བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་སློབ་མ་དགུ་བཅུའི་ལོ་རྒྱུས་སྙིང་བསྡུས་བྱ་བ་བཞུགས་སོ། །

བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་སློབ་མ་དགུ་བཅུའི་ལོ་རྒྱུས་སྙིང་བསྡུས་བྱ་བ་བཞུགས་སོ། །
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་སློབ་མ་དགུ་བཅུའི་ལོ་རྒྱུས་སྙིང་བསྡུས་བྱ་བ་བཞུགས་སོ། །
བཟོ་རིག་ནས་བཟུང་ཡོངས་སུ་རྫོགས་པའི་བར། །
དེ་དང་དེ་ཡི་བཀའ་བབས་ཉི་ཤུ་གསུམ། །
འཇམ་པའི་རྡོ་རྗེ་མི་ཡི་ཟློས་གར་མཁན། །
རྣམ་དག་འཁོན་གྱི་གདུང་རྒྱུད་རྣམ་པ་གསུམ། །
རིགས་སྔགས་འཆང་གི་ཁྱུ་མཆོག་ཆེན་པོ་གཅིག །
ཉི་མ་ཟླ་བ་ལྟར་གྲགས་མཁས་གྲུབ་གཉིས། །
འཇིག་རྟེན་གསུམ་གྱི་མིག་གཅིག་ལོ་ཆེན་གསུམ། །
ཕྱོགས་ལས་རྣམ་པར་རྒྱལ་བའི་བཤེས་གཉེན་དྲུག །
མདོ་སྔགས་ཡོངས་རྫོགས་མཁས་པ་བཅུ་གསུམ་དང་། །
པཎ་ཆེན་ཤཱཀྱ་ཤྲཱིའི་གདན་ས་གཉིས། །
འདུས་པ་རྒྱ་མཚོའི་གཙུག་རྒྱན་བཅུ་དྲུག་དང༌། །
མཚན་ཉིད་རབ་འབྱམས་སྨྲ་བའི་བཤེས་གཉེན་བཞི། །
སྔཊ་གཞུང་རབ་འབྱ མས་སྨྲ་བའི་མཁས་པ་གཉིས། །
སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོ ར་བཞི། །
དྲག་པོའི་བརྟུལ་ཞུགས་རྫོགས་པའི་སྔགས་འཆང་གཉིས། །
བཀའ་བཅུ་ལེགས་པར་སྨྲ་བ་སྟོང་ཕྲག་གཅིག །
བཀའ་བཞི་ཀུན་ཏུ་སྨྲ་བ་སྟོང་ཕྲག་ཟུང་། །
ཕར་ཚད་ཤིས་པའི་སློབ་མ་ཁྲི་ཕྲག་བརྒལ། །
ཚེ་འདི་བློས་བཏང་སྒྲུབ་ཆེན་ལྔ་བཅུར་ལྡན། །
ལྷག་པར་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ། །
རྡོ་རྗེ་ཕག་མོ་གསང་བའི་མཛོད་འཛིན་མ། །
ས་ལ་དགེ་སློང་མ་ ཡིས་རབ་གྲགས་པ། །
སྤྲུལ་པའི་གར་གྱི་གསང་བ་འཛིན་པར་མཛད། །
ཅེས་བྱ་བ་ནི། བཀའ་བབས་ཉི་ཤུ་རྩ་གསུམ་དུ་བརྗོད་པར་བྱ་སྟེ། དེ་ལ་སྐུ་ཚེ་འདིར་སློབ་དཔོན་དང་སྦྱང་པ་ཆེན་པོ་བྱེད་པ་ལ་རགས་མ་ལས་པར་དེ་བཞིན་གཤེཊ་པའི་སྐུ་དང་། ཕོ་བྲང་ཆེན་པོ་རྒྱལ་བ་སྲས་དང་བཅས་པའི་ཕྱག་ཚད་ཀྱི་རྗེས་སུ་འགྲོ་ཞིང་། བདེ་མགྱོགས་སུ་མིག་གི་བདུད་རྩིར་འཁྲུངས་པའི་རི་མོ་ཁྱད་པར་ཅན་གྱི་བཀའ་བབས་ཡངའ་རིས་ཀྱི་པིར་ཐོགས་ཀྱི་རྒྱལ་པོ་1བསམ་གཏན་རྒྱལ་མཚན། རྒྱལ་བའི་སྨན་གཞུང་ཐམས་ཅད་ཀྱི་ཕ་རོལ་དུ་སོན་ཏེ་ནད་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོག་པ་ལ་གཅིག་ཏུ་དཔའ་བའི་ཉམས་མྱོང་དང་ལག་ལེན་གྱི་རྩེ་མོར་འཛེགས་པའི་གསོ་སྤྱད་རིག་པའི་བཀའ་བབས་རིགས་སྔགས་འཆང་གི་འཁོར་ལོས་བསྒྱུར་བ་2རྣམ་རྒྱལ་གྲགས་པ་བཟང་པོ། ཟབ་པ་དང་རྒྱ་ཆེ་བའི་རྒྱས་པའི་སྙན་ངག་གི་གཞུང་ལུགས་རྒྱ་མཚོ་འཆད་པ་དང་རྩོམ་པ་ལ་ཀུན་ཏུ་ཐོགས་པ་མེད་ཅིང་རྒྱན་གྱི་གནས་ལ་བླ་ན་མེད་པའི་ཉམས་ཀྱི་རྣམ་འགྱུར་མཁས་པ་མཐའ་དག་གི་མགོ་བོ་འདར་བར་བྱེད་པའི་སྙན་དངགས་ཀྱི་བཀའ་བབས་ངམ་རིངས་ཀྱི་ཡོངས་སུ་རྫོགས་པའི་བཀའ་བཅུ་པ་3དཔལ་ལྡན་བཟང་པོ། སྡེབ་སྦྱོར་དང༌། ཚིག་གི་རྒྱན་དང་། མིང་གི་མངོན་བརྗོད་དང་། ཟློས་གར་དང་སྒྲ་ལ་སོགས་ཏེ་ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོའི་བཀའ་བབས་དཔ ལ་ཨེའི་བཀའ་བཅུ་པ་ཆེན་པོ་4ནམ་མཁའ་དཔལ་བཟང༌། སྡེ་བདུན་མདོ་དང་བཅས་པ་ཁོང་དུ་ཆུད་ནས་འགྲེལ་པ་མཐའ་དག་གི་ལེགས་པར་བཤད་པ་སྤྲོ་བ་ལ་མཁས་ཤིང་། མངོན་སུམ་དང་རྗེས་སུ་དཔག་པས་རང་སྨིན་པར་བྱས་ཏེ། སྒྲུབ་པ་དང་སུན་འབྱིན་པས་རྗེས་སུ་འཛིན་པ་ཚད་མའི་རིག་གནས་ཀྱི་བཀའ་བབས་5སྟག་ལུང་ཀ་བཞི་པ་བླ་ཆེན་མཉྫུ་ཤྲཱི། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཀྱི་གནས་མ་ལུས་པ་གསལ་བར་བྱེད་པ་འདུལ་བ་མདོ་རྩ་བའི་བཀའ་བབས་6གུང་ཐང་པ་དཔལ་ལྡན་སེང་གེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཀུན་ཏུ་སྤོབས་པར་ལྡན་པའི་མངོན་པ་ཀུན་ལས་བཏུས་ཀྱི་་བཀའ་བབས་7དཔལ་གསང་ཕུ་བ་བཟད་པ་བློ་གྲོས་རྒྱ་མཚོ། ཉམས་ལེན་མངོན་པར་རྟོགས་པ་དངོས་པོ་བརྒྱད་ཀྱི་སྒོམ་རིམ་གྱི་མན་ངག་གི་སྟོན་པ་ཕ་རོལ་དུ་ཕྱིན་པའི་བཀའ་བབས་8ཁབ་གུང་ཐང་པ་རྒྱལ་མཚན་དཀོན་མཆོག མདོའི་ཚལ་གྱི་དོན་གྱི་སྙེ་མ་རྗེ་བཙུན་མི་ཕམ་པའི་གཞུང་མའི་དགོངས་པ་ཟབ་མོ་རྒྱལ་བའི་དགོངས་པ་བཞིན་དུ་བདེ་བླག་ཏུ་རྟོགས་པའི་བཀའ་བབས་9དཔལ་ལྡན་ས་སྐྱ་པ་བཀའ་བཅུ་པ་མཆོག་གི་བློ་གྲོས། བདེ་བར་གཤེགས་པའི་བཀའི་དེ་ཁོ་ན་ཉིད་མཐའ་དང་བྲལ་བ་དབུ་མར་གནས་པ་དེ་ཉིད་རྒྱལ་བའི་དགོངས་པ་ཇི་ལྟ་བ་བཞིན་དུ་འགྲེ ལ་བ་ ལ་ཀུན་ཏུ་འཇིགས་པ་མེད་པའི་མཐའ་བྲལ་དབུ་མ་ཆེན་པོ འི་བཀའ་བབས་10ཀ་བཞི་པ་ཤེས་རབ་པམགོན་པོ། རྒྱལ་བ་སྲས་དང་བཅས་པའི་ཐུན་མོང་མ་ཡིན་པའི་སྤྱོད་པ་རླབས་པོ་ཆེ་གསལ་བར་སྟོན་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་མི་མཉམ་པར་མཁྱེན་ཞིང་། དེ་དག་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཐུགས་ལ་རྣམ་པར་སྨིན་པའི་བཀའ་བབས་པ་དཔལ་ལྡན་11ས་སྐྱ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག ཆགས་སྡང་གི་འཆིང་བ་ལས་རྣམ་པར་གྲོལ་ཞིང་གསུང་རབ་རྒྱ་མཚོ་རྒྱུན་མི་ཆད་པར་ཀུན་ཏུ་འཆད་པའི་ཐུབ་པའི་བསྟན་པ་འཛིན་པའི་བཀའ་བབས་12མཁྱེན་རབ་ཀྱི་དབང་ཕྱུག་དམར་ཁམས་པ་གྲགས་པ་བཟང་པོ། འཕགས་པའི་ཡུལ་གྱི་མཁས་པ་མཐའ་དག་ལ་རབ་ཏུ་གྲཊ་པའི་རྩོད་པའི་སྐྱོན་ཐམས་ཅད་ཡོངས་སུ་སྤངས་ཤིང་ཡོན་ཏན་ཐམས་ཅད་རྫོགས་ཏེ། གཞུང་ལུགས་ངན་པ།. ཐམས་ཅད་ལ་ཕམ་པ་སྟེར་བའི་རྩོད་པ་རྡོ་རྗེའི་ཐོག་དང་འདྲ་བའི་བཀའ་བབས་13ཤེལ་དཀར་བ་ཐུགས་རྗེ་དཔལ། མདོ་རྒྱུད་བསྟན་བཅོས་གསུང་རབ་མཐའ་དག་རྣམ་པར་འགྲེལ་བ་ན། ཚིག་དང་དོན་གྱི་ཆ་ལ་མཁས་པ་ཡིད་འཕྲོག་པའི་སྨྱུ་གུའི་ཁ་ལོ་བསྒྱུར་བ་ཆེན་པོས་བསྟན་པ་འཛིན་པར་མཛད་པའི་རྩོམ་པའི་བཀའ་བབས་14དཔལ་རྩེད་ཐང་པ་པཎ་ཆེན་བསོད་ནམས་རྣམ་པར་རྒྱལ་བ། ཇི་ལྟར་ཞལ་གྱིས་འཆེས་པའི་བསླབ་པ་གསུམ་གྱི་གདམས་པར་བྱ་བ་ཕྲ་རཊ་ཐམས་ཅད་ལ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ཀྱིས་་གཟིཊ་ཀྱང་ལྟུང་བའི་གཟུཊ་བརྙན་ཙམ་ཡང་མི་སྣང་བར་མཆོག་ཏུ་བཙུན་པའི་བཀའ་བབས་15ཁབ་གུང་ཐང་པ་མ་ཏི་བི་ཛ་ཡ། འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ནས་བཟུང་སྟེ་ཁབ་ཕྲ་མོ་གཅིག་གི་བར་གྱི་འབྱོར་པའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་ནས་སྲིད་པ་ཅུང་ཟད་ཙམ་ཡང་མི་མཛད་པའི་བཀའ་བབས་16རྒྱལ་ཁམས་ཀྱི་སྤོང་བ་ཆེན་པོ་ཡོན་ཏན་སེང་གེ། བླ་མ་མཆོག་ལ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བལྟས་ཏེ། སྒོ་གསུམ་གྱི་གུས་པའི་མཆོད་སྤྲིན་ཆེན་པོས་ཚིམ་པར་བགྱིད་པའི་མོས་གུས་ཀྱི་བཀའ་བབས་17སྐུ་ཞང་འཇམ་དབྱངས་ཆོས་རྗེ། བླ་ན་མེད་པའི་རྒྱུད་ཐམས་ཅད་གཉིས་སུ་མེད་པའི་མཆོག་གི་རྒྱུད་འགྲེལ་བར་བྱེད་པའི་བཤད་རྒྱུད་རིན་པོ་ཆེ་རྡོ་རྗེ་ཕྲེང་བའི་བཀའ་བབས་18དཔལ་རྩེད་ཐང་པ་ཐེལ་གྱི་མཁན་ཆེན་ཀུན་དགའ་རྒྱལ་མཚན། རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱི་རྣམ་པར་རོལ་པ་ཆེན་པོའི་སྐུའི་འགྱུར་བ་སྣང་བས་སྐལ་བ་མཆོག་གི་བདུད་རྩིར་ཆགས་ཤིང་ཚར་གཅོད་པ་དང་རྗེས་སུ་འཛིན་པའི་ཟབ་མོའི་ལས་ལ་འཇུག་པའི་སྒེག་པའི་རྡོ་རྗེའི་གར་གྱི་བཀའ་བབས་19བོ་དོང་པ་དར་མ་སེང་གེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད། ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་དེ། སྡེ་སྣོད་རིན་པོ་ཆེ་གསུམ་ཡོངས་སུ་རྫོགས་པའི་བཀའ་བབས་20ཤེལ་དཀར་བ་སྡེ་སྣོད་གསུམ་པ་དཔལ་ལྡན་སངས་རྒྱས། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང༌། རྣལ་འབྱོར་བླ་ན་མེད་པ་སྟེ་རྒྱུད་སྡེ་རིན་པོ་ཆེ་བཞི་ཡོངས་སུ་རྫོགས་པའི་བཀའ་བབས་21དཔལ་སྟག་ལུང་ཐང་པ་ཆེན་པོ་ཀ་དྲུག་པ་ངག་དབང་གྲགས་པ། མདོ་དང་སྔགས་ཀྱི་ལམ་གྱི་རིམ་པའི་ཉམས་ལེན་གྱི་ཐུགས་རྒྱུད་སྨིན་པར་མཛད་དེ། ཡོན་ཏན་གྱི་རྟོགས་པ་རྒྱ་མཚོ་ལྟ་བུར་ཡོངས་སུ་གང་ཞིང་། རྒྱས་པའི་རྟོགས་པའི་བཀའ་བབས་22ཉིད་ཀྱི་དབོན་པོ་གླངས་འཁོར་རིན་པོ་ཆེ་ངག་དབང་རྒྱལ་མཚན། བྱིས་པ་འཇུག་པའི་ལུས་ཀྱི་བསླབ་པ་ནས་བརྩམས་ཏེ་མཐར་བླ་ན་མེད་པའི་འབྲས་བུ་རྡོ་རྗེ་འཆང་ཆེན་པོ་གྲུབ་པའི་བར་གྱིས་དཔལ་དེ་ཁོ་ན་ཉིད་འདུས་པ་ཞེས་པའི་འཛམ་བུའི་གླིང་གི་རྒྱུན་གཅིག་པུ། རྒྱལ་བ་བཅོམ་ལྡན་འདས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་གཞི་དང་། ལམ་དང་། འབྲས་བུ་ཐམས་ཅད་ཚང་ལ་མ་ནོར་བ་ཡོངས་སུ་འདུས་པའི་བཀའ་བབས་23ཤེལ་དཀར་བ་བདག་ཉིད་ཆེན་པོ་འཇམ་དཔལ་གྲགས་པ་སྟེ་བཀའ་བབས་ཀྱི་སློབ་མ་ཉི་ཤུ་རྩ་གསུམ་མོ། །
གཞན་ཡང་བདག་ཉིད་ཆེན་པོའི་བཀའ་དྲིན་ནོད་པའི་སློབ་མའི་གཙོ་བོ་རྣམས་ནི་འདི་ལྟ་སྟེ།
འཁོན་གྱི་གདུང་རྒྱུད་གསུམ་ནི། བཀའ་སྲུང་བྲན་དུ་བཀོལ་བ་1བདག་པོ་ཆེན་པོ་གྲགས་པ་བློ་གྲོས། དེའི་སྲས་སློབ་དཔོན་ཆེན་པོ་2གྲགས་པ་རྡོ་རྗེ། ཐེག་ཆེན་ཆོས་ཀྱི་རྒྱལ་པོའི་དབོན་པོ་བདག་པོ་3བདེ་ལེགས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ།
རིག་སྔགས་འཆང་གི་ཁྱུ་མཆོག་གཅིག་པུ་ནི། རིག་སྔགས་འཆང་གི་གཞུང་ལུཊ་རྒྱ་མཚོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གྱི་བུམ་པ་ལས་འོངས་ཏེ་བརྒྱུད་པ་ཀུན་ཏུ་འཆད་པ་དང་སྒྲུབ་པ་ལ་འགྲན་ཟླ་དང་བྲལ་བ་1རྡོ་རྗེ་འཛིན་པ་ཆེན་པོ་ཀུན་དགའ་རྒྱལ་མཚན།
ཉི་ཟླ་ལྟར་གྲགས་པའི་མཁས་པ་གཉིས་ནི། རང་དང་མཉམ་པར་འགྲན་པའི་མཁས་པ་མཐའ་དག་གི་རི་བོ་ལས་ཀུན་ཏུ་འཕགས་ཏེ། མདོ་དང་སྔགས་ཀྱི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་འཆད་པ་དང་། རྩོད་པ་དང་། རྩོམ་པའི་འོད་ཟེར་གྱི་དྲ་བ་ཆེན་པོ་སྟོང་ཕྲག་རབ་ཏུ་འགྱེད་པ་ལ་མཁས་པས། སྐ ལ་བ་ཞན་པའི་འབྱུང་པོའི་བྱ་ཐམས་ཅད་ལ་ལོང་བ་སྟེར་བ་ལ་མཁས་ཤིང་། སྐལ་བར་ལྡན་པ་རྣམས་ཀྱི་བློའི་པད་ཚལ་ཀུན་ཏུ་བཞད་པ་ལ་མཐུ་དང་ལྡན་པས་ཉི་མ་ལྟ་བུར་གྲགས་པའི་1མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པ། གསུང་རབ་རྒྱ་མཚོའི་ཆུ་གཏེར་གྱི་མངལ་ལས་ཐོན་ཏེ། ཡོངས་སུ་རྫོགས་པའི་བསྟན་པའི་ནམ་མཁར་རིམ་པ་གཉིས་ཀྱི་དཀྱིལ་འཁོར་ཡོ་སུ་རྫོགས་ཏེ། ཀུན་ནས་གྲུབ་པའི་རི་དྭགས་ཀྱིས་སྒེག་ཅིང་། ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོ འི་འོད་དཀར་གྱི་སྣང་བ་གྲངས་མེད་པར་འཆར་བ་བློ་གསལ་རྣམས་ཀྱི་ཀུ་མུ་ཏའི་འཇུག་ངོགས་རྒྱས་པར་བྱེད་པ་ལ་མཁས་པ་དཔང་ལོ་ཆེན་པོའི་སྐུ་སྐྱེ་2བློ་གྲོས་བརྟན་པར་བོད་པ་དང་གཉིས་སོ། །
འཇིག་རྟེན་གྱི་མིག་གསུམ་ནི། 1དཔལ་ཨེའི་ལོ་ཙཱ་བ་ཆེན་པོ་བསོད་ནམས་བཟང་པོ། 2ལོ་ཙཱ་བ་ཆེན་པོ་རྡོ་རྗེ་རྒྱལ་མཚན། 3ལོ་ཙཱ་བ་ཆེན་པོ་ཐུགས་རྗེ་དཔལ་ཏེ་གསུམ་མོ། །
ཕྱོགས་ལས་རྣམ་པར་རྒྱལ་བའི་མཁས་པ་དྲུག་ནི། ཕྱི་ཐ་སྙད་ཀྱི་གཙུག་ལག་རྒྱ་མཚོ་རིག་ནས་རྒྱུའི་ཐེག་པ་རབ་འབྱམས་ཡོངས་སུ་རྫོགས་པ་ལ་མཁས་ཤིང༌། སྙིང་པོའི་ཐེག་པའི་ཟབ་མོའི་གནས་ལ་དགེས་པ་1བོ་དོང་སྟག་སྡེའི་ཆེན་པོ་དོལ་པ་རྒྱལ་མཚན་གྲགས། རྒྱུ་དང་འབྲས་བུའི་ཐེག་པ་མཐའ་དག་ལ་ཀུན་ཏུ་ཐུགས་ཕྱོགས་ཏེ། དཔལ་ཐམས་ཅད་མ་བྱེན་པའི་ཞབས་ཀྱིས་ཀུན་ཏུ་བསྔགས་པར་མཛད་པ། སྤྱི་བོ་ལྷས་ཀྱི་2མཁན་པོ་བཤེས་གཉེན་ཉི་མ། རིག་པའི་གནས་ལྔ་ལ་མཁས་ཤིང་མང་དུ་གསན་པའི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་ཡོངས་སུ་རྫོགས་ཏེ། རྣམ་པར་གཡེང་བ་མེད་པའི་གངས་ཀྱི་འདབས་ན་སྒྲུབ་པ་བསམ་གཏན་ལ་མཉམ་པར་བཞག་པ་3དཔལ་རྩེད་ཐང་པ་ཆོས་ཀྱི་གྲཊ་པ། མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་4གསང་ཕུ་བ་བཀའ་བཅུ་བ་པརྨ་བཟང་པོ། བསྟན་པའི་ཉི་མ་5སྣར་ཐང་པ་དགེ་འདུན་གྲུབ། ཤངས་ཆོས་འཁོར་སྒང་པའི་6མཁན་ཆེན་བཀའ་བཅུ་པ་ཤེས་རབ་རིན་ཆེན་ཏེ་དྲུག་གོ། །
མདོ་སྔགས་ཡོངས་སུ་རྫོགས་པ་བཅུ་གསུམ་ནི། རྒྱལ་སྲས་སེམས་དཔའ་པོ་ལས་རབ་བྱུང་ཐོབ་སྟེ། མདོ་སྔགས་ཀྱི་སྤྱན་རྣམ་པར་བཀྲ་ཞིང༌། རིག་པ་འཛིན་པ་ཚེའི་དངོས་གྲུབ་ཐོབ་པས་བརྒྱ་ཕྲག་ལས་བརྒལ་བའི་སྐུ་ཚེའི་རྩེར་འཛེགས་པ་1བོ་དོང་རྟ་རའི་ཆེན་པོ་རིན་པོ་ཆེ་ཆོས་བཟང་པ། རྟོག་གེ་པ་ཐམས་ཅད་ཀྱི་གཙུག་གི་2ནོར་བུ་དོལ་པ་རྒྱལ་བཟང༌། ཐ་སྙད་ཀྱི་གཙུག་ལག་དང༌། མཚན་ཉིད་ཐེག་པ་ལ་ལྷག་པར་དུ་མཁས་ཤིང༌། མཆོག་གི་གནས་ལ་སྤོབས་པར་ལྡན་པ་3བོ་དོང་གྲང་མོ་ཆེའི་ཆེན་པོ་རྒྱལ་གྲགས་པ། མདོ་སྔགས་ཀྱི་ལུས་རྒྱས་པ་4བྲང་མོ་ཆེའི་ཆེན་པོ། མཁས་བཙུན་བཟང་གསུམ་གྱི་དཔལ་གྱིས་སྒེག་ཅིང་། རྒྱལ་བ་ཚེ་དཔག་ཏུ་མེད་པ་ཞལ་གཟིགས་ཏེ་བྱིན་གྱིས་བརླབས་པ་5སྟག་སྡེ་པ་ཤེས་རབ་དཔལ། མཚན་ཉིད་ཀྱི་ཐེག་པ་གང་ལ་ལྷག་པར་མཁས་ཤིང༌། ཟབ་མོ འི་བདུད་རྩིས་འཚོ་བ་སྒྲོ་མོན་ཅན་གྱི་6བླ་མ་ཀུན་དགའ་དཔལ། ཐེག་པ་གཉིས་ཀྱི་གནས་ལ་མཁས་ཤིང་རིག་པ་དང་གྲོལ་བར་སྨྲ་བ་7བོ་དོང་རྟ་ར་བའི་ཆེན་པོ་འཇམ་དཀར། སྡེ་སྣོད་དུ་མ་འཛིན་ཅིང་འབྲས་བུའི་ཐེག་པ་ལ་རེག་པ་8བོ་དོང་བྲང་མོ་ཆེའི་ཆེན་པོ་སེང་གེ་རྒྱལ་མཚན། ཕྱི་ནང་གི་ཐེག་པ་དུ་་མས་བློ་རྒྱས་པ་སློབ་དཔོན་གསང་ཕུ་བ་9ཆོས་རྗེ་རོང་ཆུང་ཤེས་རབ་དཔལ། 10དཀའ་བཅུ་པར་ཏྣ་ཤྲཱི། རྗེ་བཙུན་ཉིད་ཀྱི་དབོན་པོ་11ཤེལ་དཀར་མཁན་ཆེན་། 12རྗེ་བཙུན་ངམ་རིངས་པ། 13རབ་འབྱམས་པ་སངས་རྒྱས་སེང་གེ་སྟེ་བཅུ་གསུམ་མོ། །
ཁ་ཆེའི་བསོད་སྙོམས་པ་ཆེན་པོའི་གདན་ས་པ་གཉིས་ནི། ཐ་སྙད་ཀྱི་གཙུག་ལག་ནས་བཟུང་སྟེ་མདོ་སྔགས་ཀྱི་གཞུང་རབ་འབྱམས་ལ་མཁྱེན་པའི་སྤྱན་ཡངས་རྣམ་པར་བཀྲ་ཞིང་ལྷ་དང་བླ་མ་མཆོག་གི་འདུས་པ་རྒྱ་མཚོའི་གཙུག་རྒྱན་དུ་ལུང་བསྟན་པ་ཚོ གས་ཆེན་པའི་མཁན་ཆེན་1དོན་གྲུབ་དཔལ་འབྱོར། ཚོགས་པ་དགེ་འདུན་སྒང་པའི་2མཁན་ཆེན་མཁས་པ་ཆེན་པོ་སེང་གེ་དཔལ་ཏེ་གཉིས་སོ། །
གཙུག་རྒྱན་བཅུ་དྲུག་ནི། དམ་པ་རྒྱ་གར་གྱི་གདན་ས་པ་གླངས་འཁོར་1ཆོས་རྗེ་ཀུན་དགའ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པའི་གདན་ས་པ་2མཁན་ཆེན་ནམ་མཁའ་རིན་ཆེན། 3ཡང་དེའི་མཁན་པོ་ཉིད་ཀྱི་དབོན་པོ་མཁན་ཆེན་འཇིཊ་མེད་གྲགས་པ། 4ཡང་དེའི་མཁན་པོ་ཉིད་ཀྱི་དབོན་པོ་མཁན་ཆེན་བཤེས་གཉེན་བློ་གྲོས་རྒྱལ་མཚན། 5ངམ་རིངས་པ་མཁན་ཆེན་བསོད་ནམས་སྐྱབས། 6ཡང་དེའི་མཁན་པོ་དཀོན་ཁང་པ་ཉི་མ། 7མངོན་དགའི་ཆོས་དཔོན་འཇམ་དབྱངས་ཀུན་དགའ་ལེགས་པ། 8དེའི་མཁན་ཆེན་རྒྱལ་མཚན་བློ་གྲོས། 9ཉང་སྟོད་དཔལ་འཁོར་བདེ་ཆེན་གྱི་མཁན་པོ་དཀོན་མཆོག་བཟང་པོ། 10བྱམས་ཆེན་གྱི་མཁན་པོ་སྐུ་སྐྱེ་འཛིམས་ཀྱི་མཁན་པོ་བཀྲ་ཤིས་རིན་ཆེན། 11མཁན་ཆེན་ལྷའི་རྒྱལ་པོ། བདག་ཉིད་ཆེན་པོའི་གསུང་རབ་འདུས་པ་རིན་པོ་ཆེའི་འབྲིང་གི་རྩོམ་ཡིག་མཛད་ཅིང༌། བླ་མ་དམ་པ་རྡོ་རྗེ་འཆང་ཆེན་པོར་གཟིགས་ཏེ། དེ་ཉིད་གཅིག་ཏུ་སྒྲུབ་པ་ལ་དགྱེས་པ་12མཐུ་སྟོབས་དབང་ཕྱུག་ནམ་མཁའ་རྒྱལ་མཚན། རྒྱལ་སྲས་སེམས་དཔའ་ཆེན་པོའི་གདན་ས་པ་13འཕགས་པ་ནམ་སྙིང་། 14མདར་མཁནཆེན་བདེ་ལེགས་རྒྱལ་མཚན། དགེ་འདུན་སྒང་པའི་གཞིའི་མཁན་པོ་15བྱང་ཆུབ་མཆོག་ལྡན་ཏེ་བཅུ་དྲུག་གོ། །
མཚན་ཉིད་རབ་འབྱམས་སྨྲ་བ་བཞི་ནི། 1གསང་ཕུ་བ་གོའི་རབ་འབྱམས། 2ཤེལ་དཀར་བ་གཞོན་རྒྱལ། ། 3བྱམས་ཆེན་རབ་འབྱམས་པ་སངས་རྒྱས་འཕེལ། 4མངའ་རིས་པ་ནམ་མཁའ་བསོད་ནམས་ཏེ་བཞིའོ། །
སྔགས་རབ་འབྱམས་པ་གཉིས་ནི། 1ཤབ་ལྷུན་རྩེ་བ་ཀུན་མཁྱེན་འཕགས་འོད། 2རྨོག་ལྕོག་པ་རིན་ཆེན་བརྩོན་འགྲུས་ཀྱི་གདན་ས་པ་མཉམ་མེད་སངས་རྒྱས་དཔལ་བཟང་པོ་དང་གཉིས་སོ། །
སྒྲུབ་པའི་རྒྱལ་མཚན་འཛིན་པ་བཞི་ནི། 1ཝཱི་རྗེ་གདན་པ་རས་ཆེན་གཞོན་ནུ་དཔལ་ལྡན། 2ཆོས་རྗེ་བརྩོན་འགྲུས་རྒྱལ་མཚན། 3ལ་ཕྱི་བ་ཆེན་པོ་ནམ་མཁའ་རྒྱལ་མཚན། 4ཡར་འབྲོག་རྒྱ་མཚོའི་གླིང་གི་མ་གྲུབ་པའི་རྒྱལ་མོ་བསོད་ནམས་འཛོམས་དང་བཞིའོ།།
སྔགས་འཆང་དྲག་པོ་གཉིས་ནི། 1ངམ་རིངས་ཀྱི་ཨ་ནནྟ། 2གུང་ཐང་གི་བླ་ཆེན་ཆོས་དཔལ་བཟང་པོ་དང་གཉིས་སོ། །
དཀའ་བཅུ་པ་སྟོང་ཕྲག་གཅིག་ནི། 1དཔལ་ལྡན་ས་སྐྱ་པ་བསོད་ནམས་བློ་གྲོས། 2ངམ་རིངསཟངས་ཕུག་དབོན་པོ། 3དཔལ་ལྡན་འོད་ཟེར། 4སང་ཀྲ། 5སང་གྲུབ། 6ཉང་སྟོད་དགོན་གསར་བ་བཀའ་བཅུ་པ་དོན་བཟང་། 7ཀུན་དགའ་དཔལ་བཟང༌། 8དགེ་བ་རབ་གསལ། 9ཆོས་འཁོར་སྒང་པ་རྩང་ཆུ་བློ་གྲོས། 10བྱམས་ཆེན་པ་ནམ་རྒྱལ། 11རིན་བཟང་། 12དཀའ་བཅུ་བ་ནག་པོ། 13གསང་ཕུ་ནས་ལྷ་འབྲི་དཀའ་བཅུ་པ་སོགས་ཏེ་སྟོང་ཕྲག་གཅིག་གོ། །
དཀའ་བཞི་བ་སྟོང་ཕྲག་ཟུང་ནི། 1འབྲས་སྤུངས་པ་བླ་མ་མུ་ཕྲད་བཀའ་བཞི་པ། 2ཚོགས་ཚེ་པ་དཀའ་བཞི་པ་བྱང་ཆུབ་སེང་གེ་སོགས་སྟོང་ཕྲག་ཟུང་ངོ༌། །
ཕར་ཚད་ཤེས་པ་ཁྲི་ཕྲག་བརྒལ་བ་ནི། 1གངས་རིའི་ཕྲེང་བས་བསྐོར་བའི་དག་པའི་གཞི་ཆེན་པོ་འདི་ཉིད་ལ་མངོན་པར་འཁོད་པའི་བཤེས་གཉེན་ཕལ་ཆེ་བ་དག་གོ། །
གྲུབ་ཆེན་ལྔ་བཅུ་ནི། 1བདག་ཉིད་ཆེན་པོ་ཉིད་ཀྱི་སྤྱན་གྱི་འབྲས་བུ་ལྟ་བུར་གྱུར་ཏེ། བླ་མ་མཆོག་ལ་རྡོ་རྗེ་འཆང་དུ་ངེས་པར་བལྟ་ཞིང་། ཐེག་པ་ཆེན་པོའི་ཡོན་ཏན་དུ་མའི་ཁུར་གྱིས་བརྗིད་པ་2འདུལའཛིན་ངག་དབང་པ་གཙོ་བོར་གྱུར་པའི་ཚེ་འདི་བློས་བཏང་གི་བྱ་བྲལ་་ཆེན་པོའི་བརྟུལ་ཞུགས་ཡོངས་སུ་རྫོགས་པའི་བདག་ཉིད་ཆེན་པོ འི་བཀའི་དམ་ཚིག་ལས་མི་འདའ་བ་ཤ་སྟག་ལྔ་བཅུར་གྱུར་པ་དང་། དེ་ཐམས་ཅད་ལས་ཕུལ་དུ་གྱུར་པའི་གསང་བའི་མཛོད་འཛིན་པར་མཛད་པ་ནི། 3སྔོན་ཨོ་རྒྱན་སྤྲུལ་པའི་གནས་སུ་དཔལ་ཨིནྡྲ་བྷཱུ་ཏིའི་ལྕམ་མོ་དཔལ་མོ་མཛདང༌། 4སློབ་དཔོན་ཆེན་པོ་པདྨ་སམྦྷ་བའི་རིགས་མ་ལྷ་ལྕམ་མནྡྷ་ར་བ། ། 5བདག་ཉིད་ཆེན་པོ་འདིའི་ཞབས་པད་བསྟེན་པ་ལ་ནི་ཆོས་ཀྱི་སྒྲོན་མེ་ཞེས་སྤྲུལ་པའི་སྐུ་འཛིན་པའི་རྣལ་འབྱོར་དབང་མོ་དཔལ་རྡོ་རྗེ་ཕག་མོ་ཉིད་ཡིན་ནོ། །
བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་མཆོག་གི་སློབ་མ་དགུ་བཅུའི་ལོ་རྒྱུས་སྙིང་བསྡུས་བྱ་བ་ནི་ལ་སྟོད་ནོར་བུ་མིང་ཅན་པས། བོ་དོང་རིན་པོ་ཆེན་གྱི་དངོས་སློབ་ཤཱཀྱའི་དགེ་བསྙེན་དཔལ་ལྡན་འཇིགས་མེད་འབངས་ཀྱིས་བྲིས་པའི་བོ་དོང་རིན་པོ་ཆེན་གྱི་རྣམ་ཐར་༼དཔལ་ལྡན་བླ་མ་དམ་པ་ཐམས་ཅད་མཁྱེན་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཞབས་ཀྱི་རྣམ་པར་ཐར་པ་ངོ་མཚར་གྱི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།།༽བྱ་བ་ཀློག་པའི་སྐབས་སུ་ཟོར་བཏོན་བྱས་པ་ཞིག་གོ། །
སྤྱི་ལོ་༢༠༡༩ ཟླ་བ་༡༢ པའི་ཚེས་༡༦པའི་མཚན་མོར་བྲིས་པ་དགེའོ། །
མཆན། གཞུང་དུ་གཙུག་རྒྱན་བཅུ་དྲུག་ཅེས་གསལ་རུང་གཙུག་རྒྱན་བཅུ་དྲུག་པའི་མཚན་འཁོད་མི་འདུག་པས་མཁྱེན་ལྡན་པ་ཚོས་ཁ་སྐོང་གནང་རོགས།
No photo description available.
ལ་དོང་དིང་རིའི་ངོ་དེབ་ལས་དྲངས།

བརྒྱུད་སྐུལ།

མཆན་སྤེལ།