༄༅༅། །རྟགས་ཀྱི་འཇུག་པའི་འགྲེལ་པ་བཞུ གས་སོ།།
མཛད་པ་པོ། དབུས་པ་བློ་གསལ།
༄༅༅། །རྒྱ་གར་སྐད་དུ། ལིང་གཱ་བ་ཏཱ་ར་བྲི་ཏི། བོད་སྐད་དུ། རྟགས་ཀྱི་འཇུག་པའི་འགྲེལ་པ། སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །བསྟན་བཅོས་མཛད་པའི་སློབ་དཔོན་ གྱིས་མིང་གཞིའི་ཡི་གེ་རྣམས་ཐ་ དད་པར་ཤེས་པར་བྱ་བའི་ཕྱིར།སུམ་ ཅུ་པའི་ཡན་ལག་གི་བསྟན་བཅོས་རྟ གས་ཀྱི་འཇུག་པ་མཛད་པ་ནི་གང་བཤད་ པར་བྱ་བའི་ཆོས་ཡིན་ནོ། །དེ་འཆད་པ་ན།བརྡ་སྤྲོད་པའི་གཙུ ག་དག་ལས་ཀ་ལ་སོགས་པ་གསལ་བྱེད་རྣ མས་ནི་ཕོ་དང༌།ཨ་ལ་སོགས་པ་དབྱངས་ ཡིག་རྣམས་ནི་མོ་དང༌།རྀ་རཱྀ་ལྀ་ ལཱྀ་རྣམས་ནི་མ་ནིང་དུ་བཤད་ལ།འདི ར་ཡི་གེ་སུམ་ཅུ་པོ་སྡེ་པ་ཕྱེད་ དང་བརྒྱད་དུ་གནས་པའང་འབྱུང་གནས་ ཀྱི་སྟོབས་ཀྱིས་སྡེ་པ་ལྔར་བསྡུ ས་པའོ།།
དེ་ལ་ཀ་ཅ་ཏ་པ་ཙ་ལྔ་ནི་ཕོའོ། །ཁ་ཆ་ཐ་ཕ་ཚ་ལྔ་ནི་མ་ནིང་ངོ༌། །ག་ཇ་ད་བ་ཛ་ང་ཉ་ན་མ་ཝ་ཞ་ཟ་འ་ཡ་ ར་ལ་ཤ་ས་ཧ་ཨ་ཉི་ཤུ་ནི་མོའོ། །གཞུང་འདི་དང་སུམ་ཅུ་པ་ལས།ཨ་ གསལ་བྱེད་དུ་བཤད་པ་ལྟར་ན་ཕོར་ བཤད་པའང་རུང་ངོ༌། །མོའི་ནང་ནས་བཅུ་ནི་རྗེས་སུ་འཇུ ག་ཅིང༌།རྗེས་འཇུག་གི་ནང་ནས་ལྔ་ ནི་སྔོན་དུའང་འཇུག་ལ།ལྔ་པོ་དག་ ལའང་བཞིར་ཕྱེ་བའི་བ་ནི་ཕོའོ། །ག་ད་གཉིས་ནི་མ་ནིང་ངོ༌། །འ་ནི་མོའོ། །མ་ནི་ཤིན་ཏུ་མོའོ། །རྗེས་འཇུག་ལ་གསུམ་དུ་ཕྱེ་བ་ད་ བ་ས་རྣམས་ནི་ཕོའོ། །འ་ར་གཉིས་ནི་མོའོ། །ག་ང་ན་མ་ལ་རྣམས་ནི་མ་ནིང་ངོ༌། །འདི་དག་ལ་ཡང་ཕོ་གསུམ་མོ་གཉིས་ མ་ནིང་གསུམ་དུ་ཕྱེའོ། །དེས་ན་གཞུང་འདི་ནས་ཡི་གེ་སུམ་ ཅུ་ལ་གསུམ་དུ་ཕྱེ་བ་དང་མོ་ལ་མོ་ དང་ཤིན་ཏུ་མོའི་དབྱེ་བས་སྡེ་པ་ བཞི་ལ་བཞི་བཞིར་ཕྱེ་བ་དང༌།ལྷག་ མ་བཅུ་བཞི་ལ་བཞིར་ཕྱེ་བ་ནི་སྤྱི ར་ཕོ་བཞིར་བྱས་པ་ལ་ཡིན་ནོ། །སྔོན་འཇུག་ལྔ་ལ་བཞིར་ཕྱེ་བ་དང༌ །རྗེས་འཇུག་བཅུ་ལ་གསུམ་དུ་ཕྱེ་ བ་དང༌།དེ་ལ་ཡང་བརྒྱད་དུ་ཕྱེ་བ་ ནི་བྱེ་བྲག་ཏུ་མོ་བཞིར་བྱས་པ་ལ་ ཡིན་ནོ་ཞེས་ཤེས་པར་བྱའོ། །ཚུལ་འདིས་དེ་དག་ལ་གང་གིས་ཇི་ལྟ ར་ཅིའི་ཕྱིར་འཇུག་པ་རྣམས་བདེ་བླ ག་ཏུ་རྟོག་པར་འགྱུར་རོ། །ཞེས་དག་གི་དོན་བཀོད་པ་ཡིན་ནོ། །ད་ནི་སྐབས་སུ་བབས་པ་བསྟན་འཆོས་ བཤད་པ་ལ་འཇུག་པ་བསྟན་པ།སྨྲ་བའི་ སྐྱེལ་མཆོག་སྨྲ་བའི་རྒྱལ། །ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ། །འདིས་ནི་གང་གི་ཆེ་དུ་ཕྱག་འཚལ་ ན།ཆོས་གཉིས་དང་ལྡན་པའི་ཐམས་ཅད་ མཁྱེན་པ་དེའི་ཆེད་དུ་འོ་ཞེས་མཆོ ད་པར་བརྗོད་པ་བསྟན་ཏེ།འདི་ནི་ཕྱི ས་གཞན་གྱིས་བཅུག་པའོ། །བཤད་པ་ཉེ་བར་དགོངས་ལ་མདོར་བསྟ ན་པ། ཡི་གེ་སུམ་ཅུ་ཐམ་པ་ལ། ཕོ་མོ་མ་ནིང་གསུམ་དུ་དབྱེ། ཡི་གེ་ནི། ཀ་ཁ་ག་ང༌།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་ བ་མ།ཙ་ཚ་ཛ་ཝ།ཞ་ཟ་འ་ཡ།ར་ལ་ཤ་ས་ཧ་ ཨ་གཉིས་སྡེ་བ་ཕྱེད་དུ་གནས་པ་དང་ སུམ་ཅུའོ། །དེ་ལ་ང་རོ་དྲག་པ་དང་ཞན་པ་དང་ བར་མའི་བྱེ་བྲག་གིས་ཕོ་དང་མོ་ དང་མ་ནིང་གསུམ་དུའོ། །ཇི་སྐད་དུ་སྨྲ་བའི་སྒོ་ལས། དང་པོ་རང་གནས་དྲག་པ་སྟེ། གཉིས་པ་འབྲིང་དང་སྤྱི་བོའི་ཆ། །གསུམ་པ་རྣམས་ནི་ཞན་པ་སྟེ། །ཞེས་འབྱུང་བ་བཞིན་ནོ། །རྒྱས་པར་བཤད་པ་ལ།ཕོ་ཡི་གི་གེ་ འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་པ་ལྔ་རུ་དྲིལ་བྱས་ལ། །ཕོ་ནི་མིང་གཞིའི་ཡི་གེ་ཉིད་ཡི ན་གྱི།དེ་ལ་གསུམ་དུ་ཕྱེ་བའི་ཕོ་ ནི་མ་ནིང་ཡིན་ནོ། །སྡེ་པ་ནི་འཆི་མེད་མཛོད་ཀྱི་འགྲེ ལ་པ་ལས། མཚུངས་པ་རྣམས་འདུས་པའི་ཕྱིར་ན་ སྡེ་ཚན་ཏེ། རིགས་དང་ཡོན་དང་བྱ་བ་དང་ངོ་བོ་ རྣམས་མཚུངས་པའི་ཕྱིར་རོ། །ཞེས་འབྱུང་བ་འདི་ཡིན་ནོ། །ཕྱེད་དང་བརྒྱད་ནི་ཀ་སྡེ་ནས་ཧ་ སྡེའི་བར་ཏེ་བཤད་ཟིན་ཏོ། །འང་གི་སྒྲ་ནི་མི་མཐུན་པ་བསྡུད་ པའོ། །སྡེ་པ་ལྔ་ནི་ཀ་ཁ་ག་ང་ཧ་ཨ་རྣམས་ ནི་མགྲིན་པ་ནས་འབྱུང་བའི་སྡེའོ། །ཅ་ཆ་ཇ་ཉ་ཙ་ཚ་ཛ་རྣམས་ནི་ལྕེ་དབུ ས་ནས་འབྱུང་བའི་སྡེའོ། །ཏ་ཐ་ད་ན་ལ་རྣམས་ནི་ལྕེའི་རྩེ་ ནས་འབྱུང་བའི་སྡེའོ། །པ་ཕ་བ་མ་ཝ་རྣམས་ནི་མཆུ་ལས་འབྱུ ང་བའི་སྡེའོ། །ཞ་ཟ་འ་ཡ་ར་ཤ་ས་རྣམས་ནི་ལྕེའི་ དབུས་དང་མགྲིན་པ་ནས་འབྱུང་བའི་ སྡེའོ། །འདི་དག་ལ་རྐན་དང་སོ་དང་སྤྱི་བོ ་ལ་སོགས་པ་གནས་གཞན་ལས་ཤས་ཆར་འབྱུ ང་བའང་ཡོད་དོ། །དེ་དག་ལ།ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །སྡེ་པ་ནི་ཕྱེད་དང་བརྒྱད་ཀྱི་ དབང་དུ་བྱས་པའོ། །དེ་ལ་སྡེ་བ་རྣམས་ཀྱི་དང་པོ་ཀ་ ཅ་ཏ་པ་རྣམས་ནི་ཕོའོ། །གཉིས་པ་ཁ་ཆ་ཐ་ཕ་རྣམས་ནི་མ་ནིང་ ངོ༌། །གསུམ་པ་ག་ཇ་ད་བ་རྣམས་ནི་མོའོ། །བཞི་པ་ང་ཉ་ན་མ་རྣམས་ནི་ཤིན་ཏུ་ མོའོ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་ནི་ཙ་ནས་ཨའི་བར་རོ། །དེ་ལ་ཙ་ཅ་དང་སྦྱར་བ་ནི། །ཕོའི་ཐ་ཚིག་གོ །སོགས་པས་བསྡུས་པ་ཚ་ཆ་དང་སྦྱར་ བ་དང༌།ཛ་ཇ་དང་སྦྱར་བ་ནི་དེ་གཉི ས་མ་ནིང་དང་མོའི་ཞེས་པའི་ཞེས་ པའི་དོན་ནོ། །དེ་བཞིན་དུ་ཝ་དང་སྦྱར་བའང་མོ་ ཡིན་ནོ། །ལྷག་མ་དྲུག་ནི་མོ་རུ་སྦྱ། །ར་ལ་ཧ་ནི་མོ་ཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞ་ཟ་འ་ཡ་ཤ་ས་དྲུག་ནི་མོའོ། །ར་ལ་ཧ་གསུམ་ནི་མོ་ཤམ་མོ། །མ་ནིང་དང་ཟ་མ་དང་མཚན་མེད་ནི་མོ ་ཤམ་གྱི་རྣམས་གྲངས་ཡིན་ལ་མོ་ཤམ་ ནི་མོའི་བྱེ་བྲག་གོ །ཨ་ནི་སྔར་བཤད་པ་ལྟར་རོ། །ཡང་ན་སུམ་ཅུ་པོ་ཐམས་ཅད་ཀྱི་སྲོ ག་ཏུ་བསྟན་པའོ། །ཞེས་པ་བཞིན་ནོ། །འཇུག་པའི་ཡི་གེ་བཤད་པ།མོ་ཡི་ཡི ་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་ འགྲེལ་པར།འདིར་ཨ་ནི་ཐམས་ཅད་ཀྱི ས་ཁོང་ནས་གནས་པར་བལྟན་པའོ། །ཞེས་གསུགས་པ་ལྟར་རོ། །ཡང་ན་སུམ་ཅུ་པོ་ཐམས་ཅད་ཀྱི་སྲོ ག་ཏུ་བསྟན་པའོ། །ཞེས་པ་བཞིན་ནོ། །འཇུག་པའི་ཡི་གེ་བཤད་པ།མོ་ཡི་ཡི ་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །མོ་ཡིག་ཉི་ཤུའི་ནས་ག་ང་ད་ན་བ་ མ་འ་ར་ལ་ས་རྣམས་ནི་རྗེས་སུ་འཇུ ག་པའི་ཡི་གེའོ། །ནས་ནི་ལྔ་པ་འབྱུང་ཁུངས་ཀྱི་སྒྲ འོ། །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །རྗེས་འཇུག་བཅུའི་ནང་ནས་ག་ད་བ་ མ་འ་རྣམས་ནི་སྔོན་འཇུག་དུའང་འཇུ ག་པའོ། །སྔོན་འཇུག་ལྔ་རྟགས་ཐ་དད་པར་བསྟ ན་པ།སྔོན་འཇུག་ཡི་གེ་ལྔ་པོ་ལ།ཕོ ་དང་མ་ནི་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །སྔོན་འཇུག་གི་ཕོ་ནི་བའོ། །མ་ནིང་ནི་ག་ད་གཉིས་སོ། །མོ་ནི་འ་འོ། །ཤིན་ཏུ་མོ་ནི་མའོ། །དེ་དག་གི་བྱེད་པ་བསྟན་པ།དེ་དག་ རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེ ད། །སྔོན་འཇུག་དེ་དག་རེ་རེའང་ལས་ བཞི་བྱེད་དེ། །འདི་ལྟར་ཡུལ་གང་ལ་དང༌། །ངོ་བོ་གང་གིས་དང༌།ཚུལ་ཇི་ལྟར་ དང༌།སྒྲུབ་བྱ་ཅིའི་ཕྱིར་འཇུག་ པར་བྱེད་པའོ། །དེ་ད་བཤད་པ།ཕོ་ནི་ཕོ་དང་མོ་ལ་ འཇུག །སྔོན་འཇུག་གི་ཕོ་བ་ནི་མིང་གཞི འི་ཕོ་ཀ་ཅ་ཏ་ཙ་བཞི་དང་མོ་ག་ད་ཞ་ ཟ་ཤ་ས་དྲུག་སྟེ་ཡུལ་བཅུ་ལ་འཇུག་ པ་ནི།དཔེར་ན་བཀའ་ཞེས་པ་ལ་སོགས་ པའོ། །ཁ་ཅིག་བ་ཇའི་སྔོན་དུ་འཇུག་པ་ དང༌།ལ་ལ་ཉའི་སྔོན་དུ་འཇུག་པར་ འདོད་པ་ནི། །སྔོན་གྱི་མཁན་པོ་དང་མི་མཐུན་ནོ ། །མོ་ནི་མོ་དང་མ་ནིང་ལའོ། །སྔོན་འཇུག་གི་མོ་འ་ནི་མིང་བཞི འི་མོ་ག་ཇ་ད་བ་ཛ་ལྔ་དང་མ་ནིང་ཁ་ ཆ་ཐ་ཕ་ཚ་ལྔ་སྟེ་ཡུལ་བཅུ་ལ་འཇུག་ པ་ནི་དཔེར་ན་འགའ་ཞེས་པ་ལ་སོགས་ པའོ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ངོ་བོ་སྔོན་འཇུག་གི་མ་ནིང་གཉི ས་ཀྱི་དང་པོ། ག་ནི་མིང་གཞིའི་ཕོ་ཅ་ཏ་ཙ་གསུམ་ དང་མོ་ད་ཞ་ཟ་ཡ་ཤ་ས་དྲུག་དང༌།ཤི ན་ཏུ་མོ་ཉ་ན་གཉིས་ཏེ།ཡུལ་བཅུ་ གཅིག་ལ་འཇུག་པ་ནི།དཔེ་ན་གཅའ་ཞེ ས་པ་ལ་སོགས་པའོ། །གཉིས་པ་ད་ནི་མིང་གཞིའི་ཕོ་ཀ་པ་ གཉིས་དང༌།མོ་བ་ག་གཉིས་དང༌།ཤིན་ ཏུ་མོ་ང་མ་གཉིས་ཏེ་ཡུལ་དྲུག་ལ་ འཇུག་པ་ནི་དཀའ་ཞེས་པ་ལ་སོགས་པའོ ། །ཤིན་ཏུ་མོ་ནི་མ་ནིང་དང༌། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ངོ་བོ་སྔོན་འཇུག་གི་ཤིན་ཏུ་མོ་ མ་ནི་མིང་གཞིའི་མ་ནིང་ཁ་ཆ་ཐ་ཚ་ བཞི་དང༌།མོ་ག་ཇ་ད་ཛ་བཞི་དང་ཤིན་ ཏུ་མོ་ང་ཉ་གསུམ་སྟེ་ཡུལ་བཅུ་གཅི ག་ལ་འཇུག་པ་ནི་དཔེར་ན་མཁའ་ཞེས་ པ་ལ་སོགས་པའོ། །མི་འཇུག་པ་བསྟན་པ།མི་འཇུག་པ་ནི ་འདི་དག་སྟེ།ཕོ་ནི་མ་ནིང་ལ་མི་ འཇུག །མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག །སྔོན་འཇུག་གི་ཕོ་བ་ནི་མིང་གཞི འི་མ་ནིང་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་ འཇུག་གོ །སྔོན་འཇུག་གི་མོ་འ་ནི་མིང་གཞི འི་ཕོ་ཀ་ཅ་ཏ་པ་རྣམས་ལ་མི་འཇུག །མིང་གཞིའི་མ་ནིང་རང་ཁ་ཆ་ཐ་ཕ་ཚ་ རྣམས་ལྔ་སྔོན་འཇུག་གི་མ་ནིང་ག་ ད་གཉིས་མི་འཇུག་གོ །རང་གི་སྡེ་དང་འཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །བཞི་ཚན་དུ་གནས་པ་རང་གི་སྡེ་པ་ ནང་ཕྲད་ན་འཇུག་པར་མི་འགྱུར་བ་ནི ་སྔོན་འཇུག་གི་ཕོ་བ་ནི་རང་གི་སྡེ ་པ་མིང་གཞིའི་མོ་བ་དང་ཤིན་ཏུ་མོ ་མ་ལ་མི་འཇུག་གོ །དེ་བཞིན་དུ་མིང་གཞིའི་ཕོ་པ་དང༌ ། །མ་ནིང་ཕ་ལ་ཡང་མི་འཇུག་གོ །མ་ནིང་ཡང་དེ་བཞིན་ནོ། །ཞེས་པ་ནི་སྔོན་འཇུག་གི་མ་ནིང་ གཉིས་ཀྱི་དང་པོ་ག་ནི་རང་གི་སྡེ་ པ་མིང་གཞིའི་ཕོ་ཀ་དང༌། མོ་ག་དང༌། ཤིན་ཏུ་མོ་ང་ལ་མི་འཇུག་གོ །གཉིས་པ་ད་ནི་རང་གི་སྡེ་པ་མིང་ གཞིའི་ཕོ་ཏ་དང་མོ་དང་ཤིན་ཏུ་མོ་ ན་ལ་མི་འཇུག་གོ །ལོ་ཡང་དེ་བཞིན་ནོ་ཞེས་པ་ནི།སྔོ ན་འཇུག་གི་མོ་འ་ནི་རང་གི་སྡེ་པ་ མིང་གཞིའི་མོ་ཞ་ཟ་ཡ་རྣམས་ལ་མི་ འཇུག་གོ །སྔོན་འཇུག་གི་ཤིན་ཏུ་མོ་མ་ནི་ རང་གི་སྡེ་པ་མིང་གཞིའི་ཕོ་པ་དང༌ །མོ་མ་དང༌།མ་ནིང་ཕ་དང༌།ཤིན་ཏུ་ མོ་མ་ལ་མི་འཇུག་གོ །འདི་དག་ཀྱང་མཚོན་པ་སྟེ།གཞན་དུ་ ཕོ་ནི་ཕོ་དང་མོ་ལ་འཇུག །ཅེས་པ་ནས།མོ་དང་ཤིན་ཏུ་མོ་ཉིད་ ལའོ། །ཞེས་པའི་བར་དུ་བཤད་པ་མ་གཏོགས་ པ་མིང་གཞི་ཐམས་ཅད་ལ་ལྔ་པོ་མི་ འཇུག་གོ །ཞེས་ཤེས་པར་བྱའོ། །མ་ནིང་རང་ལ་རང་མི་འཇུག་ན།མ་ནི ང་ཡང་ནི་ཞེས་པའི་སྐབས་སུ་ག་ད་ ཕན་ཚུན་འཇུག་པ་ཇི་ལྟར་ཞེ་ན།དེར་ ནི་ག་ད་གཉིས་མིང་གཞིའི་མོའི་ དབང་དུ་བྱས་ལ།འདིར་མིང་གཞིའི་མ་ ནིང་ལ་སྔོན་འཇུག་གི་མ་ནིང་མི་ འཇུག་པས་སྐྱོན་མེད་དོ། །གང་ཡང་གག་དང༌།ཅེས་པ་དེར་ཡང་ཁག་ ཁད་ཅེས་པ་ལ་སོགས་པ་དང་མཚུངས་ལ། དེ་བཞིན་དུ་གལ་དལ་བལ་ཁལ་མལ་འམ་ ཞེས་པ་ནི།ཁལ་ངལ་ཅལ་ཆལ་ཞེས་པ་ལ་ སོགས་པ་དང་མཚུངས་པས། །སྔོན་འཇག་ཏུ་མི་བསམ་མོ། །འཇུག་པའི་ཚུལ་བསྟན་པ།ཇི་ལྟར་ འཇུག་པར་བྱེད་ཅེ་ན།ཕོ་ནི་དྲག་ པའི་ཚུལ་གྱི་ཏེ། །མ་ནིང་རན་པར་འཇུག་པ་ཡིན།མོ་ནི་ ཞན་པའི་ཚུལ་གྱིས་འཇུག །ཤིན་ཏུ་མོ་ནི་མཉམ་པས་སོ། །སྔོན་འཇུག་ལྔ་ཚུལ་ཇི་ལྟར་འཇུག་ པར་བྱེད་ཅེ་ན།འདི་ལྟར་སྔོན་འཇུ ག་གི་ཕོ་བ་སྔོན་དུ་འཇུག་པ་ནི་ བརྗོད་པ་དྲག་པའི་ཚུལ་གྱིས་དང༌། དེ་བཞིན་དུ་མ་ནིང་ག་ད་གཉིས་ནི་ བར་མ་དང༌།མོ་འ་ནི་ཞན་པའི་དང༌།ཤི ན་ཏུ་མོ་ནི་མཉམ་ཕྱིར་རོ། །ཡང་སྔོན་འཇུག་ལྔ་འབྲས་བུ་ཅིའི་ ཕྱིར་འཇུག་པར་བྱེད་ཅེ་ན། སྔོན་འཇུག་གི་ཕོ་བ་ནི་དུས་འདས་ པ་དང༌།དངོས་པོ་གཞན་དང༌།མ་ནིང་ག་ ད་གཉིསམ་དངོས་པོ་བདག་གཞན་གཉིས་ ཀ་དང༌། དུས་ད་ལྟ་བ་དང༌། མོ་འ་ནི་དངོས་པོ་བདག་དང༌། དུས་མ་འོངས་པ་དང༌།ཤིན་ཏུ་མོ་ལ་ ནི།དུས་དང་དངོས་པོ་ཐམས་ཅད་ཀྱི་ ཆེད་དུ་མཉམ་པར་འཇུག་གོ་ཞེས་བྱ་ བ་ཡིན་ནོ། །ད་ནི་རྗེས་འཇུག་བཤད་པ་ལ།རྗེས་ འཇུག་བཅུ་རྟགས་ཐ་དད་པར་བསྟན་པ། རྗེས་འཇུག་ཡི་གེ་བཅུ་པོ་ལ།ཕོ་མོ ་མ་ནིང་གསུམ་དུ་དབྱེ། །རྗེས་འཇུག་གི་ཕོ་ད་བ་ས་རྣམས་སོ ། །མོ་ནི་ར་འ་གཉིས་སོ། །མ་ནིང་ནི་ག་ང་ན་མ་ལ་རྣམས་སོ། །ཕོ་ལ་སྐྱེས་བུ་རབ་འབྲིང་གསུམ། མོ་ལ་མོ་དང་ཤིན་ཏུ་མོ། །མ་ནིང་འགྱུར་དང་མཚན་གཉིས་དང༌། །མཚན་མེད་དག་དང་གསུམ་དུ་འདོད། །པ་བ་ད་རྣམས་ནི་རྗེས་འཇུག་གི་ཕོ འི་སྐྱེས་བུ་རབ་འབྲིང་གསུམ་མོ། །འ་ར་གཉིས་ནི་རྗེས་འཇུག་ཡི་མོའི ་མོ་དང་ཤིན་ཏུ་མོ་གཉིས་སོ། །ག་ང་ན་རྣམས་ནི་མ་ནིང་འགྱུར་བའོ ། །མ་ནི་མ་ནིང་མཚན་གཉིས་པའོ། །ལ་ནི་མ་ནིང་མཚན་མེད་དོ། །རྗེས་འཇུག་གི་མ་ནིང་རབ་འབྲིང་ གསུམ་མོ་དག་གི་བྱེད་པ་བསྟན་པ།དེ ་དག་གི་དབྱེ་བ་བསྟན་པ།དེ་ཡང་བྱེ ད་པ་བཞི་བཞི་སྟེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་བྱེད་དང་ཅིའི་ཕྱིར་བྱེ ད། །རྗེས་འཇུག་དེ་དག་ཀྱང་བྱེད་པ་ བཞི་བཞི་བྱེད་དེ།འདི་ལྟར་ཡུལ་ གང་ལ་དང༌།བྱེད་པ་པོ་གང་གིས་དང༌། ཚུལ་ཇི་ལྟར་དང༌།སྒྲུབ་བྱ་ཅིའི་ ཕྱིར་འཇུག་པར་བྱེད་པའོ། །དེ་ཉིད་བཤད་པ།གང་ལ་ཡི་གེ་ཐམས་ ཅད་ལ། །གང་གིས་བཅུ་པོ་དེ་དག་གིས། །འདིའི་ནི་དང་པོ་གཉིས་བསྟན་ཏེ། །ཡུལ་གང་ལ་ན་མིང་གཞིའི་ཡི་གེ་སུ མ་ཅུ་པོ་ཐམས་ཅད་ལའོ། །བྱེད་པ་སོགས་གང་གིས་ན་རྗེས་འཇུ ག་བཅུ་པོ་དག་གིས་སོ། །ཇི་ལྟར་རྣམ་པ་གཉིས་ཡིན་ཏེ།སྒྲ་ ཡི་འཇུག་ཚུལ་དོན་གྱི་ཚུལ། །འདིས་ནི་གསུམ་པ་བསྟན་ཏོ། །ཇི་ལྟར་འཇུག་པའི་ཚུལ་ནི་རྣམ་པ་ གཉིས་ཏེ། སྒྲ་དང་དོན་ཏོ། །སྒྲའི་འཇུག་པ་བསྟན་པ། ཕོ་གསུམ་མོ་གཉིས་མ་ནིང་གསུམ། །དྲག་ཞན་བར་མ་གསུམ་དུ་འཇུག །རྗེས་འཇུག་གི་ཕོ་ད་བ་ས་གསུམ་ནི ་བརྗོད་པ་དྲག་པའི་ཚུལ་གྱིས་དང༌། མོ་འ་ར་གཉིས་ནི་ཞན་པའི་ཚུལ་གྱི ས་དང༌། མ་ནིང་ག་ང་ན་མ་ལ་རྣམས་ནི་བར་མའི ་ཚུལ་གྱིས་འཇུག་པའོ། །དྲག་པ་གསུམ་ཉིད་ནང་ཕྲད་དམ། །གལ་ཏེ་ཞན་པ་ནང་ཕྲད་ན། །དེ་ལའང་ནང་གི་ཆ་ཤས་ཀྱིས། །དེ་ཡང་དྲག་གཞན་གཉིས་སུ་དབྱེ། །དྲག་པ་ནི་རྗེས་འཇུག་གི་ཕོ་ད་བ་ ས་གསུམ་མོ། །དེ་དག་ཉིད་ནང་ཕྲག་པ་ནི་ཚོགས་ པའོ། །དེ་ལ་ནང་གི་ཆ་ཤས་བ་དང་སྔོན་དུ་ ཞུགས་པའི་བྱེ་བྲག་གིས་ཚོགས་པ་དེ ་ཡང༌། དྲག་པ་དང་ཞན་པ་གཉིས་སུ་དབྱེ་སྟེ །དཔེར་ན་བསད་ཅེས་པ་དང་དབས་ཞེས་ པ་ལྟ་བུའོ། །དེ་ཡང་སྔོན་འཇུག་གི་ཕོ་དང་མ་ནི ང་གི་ཁྱད་པར་ནི་སྐྱེས་བུ་འབྲིང་ དང་ཐ་མའི་ཁྱད་པར་གྱིས་ཡིན་པར་སེ མས་སོ། །གལ་ཏ་ཞན་པ་རྗེས་འཇུག་གི་མོ་འ་ ར་གཉིས་ནང་ཕྲད་ན་དེ་ལ་ཡང་ནང་གི་ ཆ་ཤས་མོ་དང་ཤིན་ཏུ་མོ་སྔོན་དུ་ ཞུགས་པའི་བྱེ་བྲག་གིས་དེ་ཡང་དྲ ག་ཞན་གཉིས་སུ་དབྱེ་སྟེ། དཔེར་ན་འ་ར་དང་ཞེས་པ་དང་རའི་ཞེ ས་པ་ལྟ་བུའོ། །དེ་ནི་སྡུད་པའོ། །མ་ནིང་གསུམ་དུ་གང་གཏོགས་པ།དྲག་ དང་ཕྲད་ན་དྲག་པར་འགྱུར། །ཞན་དང་ཕྲད་ན་ཞན་པར་འགྱུར། །ག་ང་ན་གསུམ་ནི་མ་ནིང་འགྱུར་པའོ ། །མ་ནི་མཚན་གཉིས་སོ། །ལ་ནི་མཚན་མེད་དོ། །གསུམ་པོ་དེ་དག་དྲག་པ་ད་བ་ས་རྣ མས་དང་ཕྲད་ན་དྲག་པར་གྱུར་ཏེ། དཔེར་ན་དག་བག་སག་ཅེས་པའམ། གད་ངད་ངས་གས་གབ་མ་ཞེས་པ་ལ་སོགས་ པ་ལྟ་བུའོ། །ཡང་དེ་དག་ཞན་པ་འ་ར་གཉིས་དང་ཕྲ ད་ན་ཞན་པར་འགྱུར་ཏེ།དཔེར་ན་གའི་ ངའི་ཞེས་པ་ལ་སོགས་པ་དང༌།གར་ངར་ ཞེས་པ་ནས་ལར་ཞེས་པའི་བར་ལྟ་བུའོ ། །གཉིས་ཀ་དང་ནི་ཕྲད་གྱུར་ན། །དེ་ནི་གཉིས་ཀ་ཅན་དུ་འགྱུར། །མ་ནིང་དེ་དག་དྲག་ཞན་གཉིས་ཀ་དང་ ཕྲད་ན་དྲག་ཞན་གཉིས་ཀ་ཅན་དུ་འགྱུ ར་ཏེ། དཔེར་ན་དགའ་འབལ་གསར་ཞེས་པ་ལ་སོ གས་པ་ལྟ་བུའོ། །གཉིས་ཀ་ཅན་འབྲུ་མང་པོ་པའི་བསྡུ ་བའོ། །གཉིས་ཀ་དག་དང་མ་ཕྲད་ན། །གང་དུ་ཡང་ནི་མི་འགྱུར་རོ། །མ་ནིང་དེ་དྲག་ཞན་གཉིས་ཀ་དང་མ་ ཕྲད་ན་སྒྲ་དྲག་ཞན་གང་དུ་ཡང་མི་ འགྱུར་རོ། །ཞེས་བྱ་བའི་དོན་ཏོ། །ཡང་ན་དྲག་དང་ཞེས་པ་རྐང་པ་གཉིས་ ཀྱི་མ་ནིང་འགྱུར་བ་བསྟན་ཅིང༌། གཉིས་ཀ་ཞེས་པ་རྐང་པ་གཉིས་ཀྱིས་ མཚན་གཉིས་དང༌།གཉིས་ཀ་དག་དང་ཞེས་ པ་རྐང་པ་གཉིས་ཀྱིས་མཚན་མེད་བསྟ ན་པར་བལྟའོ། །དེས་ན་འགྱུར་དང་མཚན་གཉིས་དང༌། །མཚན་མེད་མ་ནིང་གསུམ་དུ་འདོད། །སྔར་བཤད་པའི་ཚུལ་དེས་ན་མ་ནིང་ འགྱུར་བ་དྲག་པ་དང༌། །མཚན་གཉིས་ནི་ཞན་པ་དང༌། མཚན་མེད་ནི་གཉིས་ཀ་མ་ཡིན་པ་དང་ གསུམ་དུ་འདོད་ཅེས་པའོ། །དེ་ནི་སྒྲ་ཡི་འཇུག་ཚུལ་ལོ། འདི་ནི་སྤྱིའི་དོན་བསྡུད་པའོ། །དོན་གྱི་འཇུག་པ་བསྟན་པ། །དོན་ནི་རྣམ་པ་གཉིས་ཡིན་ཏེ། །སྔ་མ་གང་ལྟར་གྱུར་པ་དང༌། །ཕྱི་མ་གང་ལྟར་འགྱུར་བའོ། །དོན་གྱིས་འཇུག་པ་ནི་རྣམ་པ་གཉི ས་ཏེ། །སྔ་མ་དང་ཕྱི་མ་དག་གོ །དེ་ཉིད་བཤད་པ། སྔ་མ་སྔོན་འཇུག་སྔོན་བཞིན་སྦྱར། གྱུར་པའི་སྒྲས་འདས་པའི་དོན་སྟོ ན་པས་དུས་དང་དངོས་པོ་གཉིས་ཀ་སྔ་ མ་གང་ལྟར་གྱུར་པ་ནི་སྔོན་འཇུག་ སྔར་སྦྱར་བ་དེ་ལྟར་ཕོ་རྣམས་དྲག་ པ་དང༌།མོ་རྣམས་ཞན་པ་དང༌།མ་ནིང་ རྣམས་བར་མའི་ཚུལ་གྱིས་འཇུག་པ་སྟེ །དཔེར་ན་བཀག་ཅེས་པ་ལ་སོགས་པ་བཞི ན་ནོ། །ཕྱི་མ་དག་གི་འདྲེན་ཚུལ་ནི། །ཕོ་ཡིས་ཕོ་ཡིས་མིང་མཐའ་དྲངས། །འགྱུར་བའི་སྒྲས་མ་འོངས་པའི་དོ ན་སྟོན་པས་ཡུལ་དང་དངོས་པོ་གཉིས་ ཀ་ཕྱི་མ་གང་ལྟར་འགྱུར་བ་ནི།འདི་ ལྟར་རྗེས་འཇུག་གི་ཕོ་ད་བ་ས་རྣ མས་རྗེས་སུ་ཞུགས་པའི་མཐུས་ཕོའི་ མིང་མཐའ་མིང་གཞིའི་ཀ་འདྲེན་ནོ། །དེ་རྣམ་དབྱེ་དྲུག་པར་འགྱུར་བ་ ནི། །དཔེར་ན་ད་བ་ས་ཀྱི་ཞེས་པའོ། །དེ་ལ་རྗེས་འཇུག་བཅུ་པ་སྦྱར་ན་ རྣམ་དབྱེ་གསུམ་པར་ཡང་འགྱུར་བས་ དེ་དག་འདྲེན་ནོ། །དེ་བཞིན་དུ་ལ་དང་མཐུན་པ་དང༌། ཅིག་དང་ཅེས་དང་ཅེ་ན་དང་ཤེ་ན་དང་ ཀྱང་ལ་སོགས་པ་ཡང་འདྲེན་ནོ། །མོ་ཡི་མོ་ཡི་མིང་མཐའ་དྲང༌། །རྗེེས་འཇུག་གི་འ་ར་གཉིས་རྗེས་ སུ་ཞུགས་པའི་མཐུས་མོའི་མིང་མཐའ་ མིང་གཞིའིམ་འདྲེན་པ་ནི།དཔེར་ན་ དགའ་མ་ཁྱེད་ཀྱི་མིག་གཉིས་ནི། །ཟར་མའི་མེ་ཏོག་རྒྱས་པ་བཞིན། །ཞེས་པ་ལྟ་བུའོ། །དེ་བཞིན་དུ་འདི་་དང་གྱི་དང་ཞི ག་དང་ཞེ་དང་ཞེ་ན་དང་ཡང་ལ་སོགས་ པ་མང་པོ་འདྲེན་ནོ། །མ་ནིང་གིས་ནི་མ་ནིང་ངོ༌། །རྗེས་འཇུག་གི་མ་ནིང་ག་ང་ན་མ་ལ་ རྣམས་རྗེས་སུ་ཞུགས་པའི་མཐུས་སྔོ ན་འཇུག་དང་རྗེས་འཇུག་གི་མ་ནིང་ ག་འདྲེན་པ་ནི་དཔེར་ན་བདག་གི་དྲུ ང་གིས་ལྷས་བྱིན་སྒོམ་གྱི་དཔལ་གྱི ་ཞེས་པ་རྣམ་དབྱེ་དྲུག་པ་རྣམས་ དང༌།དེ་དག་ལས་སྦྱར་ན་བྱེད་པ་པོ ར་ཡང་འགྱུར་བས་དེ་དག་འདྲེན་ནོ། །སྨྲ་བའི་སྒོར་བ་མ་ནིང་དུ་བཤད་ པའི་དབང་དུ་བྱས་ནས་བ་འདྲེན་པར་ ཆད་ན་དེར་ཡུལ་དུས་ངེས་པར་མ་བཟུ ང་བ་དག་འདིར་ངེས་པར་འཆད་པ་འགལ་ བ་ཡིན་ནོ། །ཚིག་གིས་འདྲེན་ཚུལ་བཤད་པ།མིང་ མཐའ་དེ་དག་ཉིད་ཀྱིས་ནི། །དེ་ཉིད་རང་གི་སྒྲ་མཐུན་པའོ། །སྒྲ་ཡང་རང་ཞེས་སྦྱར་རོ། །གང་གིས་ཞེ་ན། ཕོས་ཕོ་དང༌། མོས་མོ་དང༌། མ་ནིང་གིས་མ་ནིང་འདྲེན་མིང་མཐའ་ དེ་དག་ཉིད་ཀྱིས་སོ། །ཇི་ལྟར་ཞེ་ན་དེ་དག་ཉིད་ཀྱིས་ རང་གི་མིང་མཐའི་སྒྲ་དང་མཐུན་པའི ་ཚུལ་གྱིས་སོ། །དངོས་པོ་གང་ཞེ་ན།རྣམ་དབྱེ་བརྒྱ ད་འདྲེན་པའི་ཚུལ་བཤད་པ།ཆོས་དངོ ས་ལས་དང་བྱེད་དང༌། །སྦྱིན་དང་འབྱུང་ཁུངས་འབྲེལ་པ་ དང༌། །གནས་དང་བོད་པའི་སྒྲ་ཡང་དྲང༌། །ཆོས་ཀྱི་དངོས་པོ་གང་ཡང་རུང་བ་ དང༌།གཉིས་པ་ལས་སུ་བྱ་བ་དང༌། །གསུམ་པ་བྱེད་པ་པོ་དང་བཞི་པ་གང་ ཕྱིར་སྦྱིན་པ་དང༌། ལྔ་པ་འབྱུང་ཁུངས་དང༌། དྲུག་པ་འབྲེལ་པ་དང༌།བདུན་པ་གནས་ གཞི་དང༌།བརྒྱད་པ་བོད་པ་རྣམས་དྲ ང་ཞེས་པའོ། །དཔེར་ན་ནགས་ན་ཤིང་ཡོད། ཤིང་ལ་གཅོད། ཤིང་གིས་བསྒྱེལ། ཤིང་ལ་ཆུ་འདྲེན།ཤིང་ལས་མེ་ཏོག །ཤིང་གི་འབྲས་བུ་ཤིང་ལ་གནས། ཀྱེ་ཤིང་ཞེས་པ་ལྟ་བུའོ། །ཡང་གི་སྒྲ་ནི། སླར་བསྡུད་པ་ལ་སོགས་པ་འདྲེན་པ་ བསྡུད་པའོ། །ཚིག་ཕྲད་གཞན་གྱི་འདྲེན་ཚུལ་ བཤད་པ། གཞན་ཡང་སླར་བསྡུ་ལྷག་བཅས་དང༌། འབྱེད་དང་སྡུད་བརྣན་བདག་པོ་དང༌། དགག་སྒྲུབ་རྒྱན་དང་དུས་ལ་འཇུག །གཞན་ཡང་འཇུག་ཅེས་སྦྱར་རོ། །གང་ལ་ན་སླར་བསྡུ་ལ་སོགས་པ་ལའོ། །གང་གིས་ན་འདྲེན་བྱེད་རྣམས་ཀྱི ས་སོ། །ཇི་ལྟར་ན་འཆད་པར་འགྱུར་རོ། །དེ་ལ་སླར་བསྡུ་བ་ནི་རྗེ་འཇུག་ བཅུ་ལ་ཨོ་སྦྱར་བ་གོ་ཞེས་པ་ལ་སོ གས་པ་བཅུ་དང༌། ད་དྲག་གིས་དྲངས་པའི་ལྟོ་དང་བཅུ་ གཅིག་གོ །ལྷག་བཅས་ནི་སྟེ་ཏེ་དེ་རྣམས་སོ། །འབྱེད་བསྡུད་ནི་རྗེས་འཇུག་བཅུ་ ལ་མ་སྦྱར་བ། འབྱེད་སྡུད་ད་དྲག་ཅན་ལ་ཏེ། ཞེས་པའོ། །བརྣན་པ་ནི་ཡང་ཞེས་བྱ་བའང་མིན་ ཞེས་པ་དང༌། ནི་ནི་དགར་དང་ལྡན་པའི་ཚིག །ཅེས་པའོ། །བདག་པོ་ནི་པའམ། ཅན་ནི་བདག་པོའམ་ལྡན་པའི་དོན་དུ་ སྦྱར་བར་བྱ། ཞེས་པའོ། །དགག་པ་ནི། མིང་གང་གི་ནི་མ་མཐའ་ན། །སྟྲི་ལིང་གཱ་ཡི་སྒྲ་མེད་པ། །དེ་ལ་སྟྲི་ལིང་ག་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །ཞེས་པའོ། །སྒྲུབ་པ་ནི། ཀྱང་དང་ཡང་ནི་བསྡུད་པའི་ཚིག །མི་མཐུན་མཐུན་པར་སྟོན་པའང་ཡིན། །ཞེས་པའོ། །རྒྱན་ནི་ཡང་དག་ཡོངས་སུ་ཀུན་ཏུ་ སོགས། །སྒྲ་བཞིན་དང་ནི་གྲད་དུའོ། །ཞེས་པའོ། །དུས་ནི་ཉི་མ་ཤར་བ་དང༌། །ཞེས་དང༌། དུས་གཅིག་ན། ཞེས་པ་དང༌། དེ་ཡི་སྐབ་ལ། ཞེས་པ་ལྟ་བུའོ། །ལ་འཇུག་ཅེས་པ་ནི་བཤད་ཟིན་ཏོ། །ཡང་ན་ཀུན་ལ་དགོས་པའི་མཐར་གནས་ བསྡུ་བ་ཞེས་པའི་དོན་ཏོ། །ཚུལ་ཇི་ལྟར་ཞེས་ན། དེ་དག་ལྔ་ཤུགས་འདྲེན་པ་འབྱུང༌། །སྔར་བཤད་པ་དེ་དག་ཚིག་སྔ་མའི་རྗེ ས་འཇུག་རང་རང་གི་ནུས་པས་འབྱུང་ བ་ནི་དགའ་མཐུན་པ་སྟེ། དཔེར་ན་འདུག་གོ །ཞེས་པ་ནས་གྱུར་རོ། །ཞེས་པའི་བར་དང༌། ད་དྲག་པ་ན་ར་ལ་ཏེ། ད་དེ་རྐྱང་པ་འདོགས་ཅན་དང༌། ག་ང་བ་མ་འ་རྣམས་ཏེ། ཞེས་པ་དང་འདུག་གམ་ཞེས་པ་ནས། གྱུར་ཏམ་ཞེས་པ་དང༌། ག་ད་བ་སའི་རྗེས་སུ་ཀྱང༌། ན་མ་ར་ལ་ང་དང་འ་འདོགས་ཅན་རྐྱང་ པ་རྣམས་ལ་ཡང༌། རྐྱང་པ་མཐའ་བརྟེན་མེད་ལའང༌། རྐང་ལྡན་ཡི་གེ་ཉུང་བ་ཡང༌། ཞེས་པ་ལ་སོགས་པ་བཞིན་ནོ། །འདི་དག་རྒྱས་པར་བདག་གིས་ཁོ་བོ ས་སྨྲས་པའི་སྨྲ་བའི་སྒོ་དང་སུམ་ ཅུ་པ་དང་ཕྲད་ཀྱི་གནད་རྣམས་སུ་ བཤད་པ་བཞིན་ཤེས་པར་བྱའོ། །དེ་དག་ནང་གསེས་གང་འཇུག་པ། མཐར་སྦྱར་འོག་མའི་མིང་དོན་ལས། རྣམ་དབྱེ་དང་ཚིག་གི་ཕྲད་དེ་དག་ ནང་གི་དབྱེ་བས་གང་དང་གང་ལ་འཇུག་ པ་དེ་དང་དེ་ནི། ཐ་མར་སྦྱར་བའི་ཚིག་གམ་མིང་དོན་ ལས་ཤེས་པར་བྱ་སྟེ། དཔེར་ན་དེ་དག་སྔ་ཤུགས་ཞེས་པའི་ སྐབས་སུ་བཤད་པ་བཞིན་ནོ། །དེ་དག་ཉིད་ཡང་བཤད་པ། སྤྱིར་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་ དང༌། །ལས་བྱ་བླང་བྱ་སྒྲུབ་པར་བྱ། །སྔོན་དུ་འོས་པ་གནས་པའམ། །འདི་ལྟར་ཆོས་ཀྱི་དངོས་པོ་སྤྱི་ ལ་འཇུག་པ་ཡོད་ན་རྣམ་དབྱེ་དང༌། དེ་བཞིན་དུ་བྱེད་པ་ཡོད་ན་གསུམ་ པ་དང༌། ཆེད་དུ་བྱ་བ་ཡོད་ན་བཞི་པ་དང༌། རྟེན་བྱེད་ཡོད་ན་བདུན་པ་དང༌། ལས་བྱེད་ཡོད་ན་གཉིས་པ་དང། བླང་བྱ་ཡོད་ན་ལྔ་པ་དང༌། སྒྲུབ་བྱ་ཡོད་ན་དྲུག་པ་དང༌། སྔོན་དུ་འོས་པ་གནས་པ་ཡོད་ན་བརྒྱ ད་པ་སྦྱར་བར་བྱ་སྟེ། དཔེར་ན་སྔར་རྣམ་དབྱེ་བརྒྱད་ཀྱི་ སྐབས་སུ་དཔེར་བརྗོད་པ་བཞིན་ནོ། །འམ་གྱི་སྒྲ་ནི་རྣམ་དབྱེ་ལས་ གཞན་ཡང་ཚིག་ཕྲད་ལ་ནང་གི་དབྱེ་བ་ བསྡུད་པའོ། །དེ་ཉིད་བཤད་པ། གཞན་ཡང་ཚིག་དོན་འོག་མ་ལས། བསྡུ་རྒྱུ་ཡོད་དང་མེད་པ་དང༌། །གོང་མ་ལས་ཀྱང་དེ་བཞིན་ཏེ། །ཚིག་དོན་འོག་མ་ལས་གོང་མས་བསྡུ་ བར་བྱ་བའི་ཆོས་འབྱུང་བ་ཡོད་ན་ གཟུགས་ནས་ཞེས་པ་དང༌། མིག་ལ་སོགས་པ་ཞེས་པ་ལ་སོགས་པ་སྡུ ད་ཚིག་དང༌། གལ་ཏེ་མེད་ན། ཞེས་པ་དང༌། མིག་གོ་ཞེས་པ་ལ་སོགས་པ་སླར་བསྡུ ་བའམ། གཟུགས་དང་ཚོར་བ་དང་ཞེས་པ་ལ་སོ གས་པ་དང༌། མིག་དང་རྣ་བ་དང་ཞེས་པ་ལ་སོགས་ པའི་འབྱེད་པའི་ཚིག་སྦྱར་རོ། །ཚིག་དོན་གོང་མ་ལས་ཀྱང་འོག་མ་ཇི ་ལྟ་བ་བཞིན་དུ་སྦྱར་ཏེ། དཔེར་ན་ཅིའི་ཕྱིར་དང༌། ཇི་སྙེད་སུ་དག་ལ་སོགས་པ་བཞིན་ནོ ། །རྣམས་གྲངས་དག་ནི་བཀོད་པ་ལས། །བསྐྱར་བ་ཡོད་དང་མེད་པ་དང༌། །མིང་གི་རྣམས་གྲངས་དག་བཀོད་པ་ ལས་བསྐྱར་བའི་སྒྲ་ཡོད་ན་ཟློས་པ་ སྟེ། དཔེར་ན་ཟླ་བ་ཟླ་བ་ནི་གང༌། ཅི་ཟླ་བ་ཟླ་ནི་ཟླ་བའོ་ཞེས་པ་དང༌ ། གལ་ཏེ་སྐྱར་བ་མེད་ན་ནི། །ཟླ་བ་ནི་རི་བོང་འཛིན་པ་དང༌། །རྒྱུ་སྐར་དབང་པོ་དང༌། མཚན་མོའི་བདག་པོ་ཞེས་དགར་བ་དང་ འབྱེད་པའི་སྒྲ་སྦྱར་རོ། །ཕོ་སྒྲ་དང་ནི་མོ་སྒྲ་དག །མིང་གི་མཐའ་ལ་ཡོད་མེད་དང༌། །རྟ་དང་གསེར་ལ་སོགས་པ་མིང་གང་གི ་མཐའ་ན་ཕོའི་སྒྲ་པ་དང་ཅན་ལ་སོ གས་པ་ཡོད་ན་བདག་པོ་འདྲེན་པར་བྱེ ད་དེ། དཔེར་ན་རྟ་པ་དང་གསེར་པ་ལ་སོགས་ པ་བཞིན་ནོ། །གལ་ཏེ་ཕོའི་སྒྲ་མེད་ན་ནི་མ་ཡི ན་ནོ། །འདོད་ཆགས་དང་ཞེ་སྡང་མེད་པ་ལ་སོ གས་པ་མིང་གང་གི་མཐའ་ན། མེད་དང་མ་ལ་སོགས་པ་མོའི་སྒྲ་ཡོ ད་ན་དགག་པ་འདྲེན་པར་བྱེད་དེ། དཔེར་ན་འདོད་ཆགས་མེད་པ་དང༌། ཞེ་སྡང་མེད་པ་ལ་སོགས་པ་བཞིན་ནོ། །རྒྱ་གར་ལ་དགག་སྒྲ་གོང་དུ་སྦྱོ ར་བ་ལས་གཞན་མེད་དོ། །ཞེས་ཁོ་བོའི་བླ་མ་ལོ་ཙྪ་བ་གསུ ང་ངོ༌། །གལ་ཏེ་མོའི་སྒྲ་མེད་ན་འདིར་མ་ ཡིན་ནོ། །རྒྱན་དུ་འགྱུར་བ་རྣམས་ལ་ཡང༌། །དོན་ལ་སྙེག་པ་ཡོད་མེད་དང༌། ཚིག་གི་རྒྱན་དུ་གྱུར་པ་ཀྱང་དང༌། ཡང་དང༌། ཡང་དག་དང༌། ཡོངས་སུ་ལ་སོགས་པ་རྣམས་ལ་ཡང༌། དོན་ལ་དོན་སྙེག་པ་ཡོད་ན་རྒྱན་ དང་བསྡུད་པ་གང་ལས་འགྱུར་ཏེ། དཔེར་ན་བསུང་ལྡན་རྣམས་ཀྱང་དངོས་ སུ་རྒྱས། བུང་བ་ཡང་ནི་དགའ་བ་འཕེལ། །ཞེས་པ་ལྟ་བུ་རྒྱན་བསྡུད་གཉིས་ ཀ་མཐུན་པ་དང༌། ཆུ་གཏེར་རྒྱས་ཀྱང་པདྨ་ཟུམ། །ཉི་མ་གསལ་ཀྱང་ཀུ་མུད་མིན། །ཞེས་པ་ལྟ་བུ་གཉིས་ཀ་མི་མཐུན་ པའོ། །གལ་ཏེ་དོན་ལ་སྙེད་པ་མེད་ན་རྒྱ ན་ཙམ་དུ་འགྱུར་རོ། །བསྟན་བྱ་ལྷག་མ་ཡོད་མེད་དང༌། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། །བསྟན་བྱའི་དོན་ལྷག་མ་ཡོད་ན་འདི ་ལྟ་སྟེ་ཞེས་པ་ལྷག་མ་ཅན་དང༌། གལ་ཏེ་མེད་ན་དེ་ཙམ་ཞེས་པ་སླར་ བསྡུ་བ་སྦྱར་རོ། །དང་གི་དོན་རྫོགས་ན་བཤད་ཟིན་ཏོ་ ཞེས་པ་སླར་བསྡུ་བ་དང༌། གལ་ཏེ་མ་རྫོགས་ན་བཤད་པར་བྱ་ཏེ། ཞེས་པ་ལྷག་མ་ཅན་གྱི་སྒྲ་སྦྱར་རོ ། །ཀྱིས་ནི་བྱེད་པ་པོ་སྟེ་ཀུན་ལ་ དགོས་པའི་མཐར་གནས་སོ། །དེ་དག་ནང་གསེས་རྣམ་པར་དབྱེ། འདིར་ནི་སྔ་མ་གང་ལྟར་གྱུར་པ་དང༌ ། །ཕྱི་མ་གང་ལྟར་འགྱུར་བ་དེ་དག་ན། །ནང་ གསེས་ཀྱིས་དབྱེ་བའི་ སྒོ་ནས་མདོར་བསྡུས་པ་བསྟན་ཏོ། །བསྒྲུབ་བྱ་བཤད་པ། ཅིའི་ཕྱིར་འཇུག་པར་བྱེད་ཅེ་ན། ཡི་གེའི་ཁོངས་ནས་མིང་དབྱུང་སྟེ། མིང་གི་ཁོང་ནས་ཚིག་ཕྱུང་ནས། ཚིག་གི་དོན་རྣམས་སྟོན་བྱེད་པའོ། །འདིས་ནི་བཞི་པ་བསྟན་ཏོ། །སྔར་བཤད་པའི་ཡི་གེ་དེ་དག་འབྲས་ བུ་ཅིའི་ཕྱིར་འཇུག་པར་བྱེད་ཅེ་ ན། ཀ་ལ་སོགས་པ་ཡི་གེའི་ཁོང་ནས་མིང་ དབྱུང་བ་ནི་ཡི་གེ་འདུས་ནས་ཀ་པ་ ལ་སོགས་པ་དོན་གྱི་ངོ་བོ་སྟོན་ པའི་མིང་འགྲུབ་པའོ། །མིང་གི་ཁོང་ནས་ཚིག་ཕྱུང་བ་ནི་ མིང་འདུས་ནས་ཙན་དན་གྱི་ཀ་བ་ལ་སོ གས་པ་དོན་གྱི་ཁྱད་པར་སྟོན་པའི་ ཚིག་འགྲུབ་པའོ། །ཚིག་འདུས་པས་ནི་བརྗོད་བྱའི་དོ ན་རྣམས་འཇུག་ལྡོག་གི་ཡུལ་དུ་སྟོ ན་པའི་ངག་འགྲུབ་པའོ། །ངག་འདུས་པས་ནི་འཇུག་ལྡོག་གི་ཡུ ལ་དུ་མ་རྟོགས་པའི་རབ་བྱེད་འགྲུ བ་པའོ། །རབ་ཏུ་བྱེད་པ་འདུས་པས་ནི་ཆོས་ ཀྱི་ཕུང་པོའམ་བསྟན་བཅོས་ཆེན་པོ འི་བར་དུ་འགྲུབ་པས་འཆད་པ་དང་རྩོ མ་པ་དང་རྩོད་པ་ལ་སོགས་པ་མཆོག་ཏུ ་མཁས་པའི་བྱ་བ་རྣམས་བདེ་བླག་ཏུ་ རྟོགས་པའི་ཆེད་དུ་མིན་ནོ་ཞེས་བྱ ་བ་ཡིན་ནོ། །ཇི་སྐད་དུ་སྨྲ་བའི་སྒོ་ལས། སྐྱེས་བུ་སྨྲ་བར་འདོད་པ་ཡིས། །གཞི་མཐའི་ཡི་གེའི་བྱེ་བྲག་དག །ལེགས་པར་ཁོང་དུ་ཆུད་པ་ན། །དེ་འདུས་མིང་དང་དེ་བཞིན་ཚིག །ཤོ་ལོ་ཀ་དང་རབ་བྱེད་སོགས། །མིང་ཚིག་ཡི་གེ་མཚུངས་པའི་ཕྱིར། །ཚིག་སྦྱོར་འབདཔ་མེད་པར་འགྱུར། །ཞེས་གསུངས་པ་དང་རྗེས་སུ་མཐུན་ པའོ། །བཟློག་པའི་སྒོ་ནས་བསྟན་པ། །མོ་ཡི་ཡི་གེ་མེད་པ་ན། །ཕོ་ཡིག་བརྗོད་པ་མེད་པར་འགྱུར། །མོའི་ཡི་གེ་འ་ལ་སོགས་པ་མེད་ན་ ཕོའི་ཡི་གེ་ཀ་ལ་སོགས་པ་འདུས་པ་ ཙམ་གྱིས་བརྗོད་བྱའི་སྟོན་པར་མི་ འགྱུར་ལ། ཕོ་ཡིག་དེ་དག་རྣམས་ལ་ཡང༌། འཇུག་པར་བཅས་པ་མེད་པ་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །ཕོའི་ཡི་གེ་ཀ་ལ་སོགས་པ་དེ་དག་ རྣམས་ལ་ཡང་སྔོན་འཇུག་དང་རྗེས་ འཇུག་དག་དང་འབྲེལ་བ་མེད་ན་མིང་ དང་ཚིག་དག་ཀྱང་གསལ་བར་བྱེད་མི་ ནུས་སོ། །ཞེས་པའོ། །མིང་ཚིག་གསལ་བ་མེད་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ ། །མིང་དང་ཚིག་གསལ་བར་གསལ་བར་བྱེ ད་པའི་ཡི་གེ་རྣམས་མེད་ན་ནི་དོན་ རྣམས་འཇུག་ལྡོག་གི་ཡུལ་དུ་སྟོན་ པའི་ངག་འཇུག་པར་ཡང་མི་འགྱུར་ཏེ། །དང་པོའི་རྒྱུ་མེད་པའི་ཕྱིར་རོ། །དེ་ལྟར་གྱུར་ན་འཇིག་དོན་མཚོན་ བརྗོད་པ་ཀུན་ཀྱང་མེད། རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱས་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །གཞུང་ཁ་ཅིག་ལས། ཉན་ཐོས་རང་རྒྱལ་སངས་རྒྱས་དང༌། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་འབྱུང་ངོ༌། །དེ་ལྟར་གྱུར་ན་འཇིག་རྟེན་ན་དོ ན་བརྗོད་བྱར་མཚོན་ནས་སྟོན་པ་མི ང་གི་རྣམ་པ་ཅན་གྱི་སྒྲ་ཀུན་དང༌། སྙན་དངགས་དང་སྲིད་སྲུང་དང་ངེས་ བརྗོད་ལ་སོགས་པ་ཕྱི་རོལ་བའི་རི ག་བྱེད་སྨྲ་བ་དང༌། སངས་རྒྱས་དང་ཉན་ཐོས་རང་སངས་རྒྱ ས་དང་སངས་རྒྱས་ཀྱི་ས་ལ་བསླབ་པར་ བྱ་བའི་གནས་ཀུན་ཀྱང་མེད་པར་འགྱུ ར་ན་དེ་ལྟ་ཡང་མིན་པའི་ཕྱིར། ཡི་གེ་དང་མིང་དང་ཚིག་དང་ངག་རབ་ ཏུ་བྱེད་པ་ལ་སོགས་པ་ནི་ཡོད་པ་ཉི ད་དོ། །འོ་ན་དེ་དག་བསྟན་པར་མི་བྱའོ། །དཔེ་བསྟན་པ། ཇི་ལྟར་འཇིག་རྟེན་སེམས་ཅན་དག །ཕུང་པོ་ཁམས་དང་སྐྱེ་མཆེད་དང༌། །གྲུབ་མཐའ་གཞན་ཡང་ཡོད་མོད་ཀྱི། །རང་ཉིད་ཀྱིས་ནི་མི་ཤེས་བཞིན། །དཔེར་ན་འཇིག་རྟེན་ན་སེམས་ཅན་གྱི ་ཕུང་པོ་དང་ཁམས་དང༌། སྐྱེ་མཆེད་དང༌། གྲུབ་མཐའ་གཞན་གྱི་རྟེན་འབྲེལ་ དང་ལས་དང་ཉོན་མོངས་པ་དང་རྣམ་པར་ བྱང་བ་ལ་སོགས་པའམ། ཡང་ཕྱི་རོལ་པ་དང༌། ནང་པ་དང༌། ནང་པ་ལའང་གྲུབ་མཐའ་བཞིའམ་ཐེག་པ་ གསུམ་ལ་སོགས་པ་ཡོད་ཀྱང༌། དེ་དག་གི་མཚན་ཉིད་མི་ཤེས་པ་རྣ མས་ལ་སངས་རྒྱས་ལ་སོགས་པ་དེ་དག་ བསྟན་ཏོ། །གྲུབ་མཐའ་གཞན་ཡང་ཡོད་མིན་ན། ཞེས་འབྱུང་བ་ལྟར་ན་སངས་རྒྱས་པའི ་ལས་གཞིན་གྱི་དོན་དང་མཐུན་པར་ཡོ ད་པ་མིན་པས་ཤེས་ཞེས་སྦྱར་རོ། །དོན་ལ་སྦྱར་ན། དེ་བཞིན་ཡི་གེའི་འཇུག་ཚུལ་རྣམས། སྨྲ་བ་ཀུན་ལ་གནས་གྱུར་ཀྱང༌། །རང་ཚུལ་དེ་ཉིད་མི་ཤེས་པས། །དོན་ལ་སྦྱོར་བ་ག་ལ་ཤེས། །དེ་བཞིན་དུ་ཡི་གེ་ལ་ཡང་དབྱངས་ དང༌། །གསལ་བྱེད་དང༌། དྲག་པོ་དང༌། བསྒྲེངས་པ་དང༌། བཀུག་པ་དང༌། སྨད་པ་དང༌། བསྒྲིམས་པ་དང༌། གློད་པ་དང༌། སྣ་དང་ལྡན་པ་དང༌། རྣམ་པར་གཅད་པ་དང༌། ཐུང་ངུ་དང༌། རིང་པོ་དང༌། ཤིན་ཏུ་རིང་པོ་དང༌། ཕོ་དང༌། མོ་དང༌། མ་ནིང་དང༌། ཤིན་ཏུ་མོ་དང༌། ཕོ་ལ་ཡང་སྐྱེས་བུ་རབ་འབྲིང་གསུ མ་ལ་སོགས་པ་དང༌། རྐྱང་པ་དང༌། སྔོན་འཇུག་དང༌། རྗེས་འཇུག་དང༌། བརྩེགས་པ་དང༌། བརྩེགས་འཕུལ་ལ་སོགས་པ་དང༌། སྐྱེད་པར་བྱེད་པའི་རྒྱུ་དང༌། འབྱུང་བའི་གནས་དང༌། འབྱིན་པའི་རྐྱེན་དང༌། ང་རོ་དྲག་པ་དང༌། བར་མ་དང༌། གཞན་པ་ལ་སོགས་པའི་འཇུག་ཚུལ་རྣ མས་དང༌། ཡི་གེ་འདུས་པ་ལས་མིང་དང༌། མིང་གི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། རྣམས་གྲངས་ལ་སོགས་པ་དང༌། མིང་འདུས་པ་ལས་ཚིག་དང༌། ཚིག་གི་མཚན་ཉིད་དང༌། རབ་ཏུ་དབྱེ་བ་དང༌། ཚིག་འཇུག་པ་ལ་སོགས་པའི་མཚན་ཉིད་ རྣམ་དག་སྨྲ་བའི་གང་ལ་ཀུན་ལ་ཡོད་ ཀྱང༌། རང་ཉིད་ཀྱིས་དེ་དག་གི་མཚན་ཉིད་ མི་ཤེས་ན། དོན་ལ་སྦྱོར་བ་ལྟ་ག་ལ་ཤེས། དེའི་ཕྱིར་དེ་དག་ལ་བསྟན་དགོས་ པས་སྐྱོན་མེད་ཅེས་བྱ་བ་ཡིན་ནོ། །བཤད་པ་མཐར་ཕྱིན་པའི་བྱ་བ་བསྟན་ པ།དེ་ཕྱིར་སྨྲ་བའི་དབང་ཕྱུག་གི །རྗེས་སྨྲས་འདི་ཀུན་རྟོགས་གྱུར་ ཅིག །མི་ཤེས་པ་རྣམས་ལ་བསྟན་དགོས་པ་ དེའི་ཕྱིར་སྨྲ་བའི་དབང་ཕྱུག་བྱཱ ་ཀཱ་ར་ཎའི་མཁན་པོ་སྔོན་གྱི་མཁས་ པ་རྣམས་ཀྱི་རྗེས་སུ་ཡང་དག་པར་སྨྲ ས་པའི་དགེ་བ་འདིས་ནི་སྐྱེ་བོ་ཀུ ན་གྱིས་བྱཱ་ཀཱ་ར་ཎའི་གནས་ཀུན་རྟོ གས་པར་གྱུར་ཅིག་ཅེས་གཞན་དོན་དུ་ ཡོངས་སུ་སྔོ་བ་བསྟན་ཏོ། །རྐང་པ་གཉིས་པོ་འདིའང་ཕྱིས་གཞན་ གྱིས་བཅུག་པའོ། །རྟགས་ཀྱི་འཇུག་པའི་འགྲེལ་པ་དབུ ས་པ་བློ་གསལ་གྱིས་སློབ་མ་ལ་ཕན་ པའི་དོན་དུ་ཤིན་ཏུ་གསལ་བར་སྦྱར་ བ་རྫོགས་སོ། །དགེའོ།། །།