གནས་མཆོག་པོ་ཏཱ་ལ་ཡི་ཕོ་བྲང་ནས། །སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ། །

གནས་མཆོག་པོ་ཏཱ་ལ་ཡི་ཕོ་བྲང་ནས། །སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ། །

གནས་མཆོག་པོ་ཏཱ་ལ་ཡི་ཕོ་བྲང་ནས། །

སྤྱན་རས་གཟིགས་དབང་རྒྱལ་བ་རིན་པོ་ཆེ། །

ཇོ་བོ་ལོ་ཀེ་ཤྭ་ར་ལ་སོགས་པའི་། །

སྐུ་གསུང་ཐུགས་རྟེན་རྣམས་ལ་ཕྱག་འཚལ་ལོ། །

ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་རུ། །

སྣང་བ་མཐའ་ཡས་པཎ་ཆེན་ཐམས་ཅད་མཁྱེན། །

དེར་བཞུགས་དགེ་འདུན་སྡེ་དང་སྐུ་གསུང་ཐུགས། །

སྐུ་གདུང་མཆོད་རྟེན་རྣམས་ལ་གསོལ་བ་འདེབས། །

ར་མོ་ཆེ་དང་ར་ས་འཕྲུལ་སྣང་དུ། །

བཞུགས་པའི་རྟེན་གཙོ་ཇོ་ཤཱཀ་རྣམ་པ་བདུན། །

རྗེ་བཙུན་ང་འདྲ་མ་དང་དཔལ་ལྷ་མོ། །

སྐུ་གསུང་ཐུགས་རྟེན་རྣམས་ལ་གསོལ་བ་འདེབས། །

གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་དང་། །

རྒྱུད་གྲྭ་སྟོད་སྨད་རྣམ་རྒྱལ་གྲྭ་ཚང་སོགས། །

ལྷ་སའི་གླིང་བཞིར་བཞུགས་པའི་དགེ་འདུན་རྣམས། །

སྐུ་གསུང་ཐུགས་རྟེན་བཅས་ལ་གསོལ་བ་འདེབས། །

བྱུ་རུའི་ཚེ་དཔག་མེད་དང་གཡུའི་སྒྲོལ་མ། །

དུང་གི་ཐུགས་རྗེ་ཆེན་པོ་ལ་སོགས་པའི། །

དབུས་གཙང་རུ་བཞི་རྭ་སྒྲེང་སྟག་ལུང་སོགས། །

ཡེར་པ་ལྷ་རི་བསམ་ཡས་གཙུག་ལག་ཁང་། །

བཞུགས་པའི་སྐྱབས་གནས་རྣམས་ལ་གསོལ་བ་འདེབས། །

དེ་ལྟར་ཕྱག་འཚལ་གསོལ་བ་བཏབ་པའི་མཐུས། །

འཆི་ཁར་མནར་གཅོད་བར་དོའི་འཇིགས་སྐྲག་དང་། །

ཕྱི་མ་ངན་སོང་སྡུག་བསྔལ་མི་མྱོང་ཞིང་། །

ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བར་ཤོག །

 

ཤཱཀྱའི་དགེ་སློང་སྐལ་བཟང་ཐབས་མཁས་རྒྱ་མཚོས་སྦྱར་བའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།