ས་བཅད་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
ལེ་ཚན། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | གཙང་པོ་མགོ་དགུའི་སྒྲུབ་སྡེ། | ཕྱི་ལོ་ ༡༥༧༧། | མཚུངས་མེད་བསྟན་འཛིན་རྡོ་རྗེ། | རྙིང་མ། |
| ༢ | ཟངས་མདོག་དཔལ་རིའི་ལྷ་ཁང་། | ཕྱི་ལོ་ ༡༩༥༠། | བདུད་འཇོམས་འཇིིགས་བྲལ་ཡེ་ཤེས་རྡོ་རྗེས། | རྙིང་མ། |
| ༣ | ཀོང་པོ་ཐང་འབྲོག་དགོན་ནི། | མཚུངས་མེད་བསྟན་འཛིན་རྡོ་རྗེ། | རྙིང་མ། | |
| ༤ | སྨད་ལྷ་ཁང་། | རྙིང་མ། | ||
| ༥ | རླུང་རྟ་བྱེ་མའི་ལྷ་ཁང་། | རྙིང་མ། | ||
| ༦ | རྒྱ་ལ་དམ་ཆོས་ལྷ་ཁང་། | རྙིང་མ། | ||
| ༧ | ཀོང་ཙེ་དེ་མོ་ལྷ་ཁང་། | རྙིང་མ། | ||
| ༨ | ཐང་ཁྲ་དགོན། | འཕགས་པ་ལྷ། | བཀའ་བརྒྱུད།
|
|
| ༩ | མ་རིག་མདོ། | བཀའ་བརྒྱུད། | ||
| ༡༠ | རྫོང་མཁར་དགོན། | བཀའ་བརྒྱུད། | ||
| ༡༡ | ཆབ་ནག་རིན་བོ་དགའ་ལྡན། | ཀོང་པོ་ཇོ་བསྟན་པ་དར་རྒྱས། | དགེ་ལུགས། | |
| ༡༢ | རྨེ་ཕུ་དགོན། | སེམས་དཔའ་ཆེན་པོ། | དགེ་ལུགས། | |
| ༡༣ | གྲོག་ཁང་སྟེང། | སྤང་མཁར་བ་ཞལ་བ། | དགེ་ལུགས། | |
| ༡༤ | དེ་མོ་ལ་ཁཱི་ཆོས་སྡེ། | འཕགས་པ་ལྷ། | དགེ་ལུགས། | |
| ༡༥ | བཀྲིས་རབ་བརྟན། | རིན་ཆེན་རྣམ་རྒྱལ། | དགེ་ལུགས། | |
| ༡༦ | སྲིད་རྒྱལ་དགོན་ཆེན། | དུས་རབས་ ༡༤། | རི་པ་འབྲུག་གསས། | |
| ༡༧ | ཀོ་མོག་དགོན། | ཀརྨ་དུས་གསུམ་མཁྱེན་པ། | ||
| ༡༨ | གྲོག་ཁང་སྟེང། | སྤང་མཁར་བ་ཞལ་བ། | ||
| ༡༩ | ཁྲོ་དགོན། | |||
| ༢༠ | ཀོང་པོ་ཐང་འབྲོག་དགོན། | |||
| ༢༡ | བུ་ཆུ་གསེར་གྱི་ལྷ་ཁང་། | ཕྱི་ལོ་ ༦༤༡། | བཙན་པོ་སྲོང་བཙན་སྒམ་པོ། | |
| ༢༢ | རྩེ་ལྷ་སྒང་རི་ཁྲོད། | ཀརྨ་མི་བསྐྱོད་རྡོ་རྗེ། | ||
| ༢༣ | དཀར་ནག་རི་ཁྲོད། | |||
| ༢༤ | ཤོད་ཁ་རི་ཁྲོད། | |||
| ༣༥ | བྲག་དཀར་ཨ་ནི་རི་ཁྲོད། |
ལེ་ཚན། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | ཨྱོན་བདེ་ཆེན་གླིང་པ། | ཀོང་པུ་བུ་ཆུ། | རབ་བྱུང་ ༨ ཙམ། | དབང་ཕྱུག་རྡོ་རྗེའི་ཞལ་སློབ་ཡིན། |
| ༢ | མཚུངས་མེད་བསྟན་འཛིན་རྡོ་རྗེ། | ཀོང་པོ་ང་ལ་རི་སྟེང་། | ༡༥༣༢-༡༦༠༥ | ང་ལ་ནི་དྭགས་པོ་དང་སྣང་རྫོང་བར་ན་ཡོད། |
| ༣ | དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ། | བུ་ཆུ་གྲོང་། | ༡༧༢༣-༡༧༧༧ | རྒྱལ་ཚབ་གནང་བ་དང་བསྟན་རྒྱས་གླིང་བཏབ། |
| ༤ | མཚུངས་མེད་བསྟན་འཛིན་རྡོ་རྗེ། | ང་ལ་རི་སྟེང་། | ༡༥༣༢- | ཕྱིས་ཐང་འབྲོག་འོད་གསལ་རྩེའི་དགོན་དང་།ལོང་པོ་བདེ་ཆེན་དགོན་ཕྱག་བཏབ། |
| ༥ | བསོད་ནམས་དབང་པོ། | རྐྱེན་ཚ་གཞུག | ༡༥༥༢-༡༦༢༨ | སྟན་འཛིན་རྡོ་རྗེའི་ཞལ་སློབ། |
| ༦ | རྒོད་ཚང་པ་སྣ་ཚོགས་རང་གྲོལ། | ༡༦༠༨- | ||
| ༧ | ཞྭ་དམར་དཀོན་མཆོག་ཡན་ལག། | རྐྱེན་ཞེལ་མོ་ཆེ། | ༡༥༢༦-༡༥༨༨ | ཞྭ་དམར་སྐུ་ཕྲེང་ལྔ་པ་ཡིན། |
| ༨ | རྗེ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ། | གད་པ་སྐྱ་བོ། | ༡༧༢༤- | བཀའ་བརྒྱུད་པའི་སྐྱེས་ཆེན་ཞིགདགུང་ལོ་ཞེ་གསུམ་བཞུགས། |
| ༩ | དེ་མོ་ངག་དབང་བདེ་ལེགས་རྒྱ་མཚོ། | བུ་ཆུ་ལྷ་ཁང་། | ༡༧༢༣-༡༧༧༧ | དེ་མོ་སྐུ་ཕྲེང་དྲུག་པ། |
| ༡༠ | སྤྲུལ་སྐུ་རིག་འཛིན་ཀུན་བཟང་རང་གྲོལ། | འོ་ཐང་རྒྱལ། | སྦ་ཁ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ། | |
| ༡༡ | སྤྲུལ་སྐུ་བློ་བཟང་བཀྲ་ཤིས། | ཀོང་པོ་དགའ་ཆག | སྐྱོར་ལུང་མངའ་རིས་སྤྲུལ་སྐུ་སྐུ་ཕྲེང་བཞི་པ། | |
| ༡༢ | སྤྲུལ་སྐུ་བདེ་ཆེན་ཆོས་ཀྱི་ཉི་མ། | རྒྱ་ལ་སེང་གདོང་། | གོང་དཀར་བདེ་ཆེན་ཆོས་འཁོར་སྤྲུལ་སྐུ་སྐུ་ཕྲེང་བཞི་པ། | |
| ༡༣ | ཁྲི་ཆེན་བསྟན་འཛིན་ལེགས་བཤད། | བཀྲིས་རབ་བརྟན། | ༡༦༦༤ | དགའ་ལྡན་ཁྲི་ཐོག་སོ་དྲུག་པ། |
| ༡༤ | ཀུན་གཟིགས་ཆོས་ཀྱི་སྣང་བ། | ཏཱ་ཀླུ་སྡིངས། | འབྲུག་པ་སྐྱབས་མགོན་ཡིན། | |
| ༡༥ | གཏེར་སྟོན་དྲི་མེད་ལྷུན་པོ། | འོར་ཤོང་བཀྲིས་དཔལ། | གཏེར་སྟོན་གྲགས་ཅན་ཞིག་དང་།ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས་བསྙེན་པར་རྫོགས། | |
| ༡༦ | ཀུན་མཁྱེན་ངག་དབང་པདྨ། | ཀོང་པོ་རྐྱེན་བྱ་ཁྱུང་། | ཀོང་ཕྱོགས་རྙིང་མའི་བསྟན་འཛིན་རྨད་བྱུང་ཞིག | |
| ༡༧ | བླ་སྨན་ཨུ་རྒྱན་བསྟན་འཛིན་རྒྱ་མཚོ། | ཀོང་པོ་ཆབ་དཀར། | ||
| ༡༨ | འབྲུག་སྤྲུལ་བཀའ་བརྒྱུད་འཕྲིན་ལས། | ཨོ་རོང་། | ||
| ༡༩ | འབྲུག་སྤྲུལ་མི་ཕམ་བསྟན་འཛིན་རྣམ་རྒྱལ། | ཀླུ་སྡིང། | ||
| ༢༠ | པཎྜི་ཏ་དཀོན་མཆོག་ཡོན་ཏན་འབྱུང་གནས། | ཀོང་པོ་ལྗོན་པ་ལུང་། | ||
| ༢༡ | ཀརྨ་རོལ་པའི་རྡོ་རྗེ། | རྔོང་། | ༡༣༤༠-༡༣༨༣ | ཀརྨ་པ་སྐུ་ཕྲེང་བཞི་པ་ཡིན། |
ལེ་ཚན་གསུམ་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| མཁར། | བདེ་སྐྱིད་ཁང་གསར། | དེ་མོ། | ཕྱིས་ཀོང་ཡུལ་ཁྱོན་དུ་ཕྱུག་བདག་གི་རྩེར་སོན་ཁྱིམ་དུད་ཞིག་ཡིན། |
| མཁར། | བཟློག་དཔོན། | སྨན་གླིང་འགྲམ། | སྨན་གླིང་དང་ཉེ་བའི་རྒྱ་ལམ་སུམ་མདོའི་ཁར་བཟློག་དཔོན་ཞེས་བྱ་བའི་ཤིང་ལས་གྲུབ་པའི་མིའི་གཟུགས་བརྙན་ཆེན་པོ་ལིངྒ་དང་ལྡན་པ་ཞིག་ཡོད་པ་དེར་ཟེར། |
| མཁར། | དུང་མཚོ་ཚང་། | སྨན་གླིང་འགྲམ། | སྨན་གླིང་ཁུལ་གྱི་ཕྱུག་བདག་ཞིག་གི་ཁྱིམ་ཡིན། དུས་རབས་ཉི་ཤུའི་པའི་སྟོད་ཙམ་ནས་ཉམས་གུད་དུ་གྱུར་ཟེར། |
| གནས། | ལྷ་རི་གྱང་ཏོ། | རྩེ་ལྷ་སྒང་། | ལོ་རྒྱུས་སུ་ཡོངས་གྲགས་ལྟར་གཉའ་ཁྲི་བཙན་པོས་ཞབས་བཅགས་ཏེ་ཡར་ཀླུང་དུ་ཕེབས་རི། |
| བང་སོ། | ཀོང་བོན་རིའི་བང་སོ། | རྩེ་ལྷ་སྒང་། | མཆིམས་རུས་རྒྱུད་ཀྱི་བང་སོ་ཡིན་པར་གྲགས། |
| གནས། | རྒྱ་ལའི་རང་བྱུང་མཆོད་རྟེན། | རྒྱ་ལ། | ཀོང་སྨད་ཁུལ་དུ་ཡོད།འཇམ་དཔལ་ཐུགས་ཀྱི་རྟེན་ཡིན། |
| གནས། | ཕུ་ལུང་ཨ་མི་སྒང་ཕུག་གནས་རི། | ཕུ་ལུང། | གནས་རི་འདི་ནི་རིགས་གསུམ་མགོན་པོའི་གནས་རིར་དང་།རྗེ་པདྨ་ཀ་རས་གནས་སྒོ་ཕྱེ་བར་གྲགས། |
| གནས། | ཀོང་པོ་བོན་རི། | རྩེ་ལྷ་སྒང་། | སྟོན་པ་གཤེན་རབ་ཀོང་ཡུལ་དུ་བདུད་ཕྲུག་ཤོར་བ་རྐྱ་བདུན་འདུལ་བར་ཕེབས་སྐབས་སུ་རྫུ་འཕྲུལ་བསྟན་ནས་བསྐྲུན་པའི་གནས་རི་ཞིག་ཡིན།ཕྱི་ལོ་༡༣༣༠ལོར་བོན་འབྲུག་རྒྱལ་སྲས་ཞུ་བ་ཞིག་གིས་གནས་སྒོ་ཕྱེ། |
| གནས། | བདུད་རི་ཧ་ཤང། | ཀོང་ཡུལ་མཐིལ། | རི་དེ་ནི་ཆོས་རྒྱལ་དྲི་མེད་ཀུན་ལྡན་ཡབ་ཡུམ་གཉིས་དངོས་སུ་བཅགས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན་པར་གྲགས། |
| གནས། | བསྐུར་མ་མཚོ། | ཡར་གཙང་དང་ཉང་ཆུ་འདྲེས་མཚམས། | ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་བཙུན་མོ་མནྡེ་བཟང་མོས་སྲས་ལྕམ་སྲིང་གསུམ་ལ་ཤིང་ཏོག་བསྐུར་སའི་གནས་དེ་ཡིན། |
| གནས། | སྤྱན་ཆུ་མིག | བདུད་འཇོམས་བླ་གླིང་གི་ཉེ་འཁྲིས། | བདུད་འཇོམས་བླ་གླིང་དང་རྩེ་སྒང་བར་གྱི་རི་ལྡེབས་སུ་ཡོད།ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱིས་སྤྱན་སྦྱིན་པ་གཏོང་ཡུལ། |
| གནས། | བྱ་རྒྱལ་ཁྱུང་ཆེན་གྱི་གནས་རི། | བུ་ཆུ་མེ་རག་མདོ། | གནས་དེར་བྲག་རྡོ་གཅིག་སྟེང་དུ་བྱ་ཁྱུང་ཨ་མའི་རང་བྱོན་གྱི་རྡོ་གཤོག་སྒྲོ་དང་ལྡན་པ་ཞིག་ཡོད་པ་དེ་ལག་པས་སྒུལ་ན་འགུལ་རྒྱུ་སོགས་ཡོད་སྐད། |
| གནས། | མོན་མཚོ་དཀར། | ཀོང་བུ་ཆུའི་ཕུ། | མཚོ་དེའི་ཆུའི་ཁ་མདོག་འོ་མ་འདྲ་བ་ཡོད་ཟེར། |
| གནས། | ཀོང་པོ་སྨན་ལུང་། | སྨན་ལུང་། | སྨན་ལྷ་དྲང་སྲོང་རྣམས་ཀྱི་གནས།གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ལོ་མང་བཞུགས་ཤིང་།སྨན་དགོན་དང་སྨན་པ་འབུམ་རམས་སོགས་གསོ་སྐྱོང་གནང་ཡུལ། |
| གནས། | ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་སྒྲུབ་ཕུག | ཀོང་བུ་ཆུ། | ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱིས་དཀའ་ཐུབ་མཛད་ནས་བསམ་གཏན་དུ་བཞུགས་པའི་སྒྲུབ་ཕུག |
| གནས། | བདུད་འཇོམས་བླ་རི། | ཀོང་བུ་ཆུ། | དབུས་པད་མི་པདྨ་འོད་ཀྱི་གཞལ་ཡས་ཀྱི་བཀོད་པ་རྣམ་པ་བཀྲ་བ་དེ་ཡིན། |
| གནས། | སྨོན་ལམ་མཚོ་མོ། | ཀོང་བུ་ཆུའི་ཕུ། | མི་སོ་སོར་མཐོང་སྣང་སྣ་ཚོགས་བྱུང་བར་གྲགས། |
| གནས། | ཀོང་འཕྲང་རུབ་མོ། | ཀོང་ཆུ་བརླག | བོད་ཀྱི་ཡིག་རྙིང་ཁག་ནང་གསལ་བའི་ཀོང་ཆུ་བརླག་ཅེས་པ་དེ་ཡིན། |
| གནས། | རི་བོ་གནམ་ལྕགས་འབར་བ། | ཀོང་སྨད། | དམ་ཅན་མགར་བའི་ལྷ་ཚོགས་དང་བཙན་རྒོད་འབར་པ་སྤུན་བདུན་གྱི་གནས་ཡུལ་དུ་གྲགས། |
| གནས། | ཐིམ་བདེ་ཆེན་པདྨའི་སྒྲུབ་ཕུག | ||
| གནས། | བང་རི་གསང་སྔགས་ཕོ་བྲང་། | ||
| གནས། | རྡོ་ཇོ་བོ་དང་།ཆུ་ཇོ་བོ། | ||
| གནས། | རྦ་དོང། | ||
| གནས། | རྒྱ་ལ་དཔལ་རི། | རྒྱ་ལ། | |
| གནས། | རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག | ཀོང་བུ་ཆུའི་ཕུ། | |
| རྡོ་རིང་། | གླང་དཀར་རྡོ་རིང་། | སྨིན་གླིང་རྫོང་། | རྡོ་རིང་དེར་ཁྱོན་ཡིག་གེ་ཐིག་ཕྲེང་༣༡ལས་ཡིག་འབྲུ་༣༩ཀློག་ཐུབ་ཅིང་། རྡོ་རིང་གི་དབྱིབས་ནི། ཞབས་ར་གྲུ་བཞིར་དབུས་སུ་གླང་ཆེན་གྱི་གཟུགས་དབྱིབས་བརྐོས་པ་དང་། རྡོ་རིང་གི་དབུར་མཛེས་ཆོས་དང་ཆར་ཁེབས་ཀྱི་ཚུལ་དུ། ཟུར་གསུམ་ཅན་གྱི་རྡོའི་ཞྭ་མོར་མཐའ་ལ་ཉི་ཟླ་དང་དབུས་སུ་སེང་གེའི་འདྲ་རིས་བརྐོས་ཡོད། རྡོ་རིང་དེ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཕྱི་ལོ་༧༥༥-༧༩༧ བར་དུ་བཞེངས་པ་དང་། དེ་ནི་ཀོང་རྗེ་དཀར་པོ་ལ་གཙིགས་པར་གསལ།[1] |
[1] ཀུན་དགའ་ཡེ་ཤེས། ཀོང་པོའི་ཡུལ་གྱི་ལོ་རྒྱུས་གསང་གནད། སྦྲང་ཆར། ཕྱི་ལོ་ ༢༠༡༤།༣། ཤོག་ ༡༥༠།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།