ལོ་ཙཱ་བ་གྲགས་ཅན་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ངོ་སྤྲོད་མདོར་བསྡུས།

ལོ་ཙཱ་བ་གྲགས་ཅན་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ངོ་སྤྲོད་མདོར་བསྡུས།
ལོ་ཙཱ་བ་གྲགས་ཅན་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་སྐུ་གཤེགས་པར་མྱ་ངན་ཞུ།
ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ནི། སྟོད་མངའ་རིས་སུ་སྐུ་འཁྲུངས་ཤིང་། བཙན་བྱོལ་དུ་ཕེབས་རྗེས་ཌལ་ཧོར་གཏན་སློབ་ཏུ་གཞི་རིམ་སློབ་སྦྱོང་གནང་། འཛིན་རིམ་བརྒྱད་པ་ཐོན་ཏེ་ཕྱི་ལོ་ ༡༩༧༡ ལོར་ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་ཞུགས་གནང་། ཕྱི་ལོ་ ༡༩༨༠ ལོར་བསླབ་པ་མཐར་སོན་ཏེ་ཨཱཅཱརྱ་མཚན་གནས་བཞེས། དེ་རྗེས་བོད་སྐད་ནས་ལེགས་སྦྱར་དུ་ཕབ་སྒྱུར་གྱི་སློབ་སྦྱོང་དང་མཉམ་དུ་སྒྲ་སྒྱུར་གྱི་ཕྱག་ལས་གནང་། རྟེན་འབྲེལ་བསྟོད་པ་ལེགས་སྦྱར་དང་ཧིན་སྐད་དུ་བསྒྱུར་ཅིང་།
ཕྱི་ལོ་ ༡༩༨༧ ལོ་ནས་ Asst. Prof. དང་། དེ་རྗེས་ Associate Prof. གྱི་ཕྱག་ལས་གནང་སྟེ་ཕྱི་ལོ་ ༢༠༢༠ ཟླ་བ་ ༤ ཚེས་ ༣༡ ཉིན་བགྲེས་ཡོལ་དུ་ཕེབས། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཕྱག་ལས་མུ་མཐུད་གནང་རྒྱུའི་བཀའ་ཡིག་སྩལ། ཁོང་གིས་ལས་ཡུན་རིང་སྒོམ་རིམ་བར་པ་དང་། བྱང་ཆུབ་སེམས་འགྲེལ། ལམ་རིམ་ལྷག་མཐོང་། གསང་འདུས་མདོ་བསྲེ་སོགས་ཕབ་སྒྱུར་དང་། བསྐྱར་གསོ་གནང་བའི་ཕྱག་དེབ་མང་པོ་ཡོད་ལ། ལྷག་པར་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་གྱིས་རྒྱ་གར་གྱི་པཎྜི་ཏ་ཇཱནཀཱི་པྲ་སཱད་དཱིཝེདཱིའི་ལྷན་དུ་ལེགས་སྦྱར་ནས་བོད་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཡང་དག་པ་བསྡུས་པ་ཆོས་ཀྱི་རྣམ་གྲངས་བསྟན་པའི་གཞུང་མདོ་བསྟན་དུ་མའི་ཁུངས་དང་བཅས་པ་སྦྱར་ཏེ་བསྒྱུར་བ་ཕྱི་ལོ་ ༡༩༨༨ ལོར་པར་དུ་བསྐྲུན་གནང་བ་བཅས་གསར་དུ་སྒྲ་སྒྱུར་གནང་བ་སོགས་མཛད་རྗེས་ཆེ། ཕྱི་ལོ་ ༢༠༢༡ ཟླ་བ་ ༤ ཚེས་ ༡༥ མཚན་དགུང་ལ་ལོ་ཙཱ་བ་གྲགས་ཅན་རྒན་རྒྱལ་མཚན་རྣམ་གྲོལ་མཆོག་སྐུ་གཤེགས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།