དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ལྷོ་བྲག་རྫོང་གི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ལེ་ཚན་དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
ཐིག་ཕྱིས་དགོན། དུས་རབས་ ༡༣ ། ལྷོ་བྲག་ནམ་མཁའ་རྒྱལ་མཚན། བཀའ་བརྒྱུད།
དགའ་ལྡན་དོན་གཉིས་གླིང་། ཕྱི་ལོ་ ༡༦༤༩། ༸གོང་སོ་ལྔ་པ་ཆེན་པོ། དགེ་ལུགས།
མཁར་ཆུ་དགོན། དུས་རབས་ ༡༦། འབྲུག་པདྨ་དཀར་པོ། བཀའ་བརྒྱུད།
སྲས་མཁར་དགུ་ཐོག ཕྱི་ལོ་ ༡༠༧༧། མི་ལ་རས་པ། བཀའ་བརྒྱུད།

 

གྲོ་བོ་ལུང་།   མར་པ་ཆོས་ཀྱི་བློ་གྲོས། བཀའ་བརྒྱུད།
སྤྲོ་བ་དགོན།   ཤུད་བུ་དཔལ་གྱི་སེང་གེ། བཀའ་བརྒྱུད།
བསམ་གྲུབ་དགོན།     རྙིང་མ།
ལྷ་ལུང་དགོན།     རྙིང་མ།
བཀྲ་ཤིས་ཆོས་གླིང་དགོན།      
༡༠ ཆོས་སྡེ་དགོན།      
༡༡ སྒྲུམ་པ་ལྷ་ཁང་།     རྙིང་མ།
༡༢ སྨྲ་བོ་ལྕོག་དགོན།      
༡༣ ན་སྟེང་དགོན།      
༡༤ དགའ་ཐང་འབུམ་པ་ཆེ།      
༡༥ གནས་གཞི་དགོན།      
༡༦ མཁོ་མཐིང་རྣམ་སྣང་ལྷ་ཁང་། དུས་རབས་ ༡༨།    
༡༧ གཞའ་པའི་བླ་མཚོ།      
༡༨ ཡུལ་རབ་ལྷ་ཁང་།     རྙིང་མ།
༡༩ སྨེ་བ་རི་ཁྲོད།     རྙིང་མ།
༢༠ སྐུ་གསུམ་ལྷ་ཁང་།     རྙིང་མ།
༢༡ མཁས་ཤོད་ལྷ་ཁང་།     རྙིང་མ།
༢༢ སྤྲུལ་སྐུ་ལྷ་ཁང་།     རྙིང་མ།
༢༣ བྲག་ལྷ་ལྷ་ཁང་།     རྙིང་མ།
༢༤ བསམ་གྲུབ་དགོན།      
༢༥ དཔལ་ལྡན་སྤྲོ་བ་དགོན།      
༢༦ བན་པ་གྲུ་རལ་དགོན།      
༢༧ མཁའ་འགྲོ་བྱེ་བ་འབུམ་པ།      
༢༨ ཟངས་ཕུག      
༢༩ བཀྲ་ཤིས་དགེ་འཕེལ་དགོན།      
༣༠ སྨན་ཐང་སྐུ་གདུང་ལྷ་ཁང་།་      
༣༡ སླེའུ་ཆུང་འབུམ་པ།      
༣༢ ཆོས་སྡེ་དགོན།      
༣༣ ཚེ་སྐོར་ལྷ་ཁང་།      
༣༤ གུ་རུ་ལྷ་ཁང་།      
༣༥ དགོན་སེར་ལྷ་ཁང་།      
༣༦ སྐུ་ལྷ་མཁའ་རི།      

 

ལེ་ཚན་གཉིས་པ། གྲགས་ཅན་མི་སྣ།

ཨང་། མཚན། འཁྲུངས་ཡུལ། འཁྲུངས་འདས། མཆན།
ལྷོ་བྲག་ནམ་མཁའ་རྒྱལ་མཚན། སྒྲོ་བ་ལུང་། ༡༣༢༦-༡༤༠༡ རྗེ་ཙོང་ཁ་པའི་དབུ་བླ་ཐུན་མིན་བཞིའི་ཡ་གྱལ་ཡིན།
དཔའ་བོགཙུག་ལག་ཉིན་བྱེད་དབང་པོ། གྲོ་བོ་ལུང་། ༡༨༤༡-༡༩༠༩ གནས་ནང་དཔའ་བོའི་སྐུ་ཕྲེང་དགུ་པ་ཡིན།
རིག་འཛིན་འཕྲིན་ལས་ལྷུན་གྲུབ། བྱང་ཆུབ་གླིང་། ༡༦༢༢- ཟུར་ཆོས་དབྱིངས་རང་གྲོལ་གྱི་ཞལ་སློབ།
གཏེར་སྟོན་རནྟ་གླིང་པ། གྲུ་ཤུལ། ༡༤༠༣-༡༤༧༨ སྔགས་རྙིང་མའི་རྒྱུད་འབུམ་མཛད།
རྒོད་ཚང་མགོན་པོ་རྡོ་རྗེ། དོལ་པོ་ལུང་། ༡༡༨༩-༡༢༥༨ ཚེ་གང་སྒྲུབ་པ་གཞོལ་བས་རྒོད་ཚང་ཞེས་ཐོགས།
མཁས་གྲུབ་ཁྱབ་བརྡལ་ལྷུན་གྲུབ། མཁར་ཆུ། ༡༢༢༣-༡༣༠༣ ཀློང་ཆེན་རབ་འབྱམས་ཀྱི་ཞལ་སློབ་སྐྱེས་ཆེན་ཞིག
འཁྲུལ་ཞིག་རིན་པོ་ཆེ། མཁར་ཆུ། ༡༢༢༣-༡༣༠༣ སྙེ་མདོ་ཐམས་ཅད་མཁྱེན་པའི་ཞལ་སློབ།
གཏེར་སྟོན་སྐུ་ཚ་སྟོན་པ། ལྷོ་བྲག་རྫོང་། དུས་རབས་ ༡༡། གཏེར་སྟོན་ཞིག་དང་གསོ་དཔྱད་མཁས་པ།
སྤྲུལ་སྐུ་སྣ་ཚོགས་རང་གྲོལ། སྨན་ཐང་། ༡༤༣༤-༡༥༡༠ གྲའུ་ཡུལ་དུ་དར་རྒྱས་ཆོས་སྡིངས་རི་ཁྲོད་བཏབ།
༡༠ དབུ་མ་ནམ་མཁའ་ཤེས་རབ། ལྷོ་བྲག་རྫོང་། དུས་རབས་ ༡༢། རྒྱ་མ་སངས་རྒྱས་དབོན་གྱི་ཞལ་སློབ།
༡༡ མར་པ་ཆོས་ཀྱི་བློ་གྲོས། ལྷོ་བྲག་རྫོང་། ༡༠༡༢-༡༠༩༧ བཀའ་བརྒྱུད་ཀྱི་གྲུབ་མཐའ་སྲོལ་གཏོད་པོ།
༡༢ བཙུན་པ་དགེ་བ་སྐྱོང་། ལྷོ་བྲག་རྫོང་། དུས་རབས་ ༡༡། ཇོ་བོ་རྗེའི་དངོས་སློབ་གྲགས་ཆེ་བ་ཞིག
༡༣ ཤུད་པུ་རྒྱལ་བ་དཔལ་བཟང་། ལྷོ་བྲག་རྫོང་། དུས་རབས་༡༤། ཤུད་པུའི་རིགས་ཆོས་འདུལ་བ་ལ་མཁས་པ།
༡༤ ཤུད་པུ་རྒྱལ་སྲས་བཟང་པོ། ལྷོ་བྲག་རྫོང་། དུས་རབས་༡༣། ལམ་རིམ་བླ་རྒྱུད་ཀྱི་བླ་རབས་སུམ་ཅུ་པ།
༡༥ ཤུད་པུ་ནམ་མཁའ་རྒྱལ་པོ། ལྷོ་བྲག་རྫོང་། དུས་རབས་༡༣། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉེར་བདུན་པ་ཡིན།
༡༦ ཤུད་པུ་ནམ་མཁའ་བཟང་པོ། ལྷོ་བྲག་རྫོང་། དུས་རབས་༡༣། ལེགས་སྦྱར་ལའང་བྱང་ཆུབ་པ་ཞིག་ཡིན།
༡༧ ཤུད་པུ་དཔོན་ཆེན་སེང་གེ། ལྷོ་བྲག་རྫོང་། དུས་རབས་ ༡༢། གྲུབ་ཐོབ་ཆེན་པོ་ཞིག་ཡིན།
༡༨ ཤུད་པུ་སེང་གེ་བཟང་པོ། ལྷོ་བྲག་རྫོང་། དུས་རབས་༡༣། ལམ་རིམ་བླ་བརྒྱུད་ཀྱི་བླ་རབས་ཉེར་བརྒྱད་པ་ཡིན།
༡༩ གསེར་ཁང་བློ་གྲོས་རྒྱ་མཚོ། ལྷོ་བྲག་རྫོང་། དུས་རབས་ ༡༦། བྱ་ཁྱུང་དགོན་གྱི་མཁན་རབས་བརྒྱད་པ་ཡིན།
༢༠ ལྷོ་པ་དྷརྨ་སྐྱབས། ལྷོ་བྲག་རྫོང་། དུས་རབས་༡༣། ཁ་རག་སྐོར་གསུམ་གྱི་གདམས་རྒྱུན་པ།
༢༡ ལྷོ་བྲག་བསྟན་འཛིན་ནོར་བུ། དཀར་པོ་ཤང་། དུས་རབས་ ༡༧། སྨན་ལུགས་ཀྱི་བྲིས་པ་མཁས་ཅན།
༢༢ ལྷོ་བྲག་ཐར་པ་བཟང་པོ། ལྷོ་བྲག་རྫོང་། དུས་རབས་ ༡༦། བྱ་ཁྱུང་དགོན་གྱི་མཁན་རབས་བདུན་པ་ཡིན།
༢༣ ལྷོ་ལ་ཡག་པ་བྱང་ཆུབ་དངོས་གྲུབ། ལྷོ་བྲག་རྫོང་། དུས་རབས་ ༡༢། སྒམ་པོ་བའི་ཞལ་སློབ་ཞི་མཛེས་ཀྱི་སློབ་མ་ཞིག་གོ།
༢༤ ཨོ་རྒྱན་བདེ་ཆེན་གླིང་པ། ལྷོ་བྲག་རྫོང་། དུས་རབས་ ༡༧། ཐང་ཡིག་གི་ལུང་གིས་ཟིན་པའི་གཏེར་སྟོན།
༢༥ ཨོ་རྒྱན་མདོ་སྔགས་གླིང་པ། ལྷོ་བྲག་རྫོང་། དུས་རབས་ ༡༥། ཐང་ཡིག་གི་ལུང་གིས་ཟིན་པའི་གཏེར་སྟོན།
༢༦ མཁན་ཆེན་ཆོས་སྐྱབས་བཟང་པོ། གཉལ། དུས་རབས་༡༣། ཀུན་མཁྱེན་མཚོ་སྣ་བའི་ཞལ་སློབ།
༢༧ ཉང་ཉི་མའི་འོད་ཟེར། གཏམ་ཤུལ། ༡༡༢༤-༡༢༧༠ ཉང་ཆོས་འབྱུང་ངམ་རྩོམ་པ་པོ།
༢༨ རྡོར་བྲག་སྐལ་བཟང་པདྨ་དབང་རྒྱལ། གྲོ་བོ་ལུང་། ༡༨༤༨- དགུང་ལོ་སོ་གསུམ་ཁར་ཞི་བར་གཤེགས།
༢༩ གུ་རུ་ཆོས་ཀྱི་དབང་ཕྱུག ལྷོ་བྲག་ལ་ཡག ༡༢༡༢-༡༢༧༠ རྙིང་གཏེར་ཐོག་མར་དར་སྤེལ་མཛད་པོ་ཡིན།
༣༠ བདག་མེད་མ།   -༡༠༩༥ མར་པ་ལོ་ཙཱ་བའི་བཙུན་མོ་དགུའི་ཡ་གྱལ།
༣༡ ལོ་ཆེན་ནམ་མཁའ་བཟང་པོ། ལྷོ་བྲག དུས་རབས་༡༣།  
༣༢ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷོ་བྲག་ཆུང་། དུས་རབས་ ༨། གུ་རུ་རིན་པོ་ཆེའི་གསང་ཡུམ་ཡིན།
༣༣ སྨན་བླ་དོན་གྲུབ། སྨན་ཐང་། དུས་རབས་ ༡༨ སྨན་ལུགས་རི་མོའི་སྒྱུ་སྩལ་སྲོལ་བཏོད་པོ་ཡིན།
༣༤ ཤེའི་རྒྱལ་སྲས་ལེགས་ལྡན། སེ་བ་ལུང་། ༡༢༩༠-༡༣༦༦  
༣༥ མཁན་ཆེན་རྒྱལ་སྲས་བཟང་པོ། ལྷོ་བྲག    
༣༦ གཏེར་སྟོན་པ་མཁལ་སྨུག་པོ། ལྷོ་བྲག་རྫོང་།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༣༧ གཏེར་སྟོན་ཀུ་ས་སྨན་པ། ལྷོ་བྲག།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།བཻ་རོའི་སྐྱེ་མཐར་ཡིན།
༣༨ གཏེར་སྟོན་མདོ་སྔགས་གླིང་པ། འཕྱོང་ལུང།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༣༩ རྒྱ་ཕུར་བ། ལྷོ་བྲག།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ།
༤༠ མགོན་པོ་རིན་ཆེན། གཏམ་ཤུལ།   གཏེར་སྟོན་བརྒྱ་རྩའི་ཡ་གྱལ

 

ལེ་ཚན་གསུམ་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
བང་སོ། སྐྱིད་འདུས་བང་སོ། སྐྱིད་འདུས་གྲོང། ཁུལ་དེར་ཁྱོན་བང་སོ་ཁག་ ༤༨ ཡོད། དེ་དག་མུ་ནེ་བཙན་པོ་ཡབ་སྲས་ཀྱི་བློན་ལྡེ་སྨན་ལྡེ་ཅུང་གི་ཁྱིམ་རྒྱུད་ཀྱི་བང་སོ་ཡིན་པར་བཞེད།
བྲག་བརྐོས། ལྷོ་བྲག་བཙན་པོའི་བྲག་བརྐོས། འདུས་འབྱུང་གྲོང་ཚོ། ཁུལ་དེར་བྲག་བརྐོས་ཁག་གཉིས་ཡོད། བྲག་ཏུ་བརྐོས་ལོ་སོགས་གསལ་ཁ་མེད་ཀྱང་ནང་དོན་ནི་ལྡེ་སྨན་ལྡེའུ་ཅུང་ལ་གཟིགས་བཟོས་དང་། ཆོ་ལོ་སོགས་གནང་བའི་མནའ་གཙིགས་ཡིན།
གནས། མཁར་ཆུ་ཕུག་རིང་། མཁར་ཆུ། གུ་རུ་རིན་པོ་ཆེས་རྗེས་འབངས་ཉེར་ལྔར་དབང་བསྐུར་མཛད་ས།
གནས། ཚེ་ལམ་དཔལ་རི།   གནས་འདིར་གུ་རུའི་ཞབས་རྗེས་རྩེ་ཁྲུ་གང་ལས་མཐོ་གང་ལྷག་སོགས་མཆིས།
གནས། བྲག་སྲིན་མོ་སྦར་རྗེས། ལྷོ་བྲག། མངའ་བདག་ཉང་གི་གཏེར་གནས་ཡིན།
གནས། དཔལ་གྱི་ཕུག་རིང་། མཁར་ཆུ། གནུབས་ནམ་མཁའི་སྙིང་པོའི་ཡང་དག་སྒྲུབ་གནས་ཡིན།
གནས། མཁར་ཆུ་ལྕགས་ཕུར་ཅན། མཁར་ཆུ། གུ་རུ་རིན་པོ་ཆེའི་སྒྲུབ་གནས་ཁྱད་པར་ཅན་གུ་རུ་ཆོས་དབང་གི་གཏེར་གནས་ཡིན།
གནས། ལྷ་མོ་མཁར་ཆེན། མཁར་ཆུ། ཡུལ་ཉེར་བཞིའི་ཡ་གྱལ་དེ་བཱི་ཀོ་ཊ་ཡིན་པར་བཞེད།
གནས། ཚེ་ལམ་དཔལ་གྱི་རི། མཁར་ཆུ། ཨོ་རྒྱན་གྱི་སྒྲུབ་ཕུག་དང་ཚེ་ཆུ་སོགས་ཡོད།
གནས། ལྟག་གཉའ་ལུང་བསྟན་ཕུག གྲོ་བོ་ལུང་། མི་ལའི་སྒྲུབ་གནས་ཡིན།
གནས། སྒྲུབ་མཚོ་པདྨ་གླིང་། གྲོ་བོ་ལུང་། ཁུལ་དེར་ཕྱག་རྡོར་སྐུ་གཏེར་བྱོན་སོགས་ནང་རྟེན་ཁྱད་འཕགས་བཞུགས།
གནས། ལྷོ་བྲག་མཁར་ཆུ། མཁར་ཆུ། གནས་འདིར་སློབ་དཔོན་རིན་པོ་སྒོམ་སྒྲུབ་གནང་མྱོང་བས་གནས་རྩ་ཆེན་ཞིག་ཏུ་བརྩི།
གནས། ལྷོ་བྲག་སྲས་མཁར་དགུ་ཐོག ལྷོ་བྲག། རྗེ་མར་པའི་ཞལ་སློབ་རྗེ་བཙུན་མི་ལ་རས་པ་བཞེངས།
མཁར། རྒྱལ་དོན་གྲུབ་རྫོང་ཤུལ།    
མཁར། ལྷོ་བྲག་རྡོ་མཁར་ཆེན་མོ།    
རྫོང་། ལྷོ་བྲག་དོ་བོ་རྫོང་ཤུལ།    
       

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།