ཐོན་མིའི་འཁྲུངས་ཡུལ་ལྷོ་ཁ་སྙེ་
རྩོ
ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ། 618-
དེའང་ཐོན་མི་སམ་བྷོ་ཊའི་འཁྲུངས་
རྒྱལ་ཆེན་སྲོང་བཙན་སྒམ་པོའི་སྐུ ་མདུན་དུ་མདོ་ཟ་མ་ཏོག་ལ་སོགས་ པའི་མི་རིགས་གཞན་གྱི་རིག་གཞུང་ ཀློག་མཁན་གྱི་ལོ་ཙཱ་བ་ཐོག་མ། ཕྱི་ཕྱོགས་ནས་སློབ་གཉེར་མཐར་ཕྱི ན་ཏེ་བོད་དུ་གསར་གཏོད་ལས་འགུལ་ ཐོག་མར་སྤེལ་མཁན་ལ་སོགས་པའི་བོ ད་པ་ཚང་གི་ལོ་རྒྱུས་མི་སྣ་ཤིན་ ཏུ་ནས་གལ་ཆེན་འགངས་ཆེན་ཞིག་ལགས། དེ་འདྲ་ཡིན་དུས། བློན་ཆེན་ཐོན་མི་སམ་བྷོ་ཊ་འཁྲུ ངས་ཡུལ་ངོ་མ་དེ་བོད་ཡུལ་གྱི་ས་ ཆ་གང་ཞིག་ཡིན་མིན་ལ་མཐའ་དཔྱོད་ དགོས་རྒྱུ་དེའང་། བོད་ཀྱི་ཞིབ་འཇུག་གལ་ཆེན་དང་བོ ད་ཀྱི་ཉམས་ཞིབ་གནད་ཆེ་བའི་རིགས་ སུ་གནས་པ་དེ་ཡིན་པས་ན། ད་གཟོད་བློན་ཆེན་ཐོན་མི་སམ་བྷོ་ ཊའི་འཁྲུངས་ཡུལ་དངོས་དེ་ལྷོ་ཁ་ ལ་ཡིན་ནམ། ཡང་ན་སྙེ་མོ་ལ་ཡིན་ཞེས་པར་མཐའ་ དཔྱོད་རང་བཞིན་ཅན་གྱིས་ཞིབ་འཇུ ག་གི་ལམ་ནས་དཔྱད་རྩོམ་སོགས་སྤེ ལ་དགོས་ངེས་ཡིན་པ་དེ། སྙེ་མོའི་མི་སྣ་དང་ལྷ་ཁའི་མི་སྣ ་ཙམ་གྱིས་ལས་འགན་མིན་པར་བོད་སྤྱི ་ཁྱབ་ཀྱི་གལ་འགངས་ཆེས་ཆེ་བའི་འོ ས་འགན་ཉག་གཅིག་དེ་ལགས། དེ་འདྲ་ཡིན་དུས་བློན་ཆེན་ཐོན་མི ་སམ་བྷོ་ཊ་ནི་མི་གཅིག་ཡིན་པས་ཁོ ང་གིས་འཁྲུངས་ཡུལ་ལྷོ་ཁར་ཡིན་ན་ སྙེ་མོར་མ་ཡིན་དགོས་པ་དང་། ཁོང་གི་འཁྲུངས་ཡུལ་སྙེ་མོར་ཡིན་ ན་ལྷོ་ཁར་ཡིན་མི་སྲིད་པས་དེ་དོ ན་ལ་མཐའ་དཔྱོད་ངེས་པར་དུ་དགོས་ ངེས་རེད།
ལྷག་པར་དུ་ཐོན་མི་སམ་བྷོ་ཊའི་ འཁྲུངས་ཡུལ་དངོས་དེ་ཕྱོགས་ཡོངས་ ནས་གཏན་འཁེལ་བ་ཞིག་བྱ་མ་ཐུབ་ཚེ། བོད་ཀྱི་གསར་གཏོད་སྙིང་སྟོབས་ དང་། སྒང་པ་བོད་ཀྱི་དབྱངས་གསལ་བོད་ཡི ག །བོད་སྤོས་དྭངས་གཙང་སོགས་ཀྱི་ཐོ ག་མའི་འབྱུང་ཁུངས་དེ་ལོ་བརྒྱ་ཕྲ ག་མང་པོའི་རྗེས་སུ་བོར་གཏོར་ཤོ ར་དོགས་ཡོད་ལ། དེ་ལྟར་མུ་འཐུད་མ་དག་རྒྱུན་འབྱ མས་སུ་སོང་ཚེ། བོད་ཡིག་གསར་གཏོད་དང་བོད་སྤོས་ གསར་གཏོད་ལ་སོགས་པའི་ཐོན་མིའི་ སྙིང་སྟོབས་ལ། ད་ལྟའི་བོད་ཀྱི་ན་གཞོན་ཚོས་གུས་ ཞབས་མ་བྱས་པར་འགྲོ་བ་ཡིན། དེར་སྣང་ཆེན་དང་མཐོང་ཆེན་བརྩི་ བཀུར་སོགས་ཀྱང་བྱས་མེད་པར་འགྲོ་ བ་ཡིན་གཤིས། དེས་ན། སྔོན་ཐོན་བོད་མིའི་གསར་གཏོད་སྙི ང་སྟོབས་ལ་མིག་དཔེར་ལྟ་བ། གངས་ཅན་ཐོན་མིའི་ཞུམ་མེད་དཔའ་སྤོ བས་ལ་རྗེས་སུ་ཡི་རང་བྱེད་པ། འོ་སྐོལ་གྱིས་རང་གི་མེས་པོའི་ཤུ ལ་བཞག་རིན་ཆེན་ལ་སྣང་ཆེན་མཐོང་ ཆེན་གཙིགས་ཆེན་དུ་བྱེད་འདོད་ཚེ། ཆེས་ཐོག་མར་དྲིན་ཆེན་སློབ་དཔོན་ རིན་པོ་ཆེ་ཁོང་གི་འཁྲུངས་ཡུལ་ དངོས་ལ་སོགས་པ་གཏན་འབེབས་བྱེད་ པ་ནས་འགོ་འཛུགས་དགོས་སོ། །
དེ་ཡང་། བློན་ཆེན་ཐོན་མི་སམ་བྷོ་ཊའི་འཁྲུ ངས་ཡུལ་སྙེ་མོར་ཡིན་ཚུལ་སྨྲ་བ་ དེ་དང་། ཡང་ལྷོ་ཁར་ཡིན་ཚུལ་མི་འདྲ་བ་གཉི ས་བྱུང་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྙིང་ པ་ཁག་ལ་བརྟེན་ནས་བྱུང་བ་ཞིག་རེ ད། དེ་གཉིས་དྲན་རྒྱུ་དགོས་པོ་སུ་ དང་གང་ཞིག་གིས་ཉེ་དུས་རྟོག་བཟོ་ རང་བཟོ་ལྟ་བུས་དེ་ལྟར་བཤད་ཡམས་ བྱས་པ་ལྟ་བུ་མ་རེད། འོ་ན། བོད་པའི་དེབ་ཐེར་གང་འདྲ་ཞིག་ལས་ ཐོན་མི་སྙེ་མོར་འཁྲུངས་ཚུལ་འཁོ ད་ཡོད་དམ། དེ་ལས་གཞན་བོད་ཀྱི་དེབ་ཐེར་ཅི་ འདྲ་ཞིག་ལས་ཐོན་མི་མཆོག་ལྷོ་ཁར་ འཁྲུངས་ཚུལ་བསྟན་ཡོད་དམ། ཞེ་ན། དྲི་བ་དེ་གཉིས་ལ་ལན་འདེབས་ཀྱིས་ ཐོག་ནས་ཐོན་མི་སམ་བྷོ་ཊའི་འཁྲུ ངས་ཡུལ་ལྷོ་ཁ་དང་སྙེ་མོ་གང་ཞིག་ ལ་ཡིན་མིན་གྱི་མཐའ་དཔྱོད་ཕལ་ཆེ་ བ་ལེགས་གྲུབ་ཡོང་བར་བྱེད་རྒྱུ་ ཡིན།
དེ་ཡང་སྔོན་ལ་ང་ཚོས་སྒང་པ་ བོད་ཀྱི་ལོ་རྒྱུས་དེབ་ཐེར་འགའ་ ཞིག་ལས་བློན་ཆེན་ཐོན་མི་མཆོག་སྙེ ་མོར་འཁྲུངས་ཚུལ་སྐོར་འཁོད་པ་བྱུ ང་སྔ་བའི་རིགས་ལ་མཉམ་དུ་གཟིགས་ མོར་རོལ་ཚེ། དེའང་ས་སྐྱ་པ་བསོད་ནམས་རྒྱལ་ མཚན་གྱིས་བསམ་ཡས་གཙུག་ལག་ཁང་དུ་ བརྩམས་པའི་རྒྱལ་རབས་རྣམས་ཀྱི་བྱུ ང་ཚུལ་གསལ་བའི་མེ་ལོང་ཞེས་བྱ་ བར་འདི་ལྟར་གསུངས་ཡོད་དེ། ཐོན་མི་སམྦྷོ་ཊ། [ཐོད་ལུར(ཐོན་ལུང་)ར་ག་བ།]མགར་ སྲང་བཙན་ཡུལ་བཟུང་། [སྟོད་ལུང་རམ་པ་བ།]འབྲི་སེ་རུ་ གོང་སྟོན། [འབྲི་གུང་བ།]མགར་སྲང་བཙན་ཡུལ་ བཟུང་། [ཉང་སེར་བ།]ཡང་སྟོན་ལ་སོགས་པ་བློ ན་པོ་བརྒྱ་ཐམ་པས་བར་གྱི་ཁོད་སྙོ མས། ཞེས་སོགས་གསུངས་ཡོད་པ་དེ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཡི ག་ཆ་གྲགས་ཅན་ཞིག་ཏུ་ངོས་འཛིན་བྱེ ད་བཞིན་ཡོད་ལ། རྒྱལ་རབས་འདིའི་རྩོམ་པ་པོ་ནི་སྤྱི ་ལོ་༡༣༡༢ལོར་ཞ་ལུ་ཁང་གསར་དུ་སྐུ ་འཁྲུངས་ཤིང་འདས་ལོ་ནི་༡༣༧༥ལོར་ ཡིན་ནོ། །
དེ་རྗེས་གུ་གེ་པཎ་ཆེན་གྲགས་པ་ རྒྱལ་མཚན་གྱི་ཉི་མའི་རིགས་ཀྱི་ རྒྱལ་རབས་ཞེས་པ་ལས། ཐོན་ལུག་ར་ཁའི་མི་ཨ་ནུ་ཞེས་བྱ། ཞེས་སོགས་བཀོད་ཡོད། ཁོང་གི་འཁྲུངས་འདས་དུས་ཚོད་ནི་ ༡༤༡༥-༡༤༩༨འདི་ཡིན། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་སྐ ད་གྲགས་ཆེ་ཤོས་ཏེ། རྗེ་བཙུན་དཔའ་བོ་གཙུག་ལག་ཕྲེང་ བས་མཛད་པའི་དེབ་ཐེར་ཆེན་མོ་མཁས་ པའི་དགའ་སྟོན་ལས་ཀྱང་འདི་ལྟར་ གསུངས་ཡོད་དེ། ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་ བའི་མི་ཆུང་བློ་གསལ་ཞིག་ལ། ཞེས་ལ་སོགས་པ་གསལ་པོར་བྱུང་ཡོད། གོང་ལ་ཁུངས་ལུང་དྲངས་པ་དེ་དག་ ལས། ཐོད་ལུར(ཐོན་ལུང་)ར་ག་བ།] ཞེས་དང་། ཐོན་ལུག་ར་ཁའི་མི་ཨ་ནུ་ཞེས་བྱ་ ཞུ་བ་དེ་དང་། ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ ་ར་ག་ཏའི་བུ་ཞེས། གཅིག་གྱུར་གྱིས་ཐོན་ལུག་ར་ཁ་ནས་ ཞེས་གསུངས་པ་དེ་དག་ལས་ད་གཟོད་བློ ན་ཆེན་ཐོན་མི་སམ་བྷོ་ཊའི་འཁྲུ ངས་ཡུལ་སྙེ་མོར་ཡོད་པའི་ཐོན་ལུ ག་ར་ཁ་ཞེས་པ་དེ་གསལ་གསལ་ཐིང་ཐི ང་གིས་ངང་ནས་བསྟན་པ་དེ་རེད། རྒྱུ་མཚན་དེར་བརྟེན་ནས་སྙེ་མོ་ ཐོན་གྱི་མི་ཡིན་པས་ན། ཐོན་མི་ཞེས་པའི་མིང་ཚིག་དེ་ལྟར་ དུ་བྱུང་བ་ལགས་སོ། །
དོན་དེ་ཉིད་དེབ་ཐེར་རྙིང་པ་དང་ བོད་ཀྱི་ཡུལ་མིའི་མི་རབས་ནས་མི་ རབས་བརྒྱུད་དེ་ཡོང་བའི་སྔ་མོའི་ གཏམ་རྒྱུད་གཉིས་དང་སྦྱར་ཚེའང་ གསལ་དུ་འགྲོ་རྒྱུ་ཡོད་དེ། ཉང་ཉི་མ་འོད་ཟེར་༡༡༣༦-༡༢༠༤གྱིས་ མཛད་པའི་ཆོས་འབྱུང་མི་ཏོག་སྙིང་ པོའི་སྦྲང་རྩིའི་བཅུད་ལས། དེ་ནས་ཐོན་མི་བསམ་བུ་ཞེས་པ་བློ་ གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་ བྷོ་ཌ་ཞེས་པ་ལོ་བཅུ་གཅིག་ལོན་པ་ ལ། ཞེས་སོགས་བྱུང་བ་དེ་ནས་བསམ་བུ་ ཞེས་པའི་ཐོན་མིའི་བྱིས་དུས་ཀྱི་ མིང་དེ་དང་གཏམ་རྒྱུད་འདི་རྦད་དེ ་མཐུན་ཡོད་དེ། དེ་ཡང་སྔོན་ཐོན་མི་མཆོག་དགུང་ལོ ་གསུམ་ལ་བཞེས་ཤིང་བུ་ཆུང་ཞིང་ ཁའི་གྲུར་བསྙལ་ཏེ། ཡབ་ཆེན་རང་ཉིད་ཀྱིས་ཞིང་རྨོ་སྐ བས་རྒྱལ་པོ་སྲོང་བཙན་སྒམ་པོ་བོ ད་ཕྲུག་རིག་པ་རྣོ་བའི་རིགས་འཚོ ལ་དུས་དང་འཕྲད་ནས་གནས་ཚུལ་འདི་ འདྲ་ཞིག་བྱུང་འདུག་སྟེ། ང་བོད་བཙན་པོའི་རྒྱལ་པོ་ཡིན། ང་ལ་དྲི་བ་ཞིག་ཡོད། ཁྱོད་ཀྱིས་ལན་ཐེབས་ན་བྱ་དགའ་དང་ མ་ཐེབས་ན་ཆད་པ་གཅོད་རྒྱུ་ཡིན། ཁྱོད་ཀྱིས་ཞིང་ཁ་ག་དུས་ནས་རྨོས་ སམ། ཕ་སྣང་གྲགས་ཀྱིས་ད་ནངས་ཞོགས་པ་ ནས་རྨོས་པ་ཡིན་ལགས་ཞུས། འོ་ན་ཁྱོད་ཀྱིས་ད་ནངས་ནས་ཞིང་ཁ་ ལ་རྨོན་རོལ་རྐང་གྲངས་ག་ཚོད་བརྒྱ བས་ཡོད། གྲངས་ཀ་ཤོད་དགོས་ཞེས་གསུངས་པ་དེ ར་ཕ་སྣང་གྲགས་ཀྱིས་གྲངས་ཀ་ཞུ་རྒྱུ ་མ་བྱུང་བས་སྐྲག་སྟེ། མགོ་ཕུར། ལྕེ་བསྣར། རྔུལ་ཆུའང་འཛགས་ལ་ཉེ་སྐབས། ཞིང་ཁའི་སློག་རུལ་ནང་དུ་ཉལ་ཡོད་ པའི་བུ་ཆུང་ལོ་གསུམ་ཅན་གྱིས་ཡར་ ལངས་ཏེ་རྒྱལ་པོ་ཡིན་ཟེར་བའི་མི་ དེར་གསོལ་བ། ཨ་ཙི་རྫིག་པ་ལ། རྟ་ཆད་སྦང་བ་གཏོང་ས་དང་། མི་ཆད་ཡ་ལ་བཞག་ས་ངའི་ཨ་ཕ་ཨེ་རེ ད། དེ་འདྲ་ཡིན་ན། རྒྱལ་པོ་ཁྱོད་ཀྱིས་ད་ནངས་གནས་ ཚང་ནས་འདིར་ཕེབས་པའི་བར་རྟའི་རྨི ག་རྗེས་ས་སྟེང་ལ་ཅི་ཙམ་བཞག་ཡོད་ དམ། དེའི་གྲངས་ཀ་གསུངས་ན། ངའི་ཨ་ཕས་ཞིང་ལ་རྨོན་རོལ་བརྒྱ བས་པའི་གྲངས་ཀ་ངས་ཕུལ་ཆོག་གསུ ངས་པས། རྒྱལ་པོ་ཡིན་ཟེར་བའི་མི་དེའི་ཐུ གས་ཧ་ཅང་མཉེས་ནས་རྟ་མཆོག་ངང་ དཀར་ལས་བབས་ཏེ། ང་ལ་འཇམ་དཔལ་དབྱངས་ཀྱིས་ལུང་བསྟ ན་པའི་བུ་དེ་ད་རེས་རྙེད་བྱུང་། གནས་འདི་ནས་ངའི་བསམ་དོན་འགྲུབ་ སོང་། ད་ནས་བཟུང་གནས་འདི་ལ་བསམ་འགྲུབ་ སྒང་ཞེས་ཟེར་དགོས། བུ་འདིའི་མིང་ལའང་བསམ་པའི་བུ་ཞེ ས་ཐོགས་ཤིག་ཅེས་ལ་སོགས་པའི་གཏམ་ རྒྱུད་བྱུང་ཡོད།
དེ་ལྟར་བྱུང་བ་ལྟར་ཏུ་ད་ལྟའང་སྙེ ་མོ་ཐོན་ལ་དྲི་བ་ཆེན་མོའི་ཞིང་ ཁ་ཞེས་པའི་ས་མིང་དང་ཞིང་ཁ་གཉིས་ ད་ལྟའང་ལྷག་ཡོད་ལ། ཁྱད་པར་དུ་དངོས་པོའི་དཔང་རྟགས་ ལ་བསམ་འགྲུབ་སྒང་དང་ཐག་ཉེར་གནའ་ ཤུལ་ཤིན་ཏུ་ནས་རྒྱ་ཆེར་ཆགས་པའི་ ཤུལ་མང་མང་ཞིག་ད་ལྟའང་ང་ཚོའི་ མཐོང་ཆོས་སུ་གྱུར་ཡོད། རྒྱུ་མཚན་དེ་རྣམས་ཀྱིས་ཕྱིར་ན། མི་རྗེ་སྲོང་བཙན་སྒམ་པོས་བུ་འདི འི་མིང་ལའང་བསམ་པའི་བུ་ཞེས་པ་ཐོ གས་ཤིག་ཅེས་གསུངས་པ་དེར་ཚིག་བསྡུ ས་ལ་ཉང་ཉི་མ་འོད་ཟེར་གྱིས་གོང་ དུ་དེབ་ཐེར་མི་ཏོག་སྙིང་པོའི་སྦྲ ང་རྩིའི་བཅུད་ལས། བསམ་བུ་ཞེས་གསུངས་པ་དེ་ད་གཟོད་ དོན་གྱི་རྩ་བར་སྒོ་ཀུན་ནས་འབྱོ ར་ཡོད་པ་མཁྱེན་སོང་ངམ་ལགས། དེར་མ་ཟད་གོང་གི་གཏམ་རྒྱུད་དེ་ བཤད་སྲོལ་ཟེར་སྲོལ་ཙམ་མིན་པར་དེ ར་ལོ་རྒྱུས་དེབ་ཐེར་ལས་ཁུང་ལུ ངས་དྲངས་ཟིན་པ་དེ་ལའང་བསམ་གཞི གས་བྱ་འོས་སོ། །
དེ་ལྟར་གོང་དུ་ལུང་འདྲེན་བྱས་ པ་དེ་རྣམས་ནི་སྙེ་མོ་ཐོན་པའི་ཡུ ལ་དངོས་གང་ཡིན་དང་མཐུན་པ་མ་ཟད། ལྷག་པར་རྗེ་དཔའ་བོ་གཙུག་ལག་ཕྲེ ང་བའི་མཁས་པའི་དགའ་སྟོན་ལས། ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་ བའི་མི་ཆུང་བློ་གསལ་ཞིག་ལ་ཞེས་ གསུངས་པ་དེ་ཉིད་ཁོ་ནར་ཚད་མར་བཟུ ང་འོས་ཏེ། བོད་ཀྱི་ལོ་རྒྱུས་སྔ་ཕྱི་མང་པོ་ བྱུང་བ་ལས། ཞིབ་ཚགས་ཤོས། སྤུས་དག་ཤོས། ཁྱབ་ཆེ་ཤོས། རྒྱལ་སྤྱིའི་བོད་རིག་པ་སོགས་ཀྱི ས་ཀྱང་ཡང་ཡང་བསྟོད་ཅིང་བསྔགས་ པའི་ལོ་རྒྱུས་ཤིག་ཡིན་པས་རེད། དེ་ཡང་ཕྱི་ཕྱོགས་བོད་རིག་པའི་སྡེ ་ཁག་གི་མཁས་པ་སྐད་གསུམ་སྨྲ་བ་ འདའ་དང་ཕང་ཞེས་པའི་རྩོམ་པ་པོ་གྲ གས་ཅན་མཁར་རྨེའུ་བསམ་གཏན་རྒྱ་ མཚོས་འདི་ལྟར་གསུངས་ཡོད་དེ། ལོ་ རྒྱུས་སྨྲ་བའི་ཁྱུ་མཆོག་དཔའ་བོ་ གཙུག་ལག་ཕྲེང་བས༼1504-1566༽སྤྱི ་ལོ1564ལོར་བྲིས་པའི«ལྷོ་བྲག་ཆོ ས་འབྱུང»ངམ«མཁས་པའི་དགའ་སྟོན»ཞེ ས་གྲགས་པ་དེ་ནི་དེང་སང་འཛམ་གླི ང་ཐོག་བོད་ཀྱི་ལོ་རྒྱུས་མཁན་ཚང་ མས་མགྲིན་གཅིག་ཏུ་ཚད་གཞིར་འཇོག་ པའི་ཡིག་ཆ་ཞིག་ཏུ་ངོས་འཛིན་བྱེ ད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་ རྩོམ་པ་པོས་སྔོན་ཡོད་ཆོས་འབྱུང་ རྣམས་སུ་བྲིས་པའི་གཏམ་རྒྱུད་དང་ ལོ་རྒྱུས་འདྲེས་མར་ཡོད་པ་རྣམས་ ཧ་ཅང་སྐྱར་ཟློས་མ་བྱས་པར་གནའ་ རབས་ལོ་རྒྱུས་སྐོར་རྡོ་རིང་དངོ ས་སུ་མཇལ་ནས་ཇི་མ་ཇི་བཞིན་དུ་ བཤུས་པ་དང་། བསམ་ཡས་སུ་ཕེབས་ནས་ དེར་ཡོད་དཔེ་མཛོད་རྙིང་པའི་གྲས་ ནས་བྱུང་བའི་བཀའ་གཙིགས་རྣམས་དངོ ས་སུ་མཇལ་ནས་དཔྱད་གཞིར་མཛད་ཡོད་ ཅེས་གསུངས་འདུག། དེས་ན། མཁར་རྨེའུ་མཆོག་གི་གསུང་དྲངས་མ་ ཐག་པ་དེར་ང་ཚོས་སྔོན་ལ་བསམ་གཞི གས་གཟབ་གཟབ་ནན་ནན་ཞིག་བྱས་ཏེ། དེ་ནས་བསྟན་པ་བཞིན་བློན་ཆེན་ནམ་ སློབ་དཔོན་ཆེན་མོ་ཐོན་མི་སམ་བྷོ ་ཊའི་འཁྲུངས་ཡུལ་སྙེ་མོ་ཐོན་ལ་ ཡིན་པར་གཏན་འབེབས་བྱ་དགོས་སོ། །
ཡང་ངེས་དགོས་པ་ཞིག་ལ་སྔོན་དུས་ སུ་སྙེ་མོ་ཞེས་པ་དེ་གཙང་གི་ཁུ ངས་ཡིན་པ་དང་དེང་སང་ལྷ་སའི་ཁུ ངས་གཏོགས་ཡིན། རྒྱལ་ཕྲན་བསིལ་མ་བཅུ་གཉིས་སྐབས་ ངས་པོ་འཕན་པོར་བཏགས་ཡོད་པ་དེའི་ ས་ཁོངས་ཡིན་ཚུལ་ཏུན་ཧོང་གཏེར་ཡི ག་ལས་གསལ། ལོ་ངོ་དགུ་བརྒྱ་ལྷག་གི་སྔོན་ནས་ ཐོན་མིའི་འཁྲུངས་ཡུལ་གྱི་ད་ལྟའི ་རྫོང་འདིར་སྙེ་མོ་ཞེས་ཟེར་བའི་ ཡིག་རྙིང་གི་ཁུངས་ལ། གྱ་པ་གངས་པའི་ཐུགས་དམ་རྟེན་ཡིན་ པའི་ཤེར་ཕྱིན་འབུམ་རྙིང་ཁྱུང་པོ ་གཡུ་བྲིས་ཀྱི་ཡིག་གཟུགས་ཅན་ཞི ག་སྙེ་མོའི་སྟོད་ལེབ་དགོན་པར་ད་ ལྟའང་བཞུགས་པའི་མཛད་བྱང་དེར་ གསལ་འདུག་ཅིང་། དེའི་སྔོན་ལ་ཡུལ་ལུང་དེར་སྣེ་མོ ་ཞེས་ཟེར་ཞིང་སྣེ་མོའི་སྒྲ་ཟུར་ ཉམས་ཏེ་སྙེ་མོ་ཞེས་ཟེར་མཁན་ཡང་ འདུག་པས་དེ་བདེན་མིན་མི་ཤེས། ཐོན་མིའི་སྐབས་སུ་ད་ལྟའི་རྫོང་ འདིར་སྙེ་མོ་ཟེར་བའི་ཁུངས་ངས་རྙེ ད་མ་སོང་མོད། ཐོན་མིའི་འཁྲུངས་ཡུལ་ལ་ཐོན་ལུག་ ར་ཁ་ཞེས་པ་ནི་ཐོན་མིའི་སྙན་གྲ གས་ཆེན་མོར་ཁྱབ་སྟོབས་ཀྱིས་བཙན་ པོ་སྲོང་བཙན་སྒམ་པོའི་དུས་ནས་ད་ བར་མིང་དེ་གཉིས་མ་ཉམས་པར་ད་ལྟ འང་གནས་ཡོད་ལ། ཁྲི་སྲོང་ལྡེའུ་བཙན་སྐབས་ལའང་ཡུ ལ་འདིར་སྙེ་མོ་ཞེས་ཐོགས་ཡོད་ཚུ ལ་མཁས་པའི་དགའ་སྟོན་ལས་གསལ་ཡོད།
ཡང་ད་ལྟ་སྙེ་མོའི་ཐོན་མ་ཎི་སྒང་ ཞེས་པའི་གནའ་ཤུལ་ཆེན་མོ་འདིའང་ སློབ་དཔོན་ཐོན་མི་མཆོག་སྐུ་ཚེའི ་སྨད་ལ་བོད་བཙན་པོས་གནང་བའི་ཕོ་ བྲང་ངམ་གཞི་ཀ་ཆེན་མོ་དེ་འདྲ་ཞི ག་རིམ་བཞིན་ཆེན་མོར་གྱུར་ཏེ། བོད་ཀྱི་བཙན་པོའི་རྒྱལ་རབས་ལ་ བཀའ་དྲིན་བླ་ལྷག་ཆེ་བའི་ཁྱིམ་ བརྒྱུད་ཆེས་ཆེ་བ་ཞིག་ལའང་གྱུར་ བའི་གནའ་ཤུལ་ཞིག་རེད་སྙམ། དེ་རྣམས་ནི་ཞོར་འཕྲོས་ཡིན་ནོ། །ཡང་། གོང་གླེང་དེ་ཙམ་གྱིས་ཆོག་ཤེས་མི ་བྱེད་པར་ཐོན་མི་མཆོག་སྙེ་མོ་ ནས་ཡིན་པར་ཐག་ཆོད་པ་ལ་འགའ་ཞིག་ གིས་བློན་ཆེན་ཐོན་མི་མཆོག་ནི་ལྷོ ་ཁ་ནས་ཡིན་ཞེས་པར། དགག་སྒྲུབ། དབྱེ་འབྱེད། གསལ་བཤད། མ་དག་རྒྱུན་འབྱམས་སུ་ཕྱིན་པ་ལ་ གཙང་སེལ་ལ་སོགས་པ་བྱེད་དགོས་ངེ ས་ལགས་པས་ན། དེ་དོན་གྱི་ལས་ལ་སྐབས་བབས་འཇུག་ པར་བྱ་འདོད་དེ། དེ་ཡང་། སློབ་དཔོན་ཐོན་མི་མཆོག་ལྷོ་ཁའི་ གཉལ་ལ་འཁྲུངས་པ་རེད་ཟེར་མཁན་ཐོ ག་མ་ནི་སྐྱོགས་སྟོན་རིན་ཆེན་བཀྲ ་ཤིས་ཞེས་པ་དེ་རེད། དེས་མཛད་པའི་བརྡ་གསར་རྙིང་གི་རྣ མ་གཞག་ལི་ཤིའི་གུར་ཁང་ཞེས་པ་ལས། ལྷོ་གཉལ་གྱི་ཐུ་མི་སྣང་གྲགས་ཀྱི ་བུ་ཨ་ནུ་སྟེ། སམྦྷོཊ་དང་། སམྦྷ་དྲ་སོགས་རྒྱ་སྐད་དུ་བཞེད་ པ་བྱུང་ཡང་། འདི་གཉལ་ན་ཡོད་པ་ས་འབུར་བོ་ཞིག་ འདུག་པས། ས་འབོ་ར་ཡིན་པ་འདྲ། ཞེས་གསུངས་པ་དེ་རེད།
གསུང་དུམ་དེར་དཔྱད་པ་མ་བཏང་བའི་ སྔོན་ལ་རྩོམ་པ་པོ་ཁོང་གིས་འཁྲུ ངས་འདས་ག་དུས་ཡིན་མིན་ལ་ཅུང་ཙམ་ བསམ་ཚེ། དེ་འང་དུང་དཀར་རིན་པོ་ཆེའི་ཞལ་ ནས། བོད་ཀྱི་སྐད་ལས་གསར་རྙིང་གི་བརྡ འི་ཁྱད་པར་སྟོན་པ་ལེགས་པར་བཤད་ པ་ལི་ཤིའི་གུར་ཁང་ཞེས་པ་དུས་ རབས་བཅོ་ལྔ་པར་སྐྱོགས་སྟོན་སྨོ ན་གྲུབ་ལོ་ཙཱ་བས་མཛད་པ། འདིར་བརྡ་གསར་རྙིང་གི་ཐ་སྙད་ཆི ག་སྟོང་ལྷག་ཙམ་ཡོད་པ་ཚང་མ་སྐད་ གསར་བཅད་གོང་གི་གསུང་རབ་ཁ་གཅིག་ ལས་བསྡུས་ཞེས་གསུངས་པ་ལས་སྐྱོ གས་སྟོན་རིན་ཆེན་བཀྲ་ཤིས་ཁོང་དུ ས་རབས་བཅོ་ལྔའི་ནང་གི་མི་ཡིན་ཚུ ལ་བསྟན་འདུག། ༡༤༤༡-༡༥༢༧ འཁྲུངས་འདས་འདི་ནི་སྐྱོ གས་སྟོན་རིན་ཆེན་བཀྲ་ཤིས་ཁོང་གི ་དགེ་རྒན་ཞ་ལུ་ལོ་ཆེན་ཆོས་སྐྱོ ང་བཟང་པོའི་འཁྲུངས་འདས་དུང་དཀར་ རིན་པོ་ཆེས་བཤད་པ་དེ་ཡིན། འཁྲུངས་འདས་འདི་བན་ཤུལ་དཔལ་མཁར་ རྒྱལ་གྱིས་སྐྱོགས་སྟོན་རིན་ཆེན་ བཀྲ་ཤིས་ཀྱི་འཁྲུངས་འདས་ལ་བཤད་ པ་ནི་ནོར་བ་ཡིན་ཞིང་། དེས་ན་སྐྱོགས་སྟོན་རིན་ཆེན་བཀྲ་ ཤིས་ཀྱིས་སློབ་དཔོན་ཐོན་མི་མཆོ ག་ལྷོ་ཁའི་གཉལ་ལ་འཁྲུངས་པ་རེད་ ཟེར་བ་དེ་ཉིད་དུས་རབས་བཅོ་ལྔའི་ ནང་དུ་གསུངས་པ་ཡིན་པ་དང་། གོང་དུ་རྒྱལ་རབས་གསལ་མེ་༡༣༡༢- ༡༣༧༥ལོ་དུས་འདིའི་ནང་བརྩམས་པའི་ དུས་དང་། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་ ༡༤༡༥-༡༤༩༨ལོའི་ནང་ལ་བརྩམས་པ་དེ་ གཉིས་པོའི་སྔ་མ་ལས་བློན་ཆེན་ཐོ ན་མི་སམ་བྷོ་ཊ་ཐོན་ལུག་ར་ཁར་འཁྲུ ངས་ཚུལ་བསྟན་པ་དེ་ཉིད་ལོ་བརྒྱ་ ཕྲག་གཉིས་ལྷག་གིས་རིང་བ་ཡོད་པ་ དེ་གནས་ལུགས་ཤིག་རེད། སྐབས་བབས་གོང་དུ་སྐྱོགས་སྟོན་རི ན་ཆེན་བཀྲ་ཤིས་ཀྱི་གསུང་དུམ་དེ ར་དཔྱད་ཚེ། དེའང་ལྷོ་གཉལ་གྱི་ཐུ་མི་སྣང་གྲ གས་ཀྱི་བུ་ཨ་ནུ་སྟེ། ཞེས་པ་ནི་བློན་ཆེན་ཐོན་མིའི་ཡབ་ ཀྱི་འཁྲུངས་ཡུལ་ལྷོ་གའི་གཉལ་ཞེ ས་པ་དེ་ཡིན།
ཐོན་མིའི་ཡབ་ཀྱི་འཁྲུངས་ཡུལ་ལ་ བསམ་ནས་ཐོན་མི་སམ་བྷོ་ཊའི་འཁྲུ ངས་ཡུལ་ཡང་ལྷོ་ཁ་གཉལ་ལ་རེད་ཅེས་ པའི་མ་དག་རྒྱུན་འབྱམས་འདི་བྱུང་ བ་ལགས། ཡང་སྐྱོགས་སྟོན་ལགས་ཀྱིས་སམྦྷོ ཊ་དང་། སམྦྷ་དྲ་སོགས་རྒྱ་སྐད་དུ་བཞེད་ པ་བྱུང་མཁན་ཧ་གོ་བཞིན་དུ་སམྦྷོ ཊ་དང་སམྦྷ་དྲ་ཞེས་པ་དེ་ཉིད། ས་འབོ་རའམ་གཉལ་ན་ཡོད་པ་ས་འབུར་ བོ་ཞིག་ལ་འགྲེལ་བཤད་བྱས་པ་ནི་བློ ་དང་ལྡན་པ་སུའང་གད་མོ་ཤོར་ཆེད་ ཅིག་རང་ཡིན་པ་ལས་དེར་རྒྱུ་མཚན་ མེད་ཅིང་དེ་ལས་ལོག་སྟེ་གནོད་བྱེ ད་ཡོད་དེ། འོ་ན། ལྷོ་ཁ་གཉལ་ན་ཐོན་མི་སམྦྷོཊ་སྟོ ང་ཕྲག་འགའ་ཤས་ཤིག་འཁྲུངས་པ་ཡིན་ པ་ཐལ། ལྷོ་ག་གཉལ་ན་ས་འབུར་བོ་སྟོང་ཕྲ ག་ལྷག་ཡོད་པའི་ཕྱིར། གལ་ཏེ་སམྦྷོཊ་དང་སམྦྷ་དྲ་ཞེས་པ་ དེ་ས་འབུར་བོའི་དོན་ཡིན་པས་དེར་ ཐོན་མི་འཁྲུངས་པས་ཐོན་མིའི་མཚན་ ལའང་སམྦྷོཊ་ཟེར་བ་ཡིན་ན་སྙེ་མོ་ ཐོན་ལའང་ས་འབུར་བོ་གང་མང་ཞིག་ཡོ ད་པས་སོ། །དངོས་སྟོབས་རིག་པའི་དབང་དུ་བྱ ས་ནའང་། ཐོན་མིའི་འཁྲུངས་ཡུལ་ནི་ཁིམ་ཚང་ ངམ་སྦྲ་གུར་ལ་སོགས་པའི་ནང་ལ་ཡི ན་པ་ལས། རི་བོང་ཕྲུ་གུ་དང་། ཞིམ་ཕྲུག། ཨབ་ཕྲུག། ལུག་གུ་ལ་སོགས་པ་ཁ་ཅིག། ས་འབུར་བོ་ཡོད་སར་སྐྱེ་བ་ནང་བཞི ན་ལར་ནས་མ་ཡིན་ནོ། །
ལྷག་པར་སྐྱོགས་སྟོན་གྱིས་ཐོན་ མིའིི་འཁྲུངས་ཡུལ་ཀྱོག་པོར་སྟོ ན་པ་དེར་ལྐུག་པ་ཨུ་ཚུགས་འཛིན་མི ་རིགས་ཏེ། སྐྱོགས་སྟོན་ཁོང་རང་གིས་ཀྱང་འདི ་གཉལ་ན་ཡོད་པ་ས་འབུར་བོ་ཞིག་འདུ ག་པས། ས་འབོ་ར་ཡིན་པ་འདྲ་པོ་འདུག་ཅེས་ ཐེ་ཚོམ་དང་བཅས་པའི་སྒོ་ནས་དེ་ལྟ ར་བཤད་པ་ཙམ་ལས་འདི་གཉལ་ན་ཡོད་པ་ ས་འབུར་བོ་ཞིག་འདུག་པས། ས་འབོ་ར་དངོས་གནས་རང་དེ་རེད་ཅེ ས་ཐག་བཅས་ཏེ་བཤད་མེད་པས་སོ། །ཡང་གོང་དེར་ཐོན་མིའི་ཡབ་སྣང་གྲ གས་མཆོག་ལྷོ་ཁ་ལྷུན་རྩེ་གཉལ་ལས་ འཁྲུངས་པ་ཡིན་ཚུལ་ལ་ལོ་རྒྱུས་དེ བ་ཐེར་གསལ་བར་འཁོད་པ་དེ་འདྲ་ཞི ག་ནི་ངས་མ་རྙེད་ཀྱང་། ཀིརྟི་སྐྱབས་མགོན་གྱིས་མཛད་པའི་ སྲིད་དོན་ལོ་རྒྱུས་དྭངས་གསལ་མེ་ ལོང་ཞེས་པར། ཐོན་མིའི་ལོ་རྒྱུས་ངག་རྒྱུན་རྣ མས་ཡི་གེར་བཀོད་པ་ལས་འདི་ལྟར་ གསལ་ཡོད་དེ། ཐོན་མིའི་ཡབ་སྣང་གྲགས་སྙེ་མོར་ ཡུལ་གྱར་ལ་ཡོང་ཚུལ་ནི། གནམ་རི་སྲོང་བཙན་གྱི་ནང་བློན། ལྷོ་གཉལ་ནང་གི་ཁྱིམ་ཚང་ཕྱུག་པོ་ ཞིག་ལ་བུ་སྤུན་གསུམ་ཡོད་པའི་རྒ ན་པ་དཀར་ཡོལ་བཟོ་བར་མཁས་པ། འབྲིང་བ་བོན་ཆོས་གཏོ་ཐབས་ལ་མཁས་ པ། ཆུང་བ་དབང་པོ་བརྟུལ་བས་ཕ་མ་གཉི ས་ཀྱིས་རྒྱུན་དུ་གཤེ་གཤེ་བཏང་བ་ སོགས་ཀྱིས་ཡུལ་གྱར་ཏེ་སྙེ་མོ་ཐོ ན་ལུག་རྭ་བསམ་འགྲུབ་སྒང་དུ་ཕེ བས་པ། དེ་རྗེས་ཁོང་གནུབས་བཟའ་གཡང་ཅན་ ལྷ་མོ་དང་རིམ་བཞིན་གྲོགས་རྗེས་ སུ་ཁོང་གཉིས་ལ་ཁྱེའུ་ངོ་མཚར་ཅན་ ལུས་ལ་བཀྲ་ཤིས་པའི་མཚན་མ་བརྒྱད་ ཀར་ཚང་བ་ཞིག་འཁྲུངས་ཚུལ་ལ་སོགས་ པ་བཀོད་འདུག། དེས་ན། ཐོན་མི་སམ་བྷོ་ཊའི་ཡབ་ཀྱི་ཆུང་ མིང་ལ་ཨ་ནུ་དང་མིང་དངོས་ལ་སྣང་ གྲགས་ཞེས་ཟེར་བ་འདྲ་ལ། དེ་ལྟར་ཡིན་པའི་དབང་དུ་བཏང་ན་ ཡབ་ཀྱི་འཁྲུངས་གཞིས་ལྷོ་ཁ་གཉལ་ ལ་བསམ་ནས་ཐོན་མི་འང་ལྷོ་ཁ་གཉལ་ ལ་རེད་སྙམ་པའི་དོགས་པ་དེའང་བྱུ ང་སྲིད་པ་ཞིག་གོ།
དེ་བཞིན་དེབ་ཐེར་ཁག་ལས་ཨ་ནུའི་ བུ་ཞེས་འཁོད་ཡོད་པ་ལ་བསམ་ན། ཐོན་མིའི་ཡབ་ཆེན་མི་ཚང་གཅིག་གི་ བུ་ཆུང་བ་ཡིན་ཞིང་བུ་ཆུང་བའི་བྱི ས་དུས་ཀྱི་མིང་ལ་ལྷོ་ཁ་བས་ཨ་ནུ་ ཞེས་ཟེར་བ་རེད་ཅེས་པ་ལའང་རྒྱུ་ མཚན་ཅུང་འདུག་སྙམ། ཡང་ལྷོ་གཉལ་གྱི་ཕ་སྣང་གྲགས་མཆོ ག་སྙེ་མོར་དེ་ལྟར་སྔོན་དུས་སུ་ ཡོང་གི་མ་རེད་ཨང་སྙམ་ཚེ་དེའང་མི ་འཐད་དེ། སྔོན་གྱི་བོད་མི་རྣམས་བོད་ཡུལ་ ནང་ཁུལ་ལ་དེ་ལྟར་ཕར་འགྲོ་ཚུར་འོ ང་བྱེད་པ་མ་ཟད། རིང་ས་རྒྱ་དཀར་རྒྱ་ནག་ལའང་བོད་ མི་ཚོ་འགྲོ་བ་ཡིན་པས་སོ། །དེ་འདྲ་ཡིན་དུས་ཐོན་མིའི་ཡབ་ཆེ ན་ལྷོ་ཁ་གཉལ་ལ་འཁྲུངས་པ་ཡིན་ཟེ ར་བར་འགལ་བ་ཆེ་བ་གང་ཡང་མི་འདུག་ མོད། ཡིན་ན་ཡང་ཐོན་མིའི་ཞལ་ལུང་ལས་ཨ་ ནུ་ཞེས་པའི་དོན་ལ་འདི་ལྟར་འགྲེ ལ་བཤད་བྱས་ཡོད་དེ། མཁས་པ་འགའ་ཤས་ཀྱིས་ཀྱང་རྒྱ་གར་ སྐད་ཀྱིས་ཨ་ནུ་ཞེས་པ་མིའུ་ཆུང་ གི་མིང་ཡིན་པས་ཐོན་མི་ཨ་ནུ་ནི་ ཐོན་མི་མིའུ་ཆུང་ཞེས་པའི་དོན་ དང་། སམྦྷོ་ཊ་བོད་དང་ཡང་དག་པ་སྟེ་བོ ད་དངོས་མ་ཞིག་རེད་ཅེས་པའི་སྐད་ དོོད་ཡིན་ཞེས་བཞེད་མཁན་ཡང་བྱུང་ ངོ་། །ཞེས་གསུངས་འདུག་པ་ལ་ནི་བསམ་གཞི གས་གཟབ་གཟབ་ནན་ནན་ཞིག་ལྷོ་ཁ་བ་ ཚོས་མ་བཏང་རང་བཏང་ཆགས་པ་མ་རེད་ དམ། འོ་ན། ཐོན་མི་དང་ཐུ་མི་ཞེས་པའི་འབྲི་ སྟངས་མི་གཅིག་པ་དེའི་དོན་གང་ཡི ན་ནམ་ཞེ་ན། ཐོན་མི་ཞེས་པའི་ཚིག་འགྲེལ་འདི་ ལྟ་སྟེ། བོད་ཀྱི་སྔོན་ཐོ༵ན་གྱི་མི༵། སྙེ་མོ་ཐོ༵ན་པའི་མི༵། བོད་ཀྱི་ཐུ༵་ཞེས་པའི་མི༵འི་རུས་ བརྒྱུད་ཀྱི་ཐུ་མི་ཞེས་པ་དེ་དང་། བོད་ཀྱི་སྔོན་ཐོ༵ན་གྱི་མི༵་སྣ་ ཞེས་པའི་ཐོན་མིའི་ཚིག་གཉིས་པོ་ མཉམ་དུ་བསྡུས་ནས་ཐོན་མི་ཞེས་བྱུ ང་ཡིན་ནམ་སྙམ། ཐུ་མི་ཞེས་འབྲི་མཁན་ཚོས་ནི་ཚིག་ དེར་འགྲེལ་བཤད་འདི་ལྟར་བྱས་ཡོད་ དེ། གོང་དཀར་རྡོ་གདན་གྱི་ལོ་རྒྱུས་ ལས། ཐུ་ཞེས་པ་རུས་ཡིན་ཚུལ་བསྟན་ཡོད་ ཅིང་དེ་དང་མཐུན་པར་སྟོང་སྐོར་ཟླ ་བ་རྒྱལ་མཚན་གྱི་རྣམ་ཐར་ལས་ཀྱང་ ། ཐུ་ཞེས་པ་ནི་བོད་ཀྱི་གཡོར་པོ་ལུ ང་དགུའི་བྱེ་བྲག་གི་རུས་ཤིག་ཡི ན་ཚུལ་བསྟན་པ་བཞིན་ཐུ་ནི་རུས་ བརྒྱུད་ཀྱི་མིང་ཡིན་པ་འདྲའོ། །
གཞན་ཡང་། ཡང་གོང་གླེང་ལས་འཕྲོས་ཏེ། འོ་ན། ཁྱོད་ཀྱིས་ཡོངས་གྲགས་ཐོན་མིའི་ མཚན་ཟུར་ལ་སམྦྷོཊ་ཞེས་པར་འགྲེལ་ བཤད་ཇི་ལྟར་ཡོད་དམ་ཞེ་ན། དེ་དོན་ནི་གོང་གླེང་བྱས་ཟིན་ལྟ ར་སམྦྷོཊ་ཞེས་པ་ནི་བསམ་པའི་བུའི ་བསྡུས་ཚིག་ལ་བསམ་བུ་ཞེས་པའི་ཐ་ སྙད་དེ་རང་ཡིན་ལ། བློན་ཆེན་ཐོན་མི་མཆོག་འཕགས་ཡུལ་ ལ་ཕེབས་སྐབས་ཁོང་གིས་རང་ཉིད་ཀྱི ་མིང་ལ་བོད་མི་བསམ་བུ་ཞེས་ཟེར་ བ་དེ་ཉིད་འཕགས་ཡུལ་དུ་ཁྱབ་ཅིང་། དེར་རྒྱ་གར་མིས་ཀྱང་། ཐོན་མིའི་ཆུང་མིང་དང་། ཐོན་མིའི་མི་གཤིས་ཤིན་ཏུ་ནས་ བཟང་བ་སོགས་ལ་རྒྱུ་མཚན་རགས་རིམ་ ཙམ་བྱས་ཏེ། བློན་ཆེན་ཐོན་མི་མཆོག་ལ་སམ་བྷོ་ ཊ་ཞེས་པའི་མཚན་དེ་ད་གཟོད་བཏགས་ པ་རེད་སྙམ། དེ་དོན་ཡང་ངས་གང་དྲན་བཤད་པ་ཙམ་ མིན་པར་འབྲེལ་ཡོད་ཡིག་ཆ་རྣམས་ ལས་དེ་བཞིན་གསལ་བར་ཡོད་དེ། གོང་དཀར་རྡོར་གདན་གྱི་ལོ་རྒྱུས་ ལས། མཚན་དངོས་ལ་སཾ་བྷ་ཏྲ་ཟེར་བ་ཡོད། དེའི་སྐད་དོད་ཀུན་ཏུ་བཟང་པོ་ཡི ན་ཞེས་གསུངས་ཡོད།
དེ་དང་མཐུན་པར་གུ་གེ་པཎ་ཆེན་གྲ ཊ་རྒྱལ་གྱི་ཉི་མའི་རིགས་ཀྱི་རྒྱ ལ་རབས་ལས་ཀྱང་འདི་ལྟར་འགྲེལ་ཡོ ད་དེ། ཐོན་མི་མི་གཤིས་ཤིན་ཏུ་བཟང་བས་ རྒྱ་གར་ཁ་ཆེ་བ་རྣམས་ཀྱིས་སམྦྷོ་ ཊ་ཟེར་བ་བཏགས་ཏེ། བོད་ཡང་དག་པ་ཞེས་བྱའོ་ཞེས་བྲིས་ འདུག་པ་དེ་གཉིས་དོན་ལ་ཤིན་ཏུ་ ནས་འབྱོར་བ་ཞིག་ཡིན་ཏེ། སྒྲ་བ་ནམ་བཟང་གི་སུམ་ཅུ་བའི་འགྲེ ལ་བ་བསྟན་པའི་སྒྲོན་མེ་ལས། འགའ་ཞིག་གིས་རྒྱ་གར་ན་འགྲེལ་བ་ སངས་རྒྱས་བསྐྱངས་དང་། འགྲེལ་བ་ཆོས་མཆོག་ཅེས་མཛད་པ་པོ འི་མཚན་བསྟན་བཅོས་ལ་འདོགས་པའི་ སྲོལ་ཡོད་པ་བཞིན་དུ། འདིར་ཡང་སཾ་བྷ་དྲའམ་ས་མནྟ་བྷ་དྲ ་སྟེ་ཀུན་ཏུ་བཟང་པོ་ནི་སློབ་དཔོ ན་ཐུ་མིའི་མཚན་ཡིན་པ་ལ་ཁུངས་ཚད་ ལྡན་ཡོད་དེ། སུམ་ཅུ་པའི་རྩ་བའི་མཇུག་ཏུ་བྱཱ་ ཀ་ར་ཎའི་རྩ་བ་བརྒྱད་པ་ལས་ཀུན་ཏུ ་བཟང་པོའི་བྱཱ་ཀ་ར་ཎ་དང་པོའི་སྐ བས་ཏེ་ལྔ་བའོ་ཞེས་གསུངས་འདུག། དེས་ན་ཀུན་ཏུ་བཟང་པོ་ཞེས་པ་སློ བ་དཔོན་རང་ཉིད་ཀྱི་མཚན་གྱི་བྱེ་ བྲག་ཅིག་ཡིན་པའང་ཧ་ཅང་གསལ་ལོ། །
དེ་བཞིན་དུ་སྨོན་འགྲོ་པཎ་ཆེན་ གྱིས་ཀྱང་འདི་ལྟར་གསུངས་ཡོད་དེ། མཚན་ཡང་སམྦྷོ་ཊ་སྟེ་བྷོ་ཊ་བོད་ དང་སཾ་ཡང་དག་པ་དང་། སཾ་བྷ་དྲའམ་ས་མནྟ་བྷ་ཊ་སྟེ་ཀུན་ ཏུ་བཟང་པོ་དང་། སཾ་བསྔགས་པ་དང་བྷོ་ཊ་བོད་དེ་བོ ད་བསྔགས་པ་ཞེས་འདོད་ཅེས་གསུངས་ འདུག། ལྷག་པར་དུ་གངས་ལྗོངས་སྒྲ་འགྱུར་ གྱི་རྒྱལ་པོ་མར་པ་ལོ་ཙཱ་བས་ཀྱང་ ཡུལ་མ་གྷ་དྷའི་སྐད་དུ་མཛད་པའི་ བསྟན་བཅོས་ལས་བྷོ་ཊ་བོད་ཅེས་པར་ བསྒྱུར། མ་ཧཱ་བྷོ་ཊའང་བོད་ཆེན་མོ་ཞེས་ པར་བསྒྱུར་ཡོད་གཤིས། མ་གྷ་དྷའི་སྐད་དང་ཡང་མཐུན་ཞེས་ ཟེར། ཡང་བསམ་དགོས་པ་ཞིག་ལ། བུ་སྟོན་ཆོས་འབྱུང་ལས། བོད་ལ་ཡི་གེ་མེད་པས་ཐོན་མི་ཨ་ནུ འི་བུ་ལ་འཁོར་དྲུག་དང་བཅས་ཏེ་ཡི ་གེ་སློབ་ཏུ་བཏང་བས། ཞེས་སོགས་བྱུང་བ་དེ་དང་། མཁས་པའི་དགའ་སྟོན་ལས་ཀྱང་། ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་ བའི་མི་ཆུང་བློ་གསལ་ཞིག་ལ། ཞེས་པ་དེ་གཉིས་ལས་གསལ་བ་ལྟར་ན་ ཕའི་ཆུང་དུས་ཀྱི་མིང་དེ་བུ་ལ་ཐོ གས་པ་ཞིག་ཀྱང་ཡིན་པ་འདྲ་པོ་འདུ ག་གོ།
ད་ནི་འདི་ནས་ཐོན་མིའི་འཁྲུངས་ ཡུལ་ལྷོ་ཁ་དང་སྙེ་མོ་གང་ཞིག་ཡི ན་མིན་ལ་མཐའ་དཔྱོད་པའི་དགག་སྒྲུ བ་འདི་ནས་རེ་ཞིག་བཞག་སྟེ། བདག་ཅག་བོད་འབངས་ཡོང་ལ་བཀའ་དྲི ན་ནམ་ཡང་ཟད་མཐའ་མེད་པའི་སློབ་ དཔོན་ཐུགས་རྗེ་ཅན་ཐོན་མིའི་སམ་ བྷོ་ཊའི་མཚན་གྱི་རྣམས་གྲངས་ག་ ཙམ་ཞིག་ཡོད་ཚུལ་དང་། བློན་ཆེན་མོ་ཐོན་མི་མཆོག་དང་འབྲེ ལ་ཡོད་གནའ་རྫས་ཤིག་སྙེ་མོར་ཉེ་ བའི་ལོའི་ནང་ལ་ཇི་ལྟར་རྙེད་ཚུལ་ སྐོར་ལ་ཅུང་ཟད་མཇལ་བར་འགྲོ། དེ་ཡང་། ལྡེའུ་ཆོས་འབྱུང་ལས། རྒྱའི་མཁས་པ་ལི་བྱིན་ལ་བོད་ཀྱི་ ཐོན་མི་འབྲོང་སྟོ་རེ་ཨ་ནུས་ཡི་ གེ་བསླབས་ནས། ཞེས་སོགས་བྱུང་། དབའ་བཞེད་ལས། རྒྱ་གར་གྱི་ཆོས་དང་ཡི་གེ་དཔེ་ལེ ན་པར་འཐོན་མི་གསམ་པོ་ར་ལ་བཀའ་ བསྩལ་ཏེ་བཏང་ནས། ཞེས་སོགས་བྱུང་།
རྒྱལ་རབས་གསལ་མེ་ལས། ཐོན་མི་སམྦྷོ་ཊ་ཞེས་སོགས་བྱུང་། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་ གྱི་ཉི་མའི་རིགས་ཀྱི་རྒྱལ་རབས་ ལས། ཐོན་ལུག་ར་ཁའི་མི་ཨ་ནུ་ཞེས་བྱ། ཞེས་སོགས་བྱུང་། དེབ་ཐེར་ཆེན་མོ་མཁས་པའི་དགའ་སྟོ ན་ལས། ཐོན་གྱི་ལུག་ར་ཁ་ནས་ཐོན་མི་ཨ་ནུ ་ར་ག་ཏའི་བུ་ཐོན་མི་སམྦྷོ་ཊ་བྱ་ བའི་མི་ཆུང་བློ་གསལ་ཞིག་ལ། ཞེས་སོགས་བྱུང་། སྒྲ་བ་ནམ་བཟང་གི་བསྟན་པའི་སྒྲོ ན་མེ་ལས། འདིར་ཡང་སཾ་བྷ་དྲའམ་ས་མནྟ་བྷ་དྲ ་སྟེ་ཀུན་ཏུ་བཟང་པོ་ནི་སློབ་དཔོ ན་ཐུ་མིའི་མཚན་ཡིན་པ་ལ་ཁུངས་ཚད་ ལྡན་ཡོད། ཞེས་སོགས་བྱུང་། མི་ཏོག་སྙིང་པོའི་སྦྲང་རྩིའི་ བཅུད་ལས། དེ་ནས་ཐོན་མི་བསམ་བུ་ཞེས་པ་བློ་ གསལ་ལ་ཡིད་གཞུངས་པས་མི་ཆུང་སམ་ བྷོ་ཌ་ཞེས་པ། ཞེས་སོགས་བྱུང་བས་ན། ཐོན་མི་འབྲོང་སྟོ་རེ་ཨ་ནུ། འཐོན་མི་གསམ་པོ་ར། ཐོན་མི་སམྦྷོ་ཊ། ཐོན་ལུག་ར་ཁའི་མི་ཨ་ནུ། ཐོན་མི་ཨ་ནུ་ར་ག་ཏའི་བུ་ཐོན་མི་ སམྦྷོ་ཊ། སཾ་བྷ་དྲའམ་ས་མནྟ་བྷ་དྲ། ཐོན་མི་བསམ་བུ། ཞེས་པ་དེ་རྣམས་ཡིན་པས་མཚན་གྱི་ རྣམ་གྲངས་འགའ་ཤས་བྱུང་བ་དེ་ཙམ་ ཞིག་ལས་མ་ངེས་ནའང་དེ་དག་སྙེ་མོ་ བ་ཚོས་བློར་གསལ་པོར་ངེས་དགོས་སོ ། །
ལྷག་པར་བློན་ཆེན་མོ་ཐོན་མི་མཆོ ག་དང་འབྲེལ་ཡོད་གནའ་རྫས་ཤིག་སྙེ ་མོར་ཉེ་བའི་ལོའི་ནང་ལ་ཇི་ལྟར་ རྙེད་པ་རེད་དམ་ཞེ་ན། ལོ་འགའ་ཤས་སྔོན་ལ་བོད་ལྗོངས་ནས་ བསྒྲགས་པའི་གསར་འགྱུར་ཞིག་དྲྭ་ ཐོག་ཏུ་ཁྱབ་སྤེལ་ཆེན་མོར་ཕྱིན་ པ་ལས་འདི་ལྟར་གསལ་ཡོད་དེ། ཉེ་ཆར། སྤྱི་ལོའི་དུས་རབས་༧པའི་ནང་དུ་ བོད་ཡིག་གསར་གཏོད་མཛད་མཁན་སློབ་ དཔོན་ཐོན་མི་སམ་བྷོོ་ཊའི་བཞུགས་ གནས་རྙིང་བ་སྟེ། བོད་རང་སྐྱོང་ལྗོངས་སྙེ་མོ་རྫོ ང་ཐོན་པ་ཡུལ་ཚོའི་ཐོན་པ་སྡེ་བ་ ནས་གསར་རྙེད་བྱུང་། ཟླ་བ་འགའ་ཤས་ཀྱི་ཡར་སྔོན་དུ། ཐོན་པ་སྡེ་པའི་སྡེ་མི་པདྨ་བསམ་ འགྲུབ་ཀྱིས་སྡོད་ཁང་གཙང་སྦྲ་བྱེ ད་སྐབས། དཀྱིལ་དབུས་ཀྱི་ཁང་མིག་དེའི་གྱ ང་ལྡེབས་ངོས་སུ་སྦྱར་བའི་ཚགས་ པར་ཆ་ཚང་བཀོག་པ་མ་ཟད། སྔོན་ཆད་གྱང་ངོས་སུ་བྱུག་པའི་ཚོ ན་རྩི་དཀར་པོ་དེའང་གཙང་སེལ་བྱས་ རྗེས། ཡ་མཚན་པ་ཞིག་ལ་གྱང་ངོས་སུ་ཚོན་ མདོག་སྣ་ལྔའི་ལྡེབས་རིས་ཡོད་པ་ གསར་རྙེད་བྱུང་།
པདྨ་བསམ་འགྲུབ་ཀྱི་ཡིད་ལའང་ཤར་ མེད་པ་ནི། ཁོང་རང་ལོ་སུམ་ཅུ་ལྷག་ཏུ་བསྡད་ པའི་ཁང་མིག་དེ་ནི། བོད་ཡིག་གསར་གཏོད་མཁན་སློབ་དཔོ ན་ཐོན་མི་སམ་བྷོ་ཊའི་བཞུགས་གནས་ རྙིང་བ་ཡིན་པ་རེད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཡུ ལ་ཚོའི་སྲིད་གཞུང་གིས་དེ་མ་ཐག་ ཏུ་ངོ་མཚར་ལྡེབས་རིས་ཀྱིས་ཕྱུག་ པའི་ཁང་མིག་དེ་སྲུང་སྐྱོབ་བྱས་ པ་རེད། ཚེས་༡༥ཉིན། གསར་འགོད་པ་བོད་རང་སྐྱོང་ལྗོངས་ དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོ ད་དབུ་ཁྲིད་དང་ཆེད་མཁས་པ་རྣམས་ དང་མཉམ་དུ་ཐོན་པ་སྡེ་བར་སོང་སྟེ ། བོད་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ བླ་ལྷག་ཆེ་བའི་མི་སྣ་སློབ་དཔོན་ ཐོན་མིའི་བཞུགས་གནས་རྙིང་བར་ལྟ་ སྐོར་བྱས། གྱང་ངོས་ཀྱི་ལྡེབས་རིས་ཐོག་ཏུ་ བྲིས་པའི་སློབ་དཔོན་ཐོན་མིའི་ བཞུགས་གནས་རྙིང་བ་དང་ད་ལྟའི་ཞི ང་ཁྱིམ་ར་བ་གཉིས་ཀྱི་བཅའ་བཀོད་ ཕལ་ཆེར་གཅིག་འདྲ་ཡིན་པ་རེད། ཐོན་པ་སྡེ་བ་ནི་ལྷ་ས་གྲོང་ཁྱེར་ དང་བར་ཐག་སྤྱི་ལེ་ ༡༤༠ ལྷག་གི་སར་ ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྔ་མོ་ ནས་ས་གནས་དེ་ནི་ཐོན་མི་སམ་བྷོ་ ཊའི་འཁྲུངས་ཡུལ་ཡིན་ཞེས་བཤད་རྒྱུ ན་བར་མ་ཆད་པ་ཡོད་མོད། ཡིན་ནའང་ཁོང་རང་གི་བཞུགས་གནས་ངོ ་མ་འདི་གའི་ས་གནས་གང་དུ་ཡིན་ཚུ ལ་ད་བར་ཤེས་རྟོགས་ཐུབ་མེད།
༡༩༥༩ ལོར་ཞིང་ཁྱིམ་དབུལ་པོ་གསུམ་ ལ་སྲིད་གཞུང་གིས་ལྟ་རྟོགས་བྱས་ ཏེ་ཁང་ཁྱིམ་ར་བ་ཆེན་པོ་ཞིག་གི་ ནང་དུ་སྡོད་དུ་བཅུག། ར་སྐོར་དེའི་དཀྱིལ་དབུས་ཀྱི་ཁང་ མིག་ཆེན་པོ་དེ་ནི་རྗེས་མར་འབྲུ་ མཛོད་བྱས་པ་རེད། ཅེས་ལ་སོགས་པ་འཁོད་འདུག་པ་དེ་རེ ད་དོའོ། །གོང་གླེང་དེ་རྣམས་ཀྱིས་ཕྱིར། འདི་ནས་མདོར་བསྡུས་ཕྱོགས་སྡོམ་ ཞིག་བྱས་ཏེ་མཇུག་རྫོགས་པའི་ལས་ ལ་བཞུགས་ཚེ། བོད་སྤོས་བཟོ་སྟངས་ཀྱི་ལག་རྩལ་ ཐུན་མོང་མ་ཡིན་པ་ཞིག་སྙེ་མོ་ཐོ ན་པའི་ཁྱིམ་ཚང་རྣམས་ལ་ཡོད། བོད་སྤོས་ནི་བོད་ཡོངས་རྫོགས་དང་ ད་ཆ་རྒྱལ་སྤྱི་རྒྱལ་ནང་གང་སར་ཁྱ བ་སྤེལ་ཕྱིན་པའི་བོད་རང་གི་ཐོན་ རྫས་ཤིག་རེད། དེ་ལྟ་བུའི་ལག་རྩལ་སྤུས་ལེགས་ཤི ག་ལོ་ངོ་སྟོང་ཕྲག་སྔོན་ནས་ལུང་ པ་ཁུག་ཀྱོག་ཞིག་ལས་རང་བྱུང་ལྷུ ན་གྲུབ་བམ་རང་འགར་འབྱུང་མི་སྲི ད་པས། ཡུལ་དེ་ནས་འཁྲུངས་བའི་བུ་རྒོད་ གཅིག་ལ་བོད་བཙན་པོའི་རྒྱབ་སྐྱོ ར་ཐོབ་ཅིང་དེས་ཐག་རིང་གི་མི་རི གས་གཞན་གྱི་ལེགས་ཆ་བླངས། དེར་རང་གི་བློ་གྲོས་རྩལ་སྟོབས་ ལས་བོད་སྤོས་གསར་གཏོད་བྱས་པའི་ དངོས་པོའི་དཔང་རྟགས་གསོན་པོ་དེ ས་ཀྱང་ཐོན་མི་སམ་བྷོ་ཊ་སྙེ་མོ་ ཐོན་ལ་འཁྲུངས་ཚུལ་ར་སྤྲོད་ཐུབ་ བོ། །
ལྷག་པར་སྙེ་མོ་ཐོན་ལུག་ར་ཁ་ལ་ གཟུགས་མེད་གྲིབ་གཟུགས་བྱུང་མི་ སྲིད་པ་དང་། ལུང་ཁུག་རྣལ་མའི་མིས་སྒང་པ་བོད་ ཆེན་མོར་བཀའ་དྲིན་རྫོགས་མཐའ་བྲ ལ་བའི་སློབ་དཔོན་ཆེན་མོ་རང་ཡུལ་ ལ་འཁྲུངས་ཡོད་ཚུལ་གྱི་རྟོག་བཟོ་ རང་བཟོ་བྱེད་མི་ཤེས་ལ། བྱས་པའི་དབང་དུ་བཏང་ཡང་ཐོན་ལུག་ ར་སྒང་ལ་ཐོན་མི་འཁྲུངས་ཚུལ་བོད་ དུ་ཡོངས་གྲགས་ཡིན་པ་མཁས་པ་ཕལ་མོ ་ཆེས་ངོས་འཛིན་གནང་མི་སྲིད་པ་ཞི ག་གོ། དེས་ན། དངོས་ཡོད་བདེན་སྟོབས་ནི་སྙེ་མོ་ ཐོན་ལུག་ར་ཁ་ནས་བློན་ཆེན་ཐོན་མི ་བསམ་པའི་བུ་འཁྲུངས་ཡོད་པས་ན། ད་གཟོད་གཟུགས་ལ་བརྟེན་ནས་གྲིབ་ གཟུགས་བྱུང་ཞིང་། ལུང་ཁུག་རྣལ་མའི་མིས་ཐུགས་རྗེ་ ཅན་གྱི་སློབ་དཔོན་ཆེན་མོ་རང་ཡུ ལ་ལ་འཁྲུངས་ཡོད་ཚུལ་བཤད་པ་དེ་རྟོ ག་བཟོ་མིན་པར་དངོས་བདེན་ལ་ར་སྤྲ ད་པ་རེད་ལ། བདེན་དོན་དྲང་པོའི་ཤུགས་དེ་ཡིས་ ཐོན་ལུག་ར་ཁ་ལ་ཐོན་མི་བསམ་བུ་ འཁྲུངས་ཚུལ་གྱི་སྙན་པའི་བ་དན་ཡུ ག་གཅིག་དེ་ཉིད་ཀྱང་བོད་ཡུལ་ཀུན་ ལ་ཡོངས་སུ་གྲགས་པར་གྱུར་བ་ལགས་ སོ། །
གཞན་ཡང་། མ་འོངས་པར་བློན་ཆེན་ཐོན་མི་མཆོ ག་ལྷོ་ག་དང་སྙེ་མོ་གང་ལ་འཁྲུངས་ པ་ཡིན་མིན་གྱི་གནད་དོན་ལ། བགྲོ་གླེང་། འགྱུར་བ། བདེན་ཁ་ལ་སོགས་པ་གང་འདྲ་བྱས་ཏེ་ ཡོང་གི་རེད་དམ་ཞེ་ན། ད་ནས་བཟུང་ལྷོ་ཁ་བ་ཚོ་དང་སྙེ་མོ ་བ་ཚོས་བོད་ཡིག་དང་དེ་འབྲེལ་ཀྱི ་ཐད་ལ་མཛད་རྗེས་ཆེ་བ་ཡུན་རིང་བོ ར་སུས་བཞག་ཚེ། ཐོན་མི་མཆོག་ཀྱང་དེར་འཁྲུངས་པ་ ཡིན་པ་དལ་གྱིེས་ར་སྤྲོད་ཐུབ་ཡོ ང་བ་ཡིན་གཤིས། དེ་བས་ན། སྙེ་མོ་བ་ཚོས་ཕྱི་མཛེས་ནང་སྟོང་ གི་ཁང་སྟོང་གསར་སྐྲུན་ཤ་སྟག་ལ་ བུང་ཕྲུག་ལབ་དོང་རྙེད་པ་བཞིན་ དབུ་འཁོར་ནས་མི་སྡོད་པར་བོད་ཡི ག་གི་ཕྱོགས་ལ་སྔོན་མ་ཇི་བཞིན་ མཛད་རྗེས་ཞོགས་དགོས་སོ། །མཇུག་ཏུ་ཞུ་རྒྱུར་གོང་བཤད་དེ་ རྣམས་ནི་གུས་པ་རང་གིས་མཐོང་ཐོས་ བྱུང་བའི་ཐོན་མིའི་ལོ་རྒྱུས་དཔྱ ད་གཞིའི་རྒྱུ་ཆ་རྣམས་ལ་བརྟེན་ ནས་མཐའ་དཔྱོད་བྱས་པ་ཞིག་ཡིན་ལ། ཁོ་བོས་མ་མཐོང་བ་དང་མ་ཐོས་པའི་ ཐོན་མིའི་ལོ་རྒྱུས་དཔྱད་གཞི་རྙི ང་པ་སོགས་ཀྱང་ཡོད་སྲིད་པས། དེ་འདྲའི་ཁུངས་ལུང་ཡོད་ན་ནི་རྩོ མ་ཡིག་འདིར་དགག་སྒྲུབ་གནང་ཤོག་ དང་། ཁོ་བོས་ཀྱང་སྒུག་ནས་བསྡད་ཆོག་ཅེ ས་ཞུའོ།། །།
༢༠༢༣/༨/༢༧ སྙེ་ལྕེ་བཙན་ཕྲུག་གི ས་གུས་ཕུལ།
མཆན། གོང་གླེང་གི་ དཔྱད་གཞིའི་ཡིག་ཆ་རྣམས་ཀྱི་མིང་ དང་། དཔེ་སྐྲུན་ཁང་། ཤོག་ངོས་སོགས་ཀྱི་ཞབས་མཆན་རེ་རེ ་བཞིན་འདིར་བཀོད་ཚེ་ཡི་གེ་མང་དྲ གས་པས་དེ་དག་བཀོད་མེད་པར་དགོངས་ ཡངས་མཛོད་ཅིག །
ཡོང་ཁུངས། ལུག་ཚང་དཔལ་ཡོན།