཁུ་སྤྱིན་ལྟར་ཆགས་པ་)ཟ།  །མདོས་འཕྱོངས་(མདོས་རྫས་བསྔོ་བ་)ལ་སོགས་འས་འཕུལ་ཕའོ།  །བས་མཐར་(ཟད་པའི་མཐའ་)བག་ཆགས་(རྣམ་ཤེས་)བག་ཡོད་(དྲན་ཤེས་དང་ལྡན་པ་)བྱུས།  །བྱ་མ་བུམ་(སྤྱི་བླུགས་)ལ་བྱི་དོར་(ཕྱིས་པའི་)བྱས།  །ཕྱུགས་བྲེས་(བྲེས་ཀ་)སྐྱུག་བྲོ་(མི་གཙང་བ་)ཆབ་ཀྱིས་བྲན་(ཆུས་)།  །བྱིན་པ་(རྐང་)རྒྱས་ནས་བླ་བྲང་(བླ་མའི་ཕོ་བྲང་)སླེབས།  །གཅིན་པ་བྲོ་ནས་བྱིང་རྒོད་བསལ།  །བྱི་རུའི་(ཕལ་ཆེར་བྱུ་རུ་འདྲི་ཡང་དཔེ་འགའ་རེར་བྱེ་རུ་ཡང་)འཁྲི་ཤིང་བགས་ཀྱིས་མཐོ།  །བོད་སྒྲས་བོས་པ་(བོས་ཟིན་པ་)བ་རྐྱང་ངོ་།  །དབྱིན་ཇི་(ཕྱི་རྒྱལ་)ཀྲུང་(རྒྱ་མི་)དབྱང་དས་འཕུལ་བའོ།  །འབག་པ་(འཆམས་པ་)འབའ་ཞིག་(ཤ་སྟག་)སྐུ་འབག་(ཞལ་བརྙན་སོགས་)གྱོན།  །གཟུགས་ལ་འབའ་འབུར་(ཤ་མཛེར་སོགས་)མེ་ལྟར་འབར་(མེ་དང་གཟི་བརྗིད་སོགས་)།  །དུང་འབུད་(འདི་གཉིས་མ་འོངས་བདག་དོན་)ཚོགས་པ་འབོད་ལ་(སྐྱབས་ཀྱི་དབྱེ་)ཕྱོགས།  །ཤིང་རྩི་ཁ་འབུས་(མྱུ་གུ་དོན་པ་)འབོར་ཆེ་(ཕོན་)ཞིང་།  །གན་རྒྱའི་འབའ་ལ་(ཉེས་པ་)འབུ་རས་(རས་ཀྱི་བྱེ་བྲག་)བཅུག  །དཔའ་འབྱུམ་(ཁུམ་པ་)འབེལ་གཏམ་(ཡང་དག་པའི་གཏམ་)འས་འཕུལ་བའོ།  །རྦ་ཀློང་(ཆུའི་)རྦ་རླབས་(མཚོ་སོགས་ཀྱི་)རྦད་ཆོད་(མཚམས་ཆོད་པ་)ནས།  །རྦོད་གཏོང་(བྱུར་)བཟློག་པ་ར་བཏགས་བའོ།  །མི་ལུས་སྦལ་བ་(བཙོན་)སྦྲེ་ལོག་(རྒྱབ་མདུན་བརྗེ་བ་)བྱེད།  །ཁྱེམ་སྦྱག་(ལྕགས་ཁྱེམ་གྱི་མིང་)གིས་སྦོལ་(བསྲེས་པ་)སྦུར་ལེན་(ཤིང་གཤོག་བྱེད་)བརྒྱབས།  །སེར་སྦྲེངས་(བསུ་བ་)སྦུག་ཆལ་(རོལ་མོ་)སྦུག་གུས་(ལྗགས་ཀྱི་)དྲངས།  །གཞོལ་གྱི་སྦོ་(ལུས་ཀྱི་སྦོ་འོག་)སོགས་ས་བའོ།  །རུལ་བའི་མྱག་(རུལ་པའི་དོན་)ནི་མ་རྐྱང་ངོ་།  །རྨོ་རྨོར་(ཨ་ཕྱི་)རྨེ་བརྩེགས་(ཁྲོ་བོ་)ཁྲུས་གསོལ་སྐབས།  །རྨངས་འདོན་(གསང་ཚིག་འདོན་པའི་བརྡ་)རྨིག་བུ་(སྲོག་ཆགས་སྐྱ་ལེབ་ཟེར་བ་)ར་མའོ།  །རྩིས་ཐང་གབ་ཙེ་(དང་)གབ་ཙེའི་གདན་(གྲལ་བཀོད་)།  །ཙི་ནའི་(རྒྱ་ནག་)ཡུལ་གྱི་ཞྭ་ཙོང་ཙོང་(དབྱིབས་)།  །ཙན་དན་(ཤིང་བཟང་པོ་)ཐོགས་ནས་ཙ་ར་ཆོད་(ཞིབ་ཆོད་)།  །ཙི་ཙི་(བྱི་བའམ་འབྲུ་)ཙ་ན་(འགྲམ་ན་)ཙ་རྐྱང་ངོ་།  །གཙང་རིགས་(དཔལ་མགོན་)དབང་སྡུད་ཟས་གཙང་སྲས་(ཤཱཀ་ཐུབ་)།  །རྟ་ཡི་(རྟའི་སྤུ་)གཙུག་ལ་སྙད་གཙེར་(སྙད་བཏགས་པ་)མེད།  །ག་ཡིས་འཕུལ་བའི་ཙ་ཡིག་གོ  །བསྟན་པའི་བཙས་(ཁ་གསོས་)དང་ལོ་ཡི་བཙའ་(ཞིང་ག་)།  །མེ་བཙའ་(ལུས་དང་ས་གནད་ལ་)བཙའ་མ་(གོས་ཆེན་)བ་ཙའོ།  །རྩ་རླུང་(ཐབས་ལམ་)གོས་རྩང་(གྱེན་དུ་)ར་ཙའོ།  །ཚེས་གྲངས་(ཉིན་ཞག་)ཚད་ལྡན་(ཁུངས་ལྡན་)ཚོར་བའི་(ཤེས་པ་)མོད།  །ཚོགས་གྲལ་(འདུ་ཁང་སོགས་སུ་)ཚོམ་གཅིག་(སྡེབས་གཅིག་)ཚེ་བསོད་(དབང་ཐང་)འཕེལ།  མཐེབ་ཚོན་(མཐེ་བོང་གི་)ཚེམས་(སོའི་ཞེ་ས་)ལ་ཚྭ་ཚྭ་(མེའི་)འཕྲོ།  །ཚངས་པ་(ལྷ་)ནང་ཚང་(ཁྱོ་ཤུག་)གདན་(དབང་ལྷ་)གསུམ་ཚང་།  །ཚར་ཁྲོད་(ཤིང་)ཚིལ་ལི་(ཀླུ་)བྱེ་ཚན་(ཀླུའི་གཉེན་པོ་)གདུང་།  ཁ་ཚོན་ཆོད་ནས་(ཐག་ཆོད་པ་)ཚ་བྲོ་(ལམ་འགྲུལ་གྱི་ལྟོ་དུས་)བཏབ།  །བྱིན་རླབས་ཚན་ཁ་(མ་ཡལ་བ་)འཇིགས་མེད་(མི་སྐྲག་པ་)ཚན།  །རྩ་བ་(གཞི་)ཚུགས་སོགས་ཚ་རྐྱང་ངོ་།  །མཚོ་སྨན་(མཚོ་བདག་ཀླུ་)མཚེར་ས་(སྡོད་ས་)རྒྱ་མཚོར་(ཆུ་གཏེར་)བྱེད།  །སྡུམས་མཚེས་(ཁྱིམ་མཚེས་)གྲལ་མཚེས་(གྲལ་རོགས་)མཚན་བར་བརྡོལ་(མོ་མཚན་ནད་)།  །མཚོ་རྒྱལ་(པད་འབྱུང་གཟུངས་མ་)རུ་མཚོན་(འཕྱར་དར་)མ་ཡིས་འཕུལ།  །ཞི་འཚོ་(མཁན་ཆེན་)འཚོ་ཚན་(སོ་སོའི་)རྟའི་འཚེར་སྐད་(རྟ་སྐད་)།  །འཚང་ར་(ལུས་ཀྱི་)འཚུབ་འཁྱེར་(རླུང་འཚུབ་)འས་འཕུལ་ཚའོ།  །ཛཔ྄་(སྔགས་སྒྲ་)དབྱངས་འདོན་བཞིན་ཛ་གད་(ཆང་)འཐུང་།  །ཛ་དྲག་(དོས་དྲག་པའམ་རིང་བའི་དོན་)ཅན་གྱིས་ཛཱ་ཏི་(སྨན་)ནི།  །བརྡུངས་ཀྱང་ཛ་ཛོར་(སྤུས་དག་མེད་པ་)ཛ་རྐྱང་ངོ་།  །མཛངས་བླུན་(མདོ་)ལ་སོགས་མ་ཡིས་འཕུལ།  །དངུལ་གྱི་འཛའ་ཁྱད་(དངུལ་གྱི་གོང་ཁྱད་)ཁམས་འཛི་ཁར་(ཡུལ་དང་དགོན་པ་)།  །མཐར་འཛུར་(གཟུར་བའི་དོན་)འཛན་དཀའ་(སྦྱོར་དཀའ་)འས་འཕུལ་ཛའོ།  །བསྐྱེད་རྫོགས་(ཉམས་ལེན་)མཁན་གྱི་རྫོང་གཞིས་(གཞུང་གི་རྫོང་ཁག་སོགས་)།  །རྫ་རྔ་(རྔ་ཟླུམ་)བརྡུངས་ནས་སྦྱར་རྫས་(བདུག་རྫས་)བདུག  །ར་མགོ་ལྡན་པའི་ཛ་ཡིག་གོ  །ཕན་ཚུན་བརྫབས་(འདྲེས་པའི་དོན་)ནས་བརྫོག་བྱ་(སྣོད་སོགས་སུ་)རྫོགས།  །བས་འཕུལ་ར་མགོ་ལྡན་པའི་ཛའོ།  །ཞང་པོ་(ཨ་ཞང་)རྟར་ཞོན་(རྟ་པ་)ཉིན་ཞག་ལ་(ཉིན་མཚན་)།  །ཞལ་ནས་(ཁའི་ཞེ་ས་)ཞལ་ཏ་(ཁ་ཏ་)ཞར་བྱུང་(ཞོར་ལ་བྱུང་བ་)ཞིག  །དྲག་ཞན་(བཟང་ངན་)ཞབས་ཕྱིར་(གཡོག་)ཞབས་ཏོག་(བསྙེན་བཀུར་)ཞུས།  །དགོན་(དང་)ཞོལ་ཞེན་ལོག་(མི་ཆགས་པས་)ཞེ་འགྲས་(དགྲར་འཛིན་པ་)ཞོར་(ལས་ཞོར་སོགས་)།  །འཁྲུལ་ཞིག་(རྟོགས་ལྡན་)ལམ་ཞུགས་(ལམ་དང་ཁང་པའི་ནང་དུ་ཞུགས་པ་སོགས་)བརྟུལ་ཞུགས་(གཅིག་ཏུ་ངེས་པ་)ཀྱིས།  །ཞོ་ཕྲུམ་(ཞོའི་སྤྲི་མ་)ཞུགས་(མེའི་ཞེ་ས་)ཤོར་ཞག་(ཤའི་)ཞུན་(ཞུན་ཆེན་)ཞུ་(མེས་)།  །ཞང་ཞུང་(བོན་ཡུལ་)བསྒྲལ་ཞིང་(བསྟན་དགྲ་)སྲིད་ཞིའི་(ས་གསུམ་དང་མྱང་འདས་)ཞིབ་(དུལ་བ་)།  །རྒྱང་ཞགས་ས་ཞིང་(འབྲུ་འདེབས་ས་)ཞ་རྐྱང་ངོ་།  །གཞིས་(དང་གནས་)བྱེས་ལ་གཞིགས་(དོན་གྱིས་བལྟས་པའི་བསམ་པ་)གཞེས་(གནང་གཞེས་)ཉིན་གཞགས་(བརྒྱན་)།  །གཞུང་ནག་(ཁྲི་སྙན་ས་ལེ་)གཞིག་པོ་(གཞི་གནས་ལྷ་མི་)གཞོ་སྟོད་(ཡུལ་མིང་)སོགས།  །ག་ཡིས་འཕུལ་བའི་ཞ་ཡིག་གོ  །བཞེད་དོན་(གསུང་དོན་)བཞེད་སྐོང་(གང་གསུང་སྒྲུབ་པ་)དྲི་བཞོན་(རླུང་)འཁྱེར།  །བ་ཡིས་འཕུལ་བའི་ཞ་ཡིག་གོ  །ཟ་ཁ་(གཞན་དུ་བསྒྱུར་བ་)དང་ནི་ཟང་ཀ་མ་(ཐད་ཀ་)།  །ཟབ་གནད་(དོན་གནད་)ཟང་ཐལ་(མི་ཐོགས་པ་)ཟིལ་བ་(ཆུའི་)ཙམ།  །ཟངས་སྣོད་(ཆུ་སྣོད་སོགས་)ཟག་མེད་(ཉོན་མོངས་མེད་པ་)ཟན་གྱིས་(སྤག་)བཀང་།  །ཟ་མ་ཏོག་(སྣོད་ཆུང་)གི་ཟུར་བཞི་ལ་(རྩིག་ཟུར་སོགས་)།  །དགྲ་ཟུན་(དགྲ་གྲོགས་)ཟང་ཡག་ཨ་ཟ་མོ་(སྨན་དཔྱད་)།  །ཟུར་ཟ་(ཚིག་ཟ་)ཟུར་མིག་(ལྟ་ཚུལ་)འོད་ཟེར་(ཉི་འོད་སོགས་)བཞིན།  །ཟོལ་ཟོག་(གཡོ་སྒྱུ་)ཟོག་པོ་(ཡིན་བརྫུ་)ཟུང་གིས་(གཉིས་)ཟློས་(བསྐྱར་བ་)།  །ཟེ་བའི་(ལུས་ཀྱི་)ཟེ་སྲོག་(བྱ་དེའི་)ཆུད་ཟོས་(དོན་མེད་དུ་སོང་བ་)ཟོམ་(སྣོད་)།  །ཟོ་ཆུན་(ཆུ་འདྲེན་)ཟུག་པས་(མཁར་ལས་)ཟུག་རྔུ་(ནད་ཟུག་)ལང་།  །ཟིལ་གནོན་(ཕ་རོལ་འཇོམས་པའི་དོན་)རྩ་ཟོར་(རྔ་བྱེད་)ཟོར་འཕེན་(གཏོར་མའི་)དང་།  །གོས་ཟུང་(ན་བཟའི་བྱེ་བྲག་)ཟླ་བྲལ་ཟ་རྐྱང་ངོ་།  །གཟེངས་མཐོ་(མཐོ་བའི་དོན་)གཟུར་གནས་(གཟུ་བོར་གནས་པ་སྟེ་དྲང་པོ་)དེ་ལ་གཟོབས་(ཕན་བྱས་པ་)།  །གཟའ་གཏད་(གཏད་སོ་)གཟས་པོ་(དགྲ་བོ་)རེས་གཟའ་(ཉི་མ་སོགས་)བདུན།  །རི་གཟེ་གཟིང་སོགས་གས་འཕུལ་ཟའོ།  །འུ་ཅག་(རང་རེ་དང་དོན་གཅིག་)འོ་སྐོལ་འུ་ལག་(ཁྲལ་)འོར་(དོར་)།  །འུ་ཐུག་འོ་འདོད་(ཆོ་ངེ་)འུད་ཆེ་བ་(ཐལ་ཆེ་བ་)།  །འོམ་བུ་(ཤིང་)འོས་པ་(འཐད་པ་)འན་པས་(ངེད་ཅག་)འོར་(བོར་བ་)།  །རྣ་(བ་)འོན་(པ་)འོལ་ཚོད་(རང་བཟོ་)འུར་(དུས་གཅིག་ཏུ་)ལང་(པ་)འུབ་(འདུས་པ་)།  །འ་ཞའི་(ལུང་མིང་)ཡུལ་ནས་(འབྱུང་ཁུངས་)འོག་ལེན་(ཚོད་ལེན་པ་)འོང་(འགྲོ་འོང་དང་ཡོང་དགོས་)།  །མ་འོངས་(པའི་)དུས་སོགས་འར་ངེས་སོ།  །ཡ་རབས་(བཟང་པོ་)ཡ་གྱལ་(གནས་གསུམ་གྱི་ཡ་གྱལ་ལ་ཕྱི་རེད་ཟེར་བ་ལྟ་བུ་)ཡ་གི་(སྟེང་གི་)དང་།  །ཡོལ་གོ་(སྣོད་)ཡོ་འབོག་(ཤིང་ལྤགས་ཆི་ཅན་)ཡ་རྐྱང་ངོ་།  །གཡག་གི་(ཕྱུགས་)རྭ་ཅོ་གཡང་པྲི་(དཀར་ཡོལ་)འདྲ།  །གཡང་ལུགས་(གོས་)གྱོན་པར་གཡའ་རི་ཡི་(རི་འགོ་)།  །རྡོ་གཡམ་(རྡོ་གཤོག་)གཡམ་རྒྱུགས་(ཧོལ་རྒྱུགས་)གས་འཕུལ་ཡའོ།  །རབས་ཆད་(བུ་མེད་པར་)རིད་པར་(ཤ་རྒུད་པ་)རོགས་རམ་(ཟླ་བོ་བྱེད་མཁན་)རིགས་(མཐའ་དག་)།  །འགའ་རེས་(དོན་གཅིག་)རེས་འགའ་ཐོ་རངས་བྱེད།  །རིགས་སྔགས་(གསང་སྔགས་)ཙ་ར་(གཡག་)རོག་པོར་(ནག་པོ་)བཏབ།  །རེ་ལྡེ་(སྦྲ་དང་རྩ་རས་སོགས་)རེའུ་མིག་(དྲ་མིག་)ར་གན་(ཟངས་སེར་)དང་།  །སྐེ་རགས་རེས་གཟའ་རགས་རིམ་རྩིས།  །རླངས་རིགས་རལ་(སྐྲའི་)པ་ར་རྐྱང་ངོ་།  །བརླང་པོའི་ཚིག་(ཚིག་ངན་)ནི་བ་ར་འོ།  །བཀའ་ལུང་(བཀའ་གནང་བ་)ལེའུ་ཚན་(ཚོ་ཚན་)ལོངས་སྤྱོད་(མངའ་ཐང་)ལེན།  །ལ་འུར་(མགྱོགས་པ་)ལ་གོར་(འགོར་མེད་)ལེ་ཐོགས་མེད།  །ལན་ཆགས་(ཤ་འཁོན་)ལང་ལོང་(སྤྲིན་ལང་ལང་སོགས་)ལ་ཕུག་ཟ་(ཟས་)།  །ལ་ཉེ་(རྐུན་ཇག་གི་བྱེ་བྲག་)ལུག་རྒྱུད་(བར་མ་ཆད་)ལ་ལ་ཕུད་(སྨན་)།  །ལགས་ལགས་ལོང་བུ་(ནང་ཁྲོལ་)ལ་རྐྱང་ངོ་།  །ཤ་འཁོན་(ལན་ཆགས་)གཅིག་ཤོས་(མི་མཐུན་ཕྱོགས་)ཤ་ཐང་ཐང་(སྲོག་དང་འབྲལ་མི་ཕོད་པ་སོགས་)།  །ག་ཤལ་དོ་ཤལ་ཤམ་བུ་དང་།  །ཤེས་པ་(ཤེས་བྱ་)ཤུགས་རིང་(སྐད་ནན་གྱིས་འདོན་པ་)ཤན་ཕྱེ་(བཟང་ངན་ཆོད་པ་)སྟེ།  །ཤང་ལང་(གྲི་རིང་)རྣོན་པོས་ཤིང་ཤུན་(ཤིང་གི་སྐོགས་པ་)དྲས།  །ཤེ་མོང་(རྒྱ་ནག་གི་)ཁྲི་ཡི་སྟེང་ཤེད་ན་(དེ་ན་)།  །བདེ་ལེགས་བཀྲ་ཤིས་(ཕུན་སུམ་ཚོགས་པ་)ཤ་རྐྱང་ངོ་།  །སེམས་དཔར་(བྱང་སེམས་)སེར་སྦྲང་(བསུ་བ་)སང་ནངས་(དེ་རིང་སང་)བྱེད།  །སེམས་ཅན་(གང་ཟག་)སེང་གེ་(སེམས་ཅན་རི་དྭགས་ཀྱི་རྒྱལ་པོ་)སོ་ལྟ་(བྱ་ར་)ཞིང་།  །སོ་ནམ་(ཞིང་ལས་སོགས་)ལས་ལ་སད་སེར་(ལོ་དགྲ་)མེད།  །སེང་ལྡེང་(ཤིང་)སྐྱེ་མིན་སོ་མཚམས་སུ་(ལ་མཚམས་ལྟ་བུ་)།  །སུམ་ཆ་སུམ་སྦྱོར་སུམ་ཐོག་ཕུབ།  །སུམ་པའི་ཡུལ་དང་སུམ་མདོ་(ལམ་གསུམ་འཛོམས་)དང་།  སོག་པོ་(རྒྱའི་)སོ་སོའི་(རང་རང་)སོག་ལེ་(ཤིང་འདྲ་བྱེད་)རྡོར་།  །སྲ་རྩི་(ཆུས་མི་འཇིགས་པའི་རྩི་)སོར་བཞག་(བཞིར་བཞག་)སོམ་ཉི་(ཐེ་ཚོམ་)མེད།  །སྲང་གང་(དངུལ་སྲང་)སྤྲད་ནས་སྲན་མ་(འབྲུ་)ཉོས།  །སྲིན་བྱའི་(བྱ་)སྲིང་མོ་(སྤུན་)སྲེ་མོང་(སོན་)(སེམས་ཅན་ཞིག་ཀྱང་)སེར་(ཁ་དོག་)།  །སྲི་ཞུ་(ཞབས་ཞུ་)ལ་སོགས་ས་རྐྱང་ངོ་།  །གསེར་(རིན་)གྱི་གསོལ་རས་(བྱ་དགའ་)གནང་དུ་གསོལ།  །གསོ་རིག་(སྨན་དཔྱད་)གསོན་པོར་(མ་ཤི་བ་)བྲོད་(བྱེད་འདོད་པ་)གསག་གསག་(ནེའུ་ལེ་)དྲི་གསུར་(བསང་བསུར་)གསོ་སྦྱོང་(ཡན་ལག་བརྒྱད་པ་)གས་འཕུལ་སའོ།  །བསིལ་སར་(གྲང་ས་)བསམ་གཏན་(ཏིང་ངེ་འཛིན་)བསླུ་(བ་)མེད་འཕེལ།  །བསྭོ་བསྭོ་(ཀླུ་དང་འབྱུང་པོའི་འབོད་སྒྲ་)མི་བསྲུན་(མི་སྡུག་པ་)རྣ་བསུན་ཆེ།  །བསེ་ཡབ་སྐྱོན་བསལ་(སེལ་བ་)བས་འཕུལ་སའོ།  །ཧམ་ཆེན་(ངོམ་དུས་མེད་པར་)ཧོར་འདྲ་(དབང་མེད་དུ་འཕྲོག་བཅོམ་)ཧལ་གྱི་(ས་བདག་)དང་།  །ཧྲིམ་ཧྲིམ་(ཆུ་གཏིང་ཐུང་བ་ལྟ་བུ་)ཧྲིལ་ཧྲིལ་(གཅིག་ཏུ་དྲིལ་བ་དང་དབྱིབས་ཟླུམ་པོ་སོགས་)ཧ་ཉིད་དོ།  །ཨ་ཝ་དྷཱུ་ཏིར་(རྩ་དབུ་མ་)ཨ་ཤད་(ཨ་ཐུང་གི་མེ་)འབར།  །ཨ་ཕ་(སྤ་བ་)ཨ་མ་(སྐྱེད་མ་)ཨེ་དྲན་ནམ།  །ཨེ་པ་(ཡུལ་)ཨ་རྨེ་(རི་)དམར་ཆེན་ལྷ།  །ཨག་ཚོམ་(ཁ་སྤུ་)ལ་སོགས་ཨ་ཡིག་གོ  །སྨྲས་པ།  སྐྱེས་སྦྱངས་མྱ་ངམ་ཨེ་རཎྜར།  །ལེགས་བཤད་བདུད་རྩིའི་འབྲས་དབེན་ཅིང་།  །ནོར་མེད་འབྱོར་འབྲང་ཚིག་དུམ་འདི།  །མཁྱེན་ལྡན་སྤྱན་སྔར་ཁྲེལ་བཞད་རྒྱུ།  །འོན་ཀྱང་སྔོན་མཁས་བཞེད་མཚོའི་འཇིང་།  །ཡོངས་བསྲུབས་ནོར་བུའི་རྗེས་འགྲོ་འདི།  །ངག་གི་སྒྲོན་མའི་གན་མཛོད་ཆེ།  །བྱུར་བུར་གཏམས་པའི་རྒྱུ་རུ་བྱས།  །འདི་ལས་ལེགས་བྱས་དགེ་བའི་ཟླ།  །ཅུང་ཟད་གང་ཚེས་རྒྱལ་བསྟན་དང་།  །བློ་གྲོས་ཀུནྡའི་ཚལ་རྒྱས་ནས།  །བྱང་མཚོར་བདུད་རྩི་ཐིགས་གྱུར་ཅིག  །ཅེས་པ་འདི་ཡང་རིགས་བདག་པ་རྣམ་ཁམས་བྲག་རིན་པོ་མཆོག་གི་བཀའ་བསྩལ་ལྟར་བདེ་བླ་དབྱིངས་རིག་བྱང་ཆུབ་དབང་པོས་རྒྱ་ནག་ཏུ་ཡོད་པའི་རྒྱ་བོད་ཤན་སྦྱར་གྱི་དག་ཡིག  །ཉེར་མཁོའི་སྒྲོན་གསལ་སོགས་དག་ཡིག་རྣམས་དང་ལི་ཤི་གུར་ཁང་སོགས་ནས་ངག་གི་སྒྲོན་མར་ཚིག་གྲོགས་སོགས་ཀྱིས་གོ་བདེར་ཞུས་དག་ནན་ཏན་བྱས་ཁུལ་འདིར་ད་དུང་འཚེམས་པ་སོགས་དགོས་དབང་རྣམས་རིམ་བསྒྲིགས་བགྱིས་ཀྱང་ཆོག་འཐུས་བཀའ་ཕེབས་པ་ལྟར་ཞབས་ཞུས་དགེ་ལེགས་སུ་གྱུར་ཅིག།  །།

 

བརྒྱུད་སྐུལ།

མཆན་སྤེལ།