༄༅། །བོ་དོང་སྤྲུལ་སྐུ་འཆི་མེད་དཔལ་བཟང་གི་རྣམ་ཐར་མདོར་བསྡུས།

༄༅། །བོ་དོང་སྤྲུལ་སྐུ་འཆི་མེད་དཔལ་བཟང་གི་རྣམ་ཐར་མདོར་བསྡུས།

༄༅། །བོ་དོང་སྤྲུལ་སྐུ་འཆི་མེད་དཔལ་བཟང་གི་རྣམ་ཐར་མདོར་བསྡུས།

༈བོ་དོང་སྤྲུལ་སྐུ་འཆི་མེད་དཔལ་བཟང་ནི་མི་འཇིགས་གདོང་ལྔས་བཏེགས་པའི་མདོ་སྔགས་ཡོངས་རྫོཊ་ཀྱི་བདག་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་མཧ་པཎྜི་ཏ་ཆེན་པོ་བོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྒྱལ་ཚབ་ཀྱི་ཅོད་པན་འཛིན་པ་ཡིན་ཞིང་། སྤྲུལ་སྐུ་འཆི་མེད་དཔལ་བཟང་ནི་འཆི་མེད་མཚན་ཅན་གྱི་སྤྲུལ་སྐུ་རིམ་ བྱོན་བཅུ་གཅིག་བྱུང་བའི་ནང་ཚན་ནས་རིམ་གཉིས་པ་སྟེ་དང་པོ། འཆི་མེད་གྲུབ་པ་དང་། གཉིས་པ། འཆི་མེད་དཔལ་བཟང་། གསུམ་པ། འཆི་མེད་འོད་ཟེར། བཞི་པ། འཆི་མེད་ངག་གི་དབང་པོ། ལྔ་པ། འཆི་མེད་འཇིགས་ བྲལ་དཔའ་བོ། དྲུག་པ། འཆི་མེད་བསྟན་འཛིན་བདེ་ལེགས། བདུན་པ། འཆི་མེད་དགེ་ལེགས་རྣམ་རྒྱལ། བརྒྱད་པ། འཆི་མེད་ཀརྨ་ཨི་ཤོར། དགུ་པ། འཆི་མེད་ཆོས་ཀྱི་དཔལ་བཟང་། བཅུ་པ། འཆི་མེད་བློ་བཟང་འདུས་མཆོག། བཅུ་གཅིག བྱེ་རྒྱས་པ་ངག་དབང་དཔལ་བཟང་བཅས་འཆི་མེད་མཚན་ཅན་རིམ་པར་བྱོན། སྤྲུལ་སྐུ་འཆི་མེད་དཔལ་བཟང་ནི་དཔལ་ལྡན་འཆི་མེད་གྲུབ་པའི་སྐུ་སྐྱེ་ཡིན་ཞིང་ཡུལ་དབུ་རུ་སྟོད་བྱང་སྟག་ལུང་དང་ཉེ་བར་རོང་གུར་ཞེས་བྱ་བར་ཡབ་གྲུབ་ཐོབ་གཞོན་ནུ་རྒྱལ་མཚན་དང་། ཡུམ་མཁའ་འགྲོ་མ་ཚོགས་བདག་དཀར་མོ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་བཞིའི་དུས་སྨད་ལ་འཁྲུངས། དགུང་ལོ་བདུན་ལ་སྟག་ལུང་ངག་དབང་གྲགས་པའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་སྒྲུབ། མཚན་ལ་འཆི་མེད་དཔལ་བཟང་དུ་སྩལ།

རྗེ་བཙུན་ཀུན་དགའ་བཟང་མོའི་དྲུང་དུ་དཔལ་འཆི་མེད་གྲུབ་པའི་དབང་བུམ་དང་འཇིཊ་བྱེད་ཐང་སྐུ་དང་སྐུ་ཆས་ངོས་འཛིན་མཛད། སྐུ་ན་ཆུང་ངུའི་དུས་ནས་འབྲས་ཡུལ་སྐྱེད་ཚལ་དུ་ཕེབས་ནས་རྒྱུ་མཚན་ཉིད་ཐེག་པའི་བསླབ་སྦྱང་ལ་བྱོན་པ་དང་། གཞུང་པུ་ཏི་བཅུའི་ཊཱིཀྐ་དང་བཅས་པ་ཐུགས་ལ་བཅུག། དེ་རྗེས་སྟག་ལུང་རིན་པོ་ཆེ་དང་། རྗེ་འའཕགས་མཆོག་ཤངས་བསོད་ནམས་མཆོག་གྱུར། སྐུ་ཞང་ཀུན་དགའ་སྙིང་པོ་སོགས་བླ་མ་མཁས་པ་མང་དུ་བསྟེན་པ་དང་། སྒྲ་ཚད་མདོ་སྔགས་ཀྱི་ཆོས་མཐའ་དག་ཐུགས་ལ་མངའ། ཀྱེ་ རྡོ་རྗེའི་རྣམ་བཤད་ཟབ་གནད་ཀྱི་ལྡེ་མིག་ལ་སོགས་གསུང་རབས་མང་དུ་མཛད། དཔལ་མོ་ཆོས་སྡིངས་ལ་མཐའ་དམག་བསྲུང་བའི་ཕྱིར་ཆོས་རྫོང་འདེབས་པ་དང་ཞབས་ཏོག་རྒྱ་ཆེར་མཛད་ཅིང་སྐུ་གསུང་ཐུགས་རྟེན་བཞེངས་པ་སོགས་སྤྱིར་གྱི་འདུས་ཆེན་པ་ཐམས་ཅད་ཀྱི་མགོན་དང་སྐྱབས་ཕ་མ་ལྟར་མཛད། ཁྱད་པར་ལ་སྟོད་མངའ་རིས་ནས་བསྟན་པ་ལ་གནོད་འཚེ་ཆེན་པོ་བྱུང་སྟེ་བསྟན་འཛིན་འགའ་རེ་བཀྲོངས། དགོན་པ་དང་བརྟེན་གསུམ་བཤིག་ནས་འདུས་པའི་བསྟན་པ་མིང་ཙམ་དུ་འགྱུར་བ་ལ་བསྟན་འཛིན་རྣམས་ལུགས་གཉིས་ཀྱིས་བུ་ལྟར་བསྐྱངས། མི་ཕྱོགས་ནས་རྒྱལ་པོ་བསྐུལ། ཆོས་ཕྱོགས་ནས་བསྟན་བསྲུང་དམ་ཅན་བསྐུལ་ནས་བསྟན་པ་ཉམས་པ་ཐམས་ཅད་གསོས་པར་མཛད། ཕྱིས་སྙེ་མོ་ནང་སོས་ནས་སྦྱིན་བདག་བྱས་པ་ལ་བརྟེན་ནས་རྗེ་འདི་ཉིད་ཀྱིས་སྙེ་མོ་བྱེ་མཁར་དུ་དགོན་པ་བཏབ་པ་དང་། ཡར་འབྲོག་མངོན་དགའ་དང་། སྙེ་མོ་བྱེ་མཁར་ལ་སོགས་པར་དཔལ་དེ་ཉིད་འདུས་པའི་མཚན་ཉིད་ཐེག་པའི་བཤད་གྲྭ་བཏབ། ལྷག་པར་དུ་བོ་དོང་པཎ་ཆེན་པོའི་ཟབ་གནད་གསུང་གི་ཉིང་བཅུད་སྦས་སྙིང་སྤྱི་གསུམ་གྱི་མཚོན་པའི་ཆོས་བཀའ་མང་པོའི་བཤད་ལུང་དཔའ་བོ་གཙུག་ལག་ཕྲེང་བ་ལ་སོགས་པ་རིས་སུ་མ་མཆིས་པའི་ཆོས་རྒྱུད་ཁག་ལ་བཤད་སྒྲུབ་ཀྱི་འཆད་ཉན་སྤེལ་ནས་སྡེ་སྣོད་འཛིན་པའི་སློབ་མ་རྗེ་བཙུན་སྙན་གྲགས་བཟང་མོ་དང་། ཀརྨ་པ་མི་བསྐྱོད་རྡོ་རྗེ། སྤོ་རོང་རྗེ་དབོན་ནམ་མཁའ་འོད་ཟེར། དཔའ་བོ་གཙུག་ལག་འཕྲེང་བ་ལ་སོགས་པ་བསྟན་འཛིན་གྱི་བུ་སློབ་གྲངས་ལས་འདས་པ་བསྐྱངས་ཤིང་འདུས་པའི་བསྟན་པ་ལ་འཇིཊ་བྲལ་རང་ཉིད་དང་བཀའ་དྲིན་ཆེ་ཆུང་ཁྱད་མེད་བྱུང་སྟེ་སྐུ་ཚེ་དང་མཛད་པ་འཕྲིན་ལས་མཐར་ཕྱིན་ཏེ་མཐར་དགུང་གྲངས་དོན་གཅིག་བསམ་སྡིངས་ཌཱཀྐིའི་གནས་སུ་མྱ་ངན་ལས་འདས། ཕྱིས་སྐུ་གདུང་རིན་པོ་ཆེ་སྐུ་ཞང་གྲཊ་པ་རྒྱལ་མཚན་གྱི་གདན་ས་སྙེ་མོ་སྨོན་མཁར་ཆོས་སྡིངས་སུ་གདན་དྲངས་ཤིང་བྱིན་རླབས་ཀྱི་མཚན་ཁ་མ་ཉམས་པར་ད་ལྟའི་བར་དུ་བཞུགས་སོ། །

༡.ཡོང་ཁུངས། བོད།
༢.ཡིག་ཆའི་ཁུངས།
༣.སྤྲུལ་སྐུ་འཆི་མེད་དཔལ་བཟང་གི་གསུང་འབུམ།
༤. ཕྱོགས་སྒྲིག་པ། སྙེ་མྱུག་ནས།
༥. དྲྭ་རྒྱར་སྤེལ་མཁན།
༦. འཇིགས་ཆོས།

བརྒྱུད་སྐུལ།

མཆན་སྤེལ།