སྤེལ་ཞིབ་ཕྲ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མེ་ཏོག་རྫོང་གི་ཐོན་སྐྱེད་དང་། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།
ས་བཅད་བཞི་པ། ཞིང་ནགས་ཐོན་སྐྱེད་དང་ཐུན་མིན་ཐོན་ལས། པདྨ་བཀོད་དམ་མེ་ཏོག་རྫོང་ནི་ཞིང་ལས་དང་ནགས་ལས་གཉིས་གཙོ་བོ་གཉེར་བའི་ཁུལ་ཞིག་ཡིན་ཞིང་། ཞིང་ལས་ཐད་རྨོ་ཞིང་མུའུ་ཁྲི་ ༡.༦ ཡོད་པ་ནང་ལོ་ཏོག་གཙོ་བོ་འབྲས་ཆེན། འབྲས་ཆུང་། མ་རྨོས་ལོ་ཏོག གྲོ ནས། སྲན་མ། སྲན་ཆུང་། སྲན་སེར། ཁྲེ། ཙེ་ཙེ། མོན་རྒྱགས། བྲ་མོ། པད་ཁ། སི་པན། བ་དམ། ཏིལ། བུར་ཤིང་།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མེ་ཏོག་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་འགོ། རི་ཆུ་མཚོ་གསུམ།
ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་འགོ། གཅིག རྫོང་གཞིས་འགྲོ་སྟངས། དེ་ཡང་། སྔར་གྱི་པདྨ་བཀོད་འཛིན་སྐྱོང་ཚོ་ཁག་དྲུག་ནི།《པདྨ་བཀོད་ཡུལ་གྱི་བཀོད་པ་དང་བྱུང་རབས་ལོ་རྒྱུས་མདོར་བསྡུས།》ལས། པདྨ་བཀོད་ཀྱི་ཚོ་དྲུག་ནི་ཁ་སྤུ་ཚོ་དང་། ཏམ་བུ་ཚོ། ཧོར་ཚོ། བི་སྤུང་ཚོ། ས་དཀར་ཚོ། རྟ་རྔམ་ཚོ།[1] བཅས་ཡིན་པ་གསལ་ལ། རྟ་རྔམ་ཚོ་ཁོངས་རྣམས་ད་ལྟ་རྒྱ་གར་ཨ་རུན་ན་ཅལ་མངའ་ཁོངས་ཡིན།[2] ཞེས་གསུངས་འདུག ཡང་《སྤོ་བོའི་ལོ་རྒྱུས།》ལས། མོན་ཚོ་ཁག་ལྔ་ནི་ཏམ་བུ་ཚོ་དང་། ཧོར་ར་ཚོ། སྤི་སྤུངས་ཚོ། ས་དཀར་ཚོ།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་སྨན་གླིང་གི་དམངས་ཁྲོད་དང་། མེ་ཏོག་རྫོང་གི་གཞི་རིམ་ལོ་རྒྱུས།
ས་བཅད་བདུན་པ། དམངས་སྲོལ། དང་པོ། དུང་མདོག་གྲོང་ཚོའི་དུང་ཏོག་གར་པ་དང་གནས་ཡུལ་གྲོང་ཚོའི་གཡག་མཇུག་གར་པ། དུང་ཏོག་གྲོང་ཚོའི་དུང་ཏོག་གར་པ་ཞེས་པ་ནི་སྨན་གླིང་བཀྲིས་རབ་བརྟན་དགོན་གྱི་གར་འཆམ་གྱི་ལེ་ཚན་དགུ་པ་དགའ་སྨུག་གར་པ་ཞེས་པ་དེ། རྗེས་སོར་དུང་ཏོག་གྲོང་ཚོར་རིམ་གྱིས་དར་བས་མི་རྣམས་ཀྱིས་དུང་ཏོག་གར་པ་ཞེས་བརྗོད་སྲོལ་ཆགས། དེ་ཡང་། ལོ་རེའི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དུང་ཏོག་གྲོང་ཚོ་ནས། ཆེད་མངགས་རབ་བརྟན་དགོན་དུ་གར་འཁྲབ་ཏུ་བསྐྱོད་དགོས་པ་མ་ཟད། ལོ་འཁོར་གསུམ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཡུལ་དེའི་དར་ཆེན་སྐུ་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོར་ཡང་གར་དེ་འཁྲབ་སྲོལ་ཡོད།[1]
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་དང་། སྲོག་ཆགས། སྐྱེ་དངོས། གཏེར་ཁ།
ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་། ཉིང་ཁྲི། དམག་དཔོན། རྩེ་ལ། ཨ་ཤག སྨད་རྡོ། སྤྲིན་འཁོར། སྐར་མ་དང་། གྲོང་གསར། རྒྱ་ར་ཁ། ཕོག་རྩེ། སྨད་གླིང་། ཟ་ཡུལ། ཐང་ཁ། སྒང་མཁར། ཕྱིན་པ་མདོ། བྱེ་མ་གླིང་། རྡོ་གྲོང་།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། རྩེ་ལྷ་སྒང་རྫོང་འོག་གཞིས་ཀ་ཆེ་གྲས་དང་། གཞུང་སྒེར་ཆོས་གསུམ་སྐོར།
ལེ་ཚན་གསུམ་པ། རྫོང་འོག་གཞིས་ཀ་ཆེ་གྲས། གཅིག། ཨོ་རོང་གཞིས། དེ་སྔ་རྩེ་ལྷ་སྒང་རྫོང་འོག་ཨོ་རོང་གཞིས་ནི་ཀོང་སྟོད་ཕྱོགས་སུ་ཡོད་ཅིང་། ཁྲིམས་འགོ་རང་བཙན་ལྟ་བུའི་གཞིས་ཀ་ཆེ་གྲས་ཤིག་རེད། དེ་ཡང་། ཨོ་རོང་རྙིང་ཁུངས་མི་ཐོག་རིམ་པས་ཙ་རི་རོང་སྐོར་སྤྱི་ཁྱབ་བྱས་པའི་ཡིག་ལམ་མང་པོ་ཞིག་འདུག་པ་དེ་དག་ཁྲོད་དུ། ཨོང་རོང་པས་རོང་སྐོར་སྤྱི་ཁྱབ་སྔར་རྒྱུན་ལྟར་དགོས་པའི་བོད་གཞུང་གི་བཀའ་རྒྱ་དང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་རྩེ་ལྷ་སྒང་གི་རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ།
ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་། ཁྲལ་འུ་ཁྲིམས་འགོ། གཅིག རྫོང་གཞིས་འགྲོ་སྟངས། རྩེ་ལྷ་སྒང་རྫོང་གི་སྲིད་འཛིན་གྱི་གནས་གཞི་ལྟེ་བ་ནི་དེང་ཉང་ཆུ་དང་ཡར་ལུང་གཙང་པོ་འདྲེས་མཚམས་ཀྱི་གསུམ་མདོའི་སྣེ་མོར་ཆགས་ཤིང་། འཛིན་སྐྱོང་གཞུང་ལས་ཁང་དེ་བཞིན་རྫོང་ཁང་ཐོག་རྩེགས་གསུམ་ཅན་རྒྱལ་སྒོ་ལྷོ་བལྟས་ཀྱི་མཁར་རྫོང་ཞིག་ཡིན་པ་དང་།[1] སྲིད་འཛིན་སྒྲིག་གཞིའི་ཐད་དང་ཐོག་རྫོང་དཔོན་སྐྱ་བོ་ཞིག་དང་ཕྱིས་སྐྱ་སེར་གཉིས་དབུས་གཞུང་ནས་བསྐོ་བཞག་མཛད་ཅིང་།

