བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་སྙིང་བསྡུས།

 

ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བཅུ་མེད་གཉིས་ (༡༤༠༢) རབ་བྱུང་བདུན་པའི་ཆུ་རྟ་གཙང་ལྡོག་གཞུང་དུ་མཁས་གྲུབ་རྗེའི་གཅུང་པོར་འཁྲུངས། རྗེ་ཡབ་སྲས་ཀྱི་ཞབས་ལ་བཏུགས་ཏེ་མདོ་སྔགས་ལ་སྦྱངས། གཙང་རོང་ལྷན་བ་སོར་ཐུན་མོང་མ་ཡིན་པའི་བདེ་སྟོང་གི་རྟོགས་པ་ཐུགས་ལ་འཁྲུངས་པས་ཆོས་རྗེ་བ་སོ་བར་གྲགས།

རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལས། རྡོ་རྗེ་འཇིགས་བྱེད་དང་འཇམ་པའི་དབྱངས་ཀྱི་ཞལ་གྱི་བདུད་རྩི་ཚེ་གཅིག་ལ་འཚང་རྒྱ་བའི་གནད་སྟོན་པའི་མན་ངག་ཐུན་མོང་མ་ཡིན་པ་ཡི་གེའི་རིས་སུ་ཤར་ཡང་གང་ཟག་ཕལ་པས་མཇལ་བར་མི་ནུས་པ་དགའ་ལྡན་སྙན་བརྒྱུད་ཀྱི་སྤྲུལ་པའི་གླེགས་བམ་ཞེས་ཡོངས་སུ་གྲགས་པ་ཐོབ། ཤབ་སྟོད་རི་བོ་བདེ་ཆེན་བཏབ། དགུང་གྲངས་དྲུག་ཅུ་རྩ་གཉིས་པ། ཕྱི་ལོ་ཆིག་སྟོང་བཞི་བརྒྱ་དྲུག་ཅུ་རྩ་གསུམ་ (༡༤༦༣) རབ་བྱུང་བརྒྱད་པའི་ཆུ་ལུག་ལོར་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་ལོ་བཅུ་གཅིག་བར་དུ་མདོ་སྔགས་ཀྱི་ཆོས་མང་དུ་གསུངས་ཤིང་། སྙན་གྲགས་ཀྱིས་ས་སྟེང་ཡོངས་ལ་ཁྱབ། རླུང་གི་རྒྱུ་བ་ལོག་པར་མཁྱེན་པས་ཀུན་སྤངས་མཛད། ཆོས་རྗེ་བློ་གྲོས་བརྟན་པ་གསེར་ཁྲིར་བཀོད་དེ་དགུང་གྲངས་དོན་གཉིས་པ་ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བདུན་ཅུ་རྩ་གསུམ་ (༡༤༧༣) རབ་བྱུང་བརྒྱད་པའི་ཆུ་སྦྲུལ་ལོའི་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་དགའ་ལྡན་བྱང་གླིང་དུ་གཤེགས། གསུང་ལས་སྐྱེས་པའི་སློབ་མ་འཇའ་ལུས་བརྙེས་པའི་རྡོ་རྗེ་མཆེད་གསུམ་དང་། མཁས་མཆོག་འཇམ་དབྱངས་དགའ་བློ། སེ་ར་རྗེ་བཙུན་པ་སོགས་མང་། མཐར་དབེན་གནས་སྐམ་བྲག་ཏུ་གཤེགས་པའི་གདུང་ལ་ཕྱིར་མི་ལྡོག་པའི་རྟགས་དུང་དཀར་བྱོན་པ་སོགས་ངོ་མཚར་བའི་རྣམ་ཐར་བརྗོད་ཀྱིས་མི་ལང་ངོ་།།

བརྒྱུད་སྐུལ།

མཆན་སྤེལ།