སྤེལ་ཞིབ་ཕྲ།

དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཉང་པོ་ལྷ་གསོལ་དང་ཇོ་མོའི་བི་ཤུའི་འགྲན་བསྡུར།

ས་བཅད་བརྒྱད་པ། དམངས་སྲོལ། ༡ ཉང་པོ་ལྷ་གསོལ་དང་ཇོ་མོའི་བི་ཤུའི་འགྲན་བསྡུར།   རྫོང་དེའི་དཔོན་འབངས་མི་སེར་སྤྱི་ནས་སྲུང་བརྩི་བྱེད་པའི་ཉང་པོ་ལྷ་གསོལ་ཞེས་པ་ནི། བོད་ཀྱི་གདོད་མའི་ཆོས་ལུགས་བོན་དང་འབྲེལ་བའི་སྤྱི་ཚོགས་ཀྱི་དུས་སྟོན་ཞིག་ཡིན་འདུག་ཅིང་། དེ་ཡང་། བོན་རིར་གནས་པའི་བོན་གྱི་སྟོན་ཤེས་རབ་ཀྱི་སྐུ་གསུང་རྟེན་བྱིན་རླབས་ཅན་བོར་སྟོར་དུ་ཤོར་བ། ཡུལ་དེའི་ལྷ་སྡེ་མི་སྡེས་དཔུང་དམག་དང་བཅས་སླར་ཡུལ་དུ་གདན་དྲངས་པའི་ལྷ་བསུའི་དགའ་སྟོན་ཞིག་ཡིན་འདུག་ཅིང་།
མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་གི་རྣམ་ཐར།

༄༅།། མཁས་དབང་དགེ་སློང་རྣམ་རྒྱལ་དབང་ཆེན་མཆོག་གི་རྣམ་ཐར། ཕྱི་ནང་གི་རིག་གནས་རྒྱ་མཚོའི་ཕར་མཐའ་སོན་པ་གྲུབ་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མདོ་སྔགས་གཞུང་ལུགས་རབ་འབྱམས་སྨྲ་བ་བཀའ་དྲིན་ཟླ་མེད་ཡོངས་ཀྱི་དགེ་བའི་བཤེས་ཆེན་པོ་དགེ་སློང་རྣམ་རྒྱལ་དབང་ཆེན་དཔལ་བཟང་པོ་མཆོག་ནི། ཕྱི་ལོ་ ༡༩༣༤ ལོར་ལྷ་སར་ཕ་ར་སྤྱི་སོའི་གཟིམ་ཤག་བསམ་ལྡིང་དུ་ཡབ་ཀུན་དགའ་དང་། ཡུམ་བསམ་གཏན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།

ས་བཅད་བདུན་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། ལེ་ཚན་དང་པོ། དགོན་སྡེ། ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད། ༡ རྫོང་ཆུང་སྟེང་། འཕྲུལ་ཞིག་གཡུང་དྲུང་ཚུལ་ཁྲིམས། བོན། ༢ སྟག་རྩེ་གཡུང་དྲུང་གླིང་། ཕྱི་ལོ་ ༡༦༢༠ ཙམ་ལ། སྡོང་སྒོམས་བསྟན་པ་ལྷུན་གྲུབ། བོན། ༣ སྟག་བྲོ་གཡུང་དྲུང་ཚལ། སྐུ་མདུན་སྨོན་ལམ་བཀྲ་ཤིས། བོན། ༤ རྒྱབ་རིང་ལྷ་རི་གྱང་ཏོ་དགོན། རྗེ་རི་མི་འགྱུར་རྒྱལ་མཚན། བོན། ༥ དགོན་པ་སྟེང་། ཁྱུང་སྤྲུལ་གཡུང་དྲུང་ཕུན་ཚོགས། བོན། ༦ སྲིད་རྒྱལ་དགོན་ཆེན། ཕྱི་ལོ་ ༡༣༣༠ ཙམ། རི་པ་འབྲུག་གསལ་ཀྱིས་ཕྱག་བཏབ།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཇོ་མོ་རྫོང་གི་རྫོང་གཞིས་ཀྱི་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།

  ལེ་ཚན་གཉིས་པ། རྫོང་གཞིས་ཀྱི་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། གཅིག རྫོང་གཞིས་འགྲོ་སྟངས།   སྔར་གྱི་ཀོང་པོ་ཇོ་མོ་རྫོང་ནི་དེང་གི་ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་གྱི་ཁ་གཏད་ཉང་ཆུ་གཙང་པོའི་ལྷོ་ངོས་ཇོ་མོ་རི་བོའི་སྣེ་གདོང་ལ་ཆགས་ཤིང་། དེ་སྔའི་རྫོང་སྡོད་རིམ་པའི་ཁྲལ་བསྡུ་ཁྲིམས་གནོན་སོགས་གཞུང་དོན་བསྒྲུབ་ཡུལ་འཛིན་སྐྱོང་ལྟེ་གནས་ཀྱི་ཆགས་དབྱིབས་རྒྱ་ཁྱོན་ལ་མཚོན་ན། མཁར་རྫོང་དེའི་དཀྱུས་ལ་སྨི་ ༣༠༠ དང་ཞེང་སྨི་ ༡༠༠ ཙམ་གྱི་ས་ཁྱོན་སྟེང་ཐོག་བརྩེགས་ཉིས་ཅན་གྱི་རྫོང་ཁང་རྒྱལ་སྒོ་ལྷོ་གཏད་ཅན་ཞིག་ཡོད་ཅིང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྲུག་པ། ཀོང་པོ་ཇོ་མོ་རྫོང་གི་གཞི་རིམ་ལོ་རྒྱུས།

དྲུག་པ། ཇོ་མོ་རྫོང་།  ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། ཇོ་མོ་རྫོང་གི་མིང་ཆ་ཚང་བར་ཇོ་རྫོང་གཡུལ་རྒྱལ་རབ་བརྟན་རྫོང་།[1] ཞེས་འབོད་ཅིང་། ད་ལྟའི་ཉིང་ཁྲིའི་ཁོངས་གཏོགས་ཀྱི་ནུབ་བྱང་ཕྱོགས་སུ་ཡོད། གནའ་དུས་ཁུལ་དེར་བྲག་ཕྱིའམ་སེ་མོ་གཉན་ཁྲི་ཞེས་འབོད་ཀྱི་མེད་དམ་སྙམ། རྫོང་དེའི་མིང་ལ་ཇོ་ཞེས་ཐོགས་དོན་གང་ཡིན་ད་ཕན་གསལ་ཁ་མེད་མོད། ཀོང་པོ་ཕུ་ཆུ་གསེར་གྱི་ལྷ་ཁང་གི་ཇོ་བོ་ཐུགས་རྗེ་ཆེན་པོ་དང་འབྲེལ་བ་ཞིག་མེད་དམ་སྙམ།
གུ་རུའི་མཚམས་ཕུག་བྱིན་ཆེན་སྒྲགས་ཡང་རྫོང་།

༄༅། །གུ་རུའི་མཚམས་ཕུག་བྱིན་ཆེན་སྒྲགས་ཡང་རྫོང་། མཚན་རྒྱས་པར་སྒྲགས་ཀྱི་ཡང་རྫོང་གཤིན་རྗེ་རོལ་པའི་ཕོ་བྲང་ཞེས་ཞུ། ཚར་གསེབ་རི་ཁྲོད་ནས་མུ་མཐུད་གྱེན་དུ་རྐང་ཐང་མར་ཆུ་ཚོད་གཉིས་མ་ཟིན་ཙམ་སོང་ན་སྒྲགས་ཡང་རྫོང་དུ་སླེབས། སྒྲུབ་ཕུག་དེ་ནི་གུ་རུ་རིན་པོ་ཆེས་རྫོང་སྐུ་འབུམ་གྱི་ཡང་རྫོང་པད་མ་རྩེ་ནས་ནུབ་བྱང་མཚམས་ཀྱི་ངོ་མཚར་ཅན་དེར་གཟིགས་པས་ཡང་གཅིག་བལྟས་པས་ཡང་རྫོང་མཐོང་གསུང་ནས་སྒྲགས་ཡང་རྫོང་གི་གནས་སྒོ་ཕྱེས།