Featured on ཡུལ་སྡེ།

སྤེལ་ཞིབ་ཕྲ།

ཡུལ་འཕྲག་རྩེའི་མིང་གི་སྐོར་རགས་ཙམ་གླེང་བ།

ཡུལ་འཕྲག་རྩེའི་མིང་གི་སྐོར་རགས་ཙམ་གླེང་བ། བོད་བཞུགས་བུད་མེད་གཞོན་སྐྱེས་རྩོམ་པ་པོ། གླེང་བ་པོ། ལ་སྟོད་ཚེ་རིང་། སྒང་པ་བོད་ཀྱི་ཆགས་ཚུལ་ལས་རིམ་བཞིན་ཆུང་མཐའ་ཡུལ་ལུང་ཁུག་ཕྱོགས་དབར་གྱི་སྔོན་གྱི་བྱུང་རབས་དང་། ད་ལྟའི་གནས་བབས། སླད་མའི་ཆག་འཇིག་གི་ཐད་ལ་བསམ་གཞིག་དང་བརྟག་དཔྱད་བྱེད་དགོས་པའི་འོས་འགན་ཞིག་དང་འདུ་ཤེས་ཤིག་ང་ཚོ་གཞོན་རབས་པར་ཡོད་དགོས་ཤིང་། ང་ཚོས་རྒན་རབས་ཚོའི་ངག་རྒྱུན་དག་ལོ་རྒྱུས་དེབ་ཐེར་གྱི་དཔེ་རུ་བླངས་ནས་རང་ཉིད་ལ་བློ་འདྲི་ཚ་འདྲིས་ནན་གྱིས་འཇུག་སྟེ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་གཞུང་སྒེར་ཆོས་གསུམ་དང་། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

ལེ་ཚན་གསུམ་པ། གཞུང་སྒེར་ཆོས་གསུམ། རྫོང་དེའི་མངའ་ཞབས་སུ་གཏོགས་པའི་གཞུང་སྒེར་ཆོས་གསུམ་ཞིབ་ཁྲའི་ས་རིས་བདག་ཐོབ་ཁ་གྲངས་ལ་མཚོན་ན། འཕྱོང་རྒྱས་རྫོང་ཞབས་ཀྱི་གཞུང་རྒྱུག་ཏུ་ཤར་ཁ། འཕྲེང་དཀར། དར་རྒྱས་རབ་བརྟན། གཡོ་བྱེད། ལྡིང་བུ། སྦམ་སོ་གཞུང་རྒྱུག་རྒྱལ་ཆེན་ཁོ་ཚང་པ། ཤ་བསེས་སྨད། ཆགས་མ། ཁུ་མི། ལྡིང་ཆ་ཤར་ནུབ། ཞུན་པ། ལྡུམ་པ། ཉང་ཆུང་པ།  སྒང་དང་། སེ་ལ་སྨད། ཡང་པོ་བྱང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་ཀྱི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་གནོན། གཅིག རྫོང་གཞིས་འགྲོ་སྟངས། སྔར་གྱི་འཕྱོངས་རྒྱས་རྫོང་སྲིད་གཞུང་ཆགས་ཡུལ་ནི་རྫོང་གི་ལྷོ་ནུབ་ཕྱོགས་སུ་གནས་པའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིས་ ༣༩༠༠ བྲག་རྫོང་དེ་ཡིན་ལ། དེ་སྔའི་རྫོང་མཁར་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་སྙོམ་གྲུ་བཞི་མ་ཆིག་སྟོང་དྲུག་བརྒྱ་ཡོད་པར་རྫོང་གི་ལས་ཁུངས་ཆེ་ཕྲ་ཁག་རིམ་པར་ཆགས་ཡོད། དེ་ཡང་གོང་དུ་བྱུང་བ་ལྟར་འཕྱོངས་རྒྱས་རྫོང་གི་སྲིད་འཛིན་སྒྲིག་གཞིའི་ཐད་རྫོང་དཔོན་སྐྱ་བོ་གཅིག་གིས་སྐྱོང་བའི་རྫོང་ཞིག་ལས་ཕྱིས་སེར་སྐྱ་ཟུང་གིས་སྐྱོང་བའི་འོག ལས་དྲུང་དང་།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། འཕྱོངས་རྒྱས་རྫོང་གི་གཞི་རིམ་ལོ་རྒྱུས། ༡)

འཕྱོངས་རྒྱས་རྫོང་། ས་བཅད་དང་པོ། རྫོང་གི་གཞི་རིམ་ལོ་རྒྱུས། ལེ་ཚན་དང་པོ། རྫོང་གི་མིང་ཐོགས་ཚུལ། འཕྱོངས་རྒྱས་ཞེས་པའི་ཡུལ་མིང་ནི་ཡུལ་དེའི་ལྷོ་ངོས་ཀྱི་ཆུ་འགོ་ནོར་བུ་རི་ནས་བཙན་པོ་སྲོང་བཙན་གྱིས་ནོར་བུ་འཕྱོངས་ཕྲུ་གང་པོ་ཞིག་གཏེར་ནས་བཞེས་པས་དེ་ལྟར་ཐོགས་པར་གྲགས། ཞེས་དང་། ཡང་རྫོང་དེའི་ཤར་ལྷོའི་མཚམས་སུ་འཕྱོངས་ཕུ་ཞེས་འབོད་པའི་ལུང་ཤུར་དེར་ནོར་བུའི་དབྱིབས་ཅན་གྱི་རི་རྒྱལ་ཞིག་ཡོད་པར་འཕྱོངས་ནོར་བུ་རིར་གྲགས། ཞེས་གསུངས།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དྭགས་ཀོང་སྤྱི་ཁྱབ་གསར་འཛུགས་བྱེད་དོན་དང་དུས་སྐབས།

དྭགས་ཀོང་སྤྱི་ཁྱབ། གཅིག དྭགས་ཀོང་སྤྱི་ཁྱབ་གསར་འཛུགས་བྱེད་དོན་དང་དུས་སྐབས།   དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བརྙེས་པའི་ཐོག་མའི་དུས་རིམ་ནང་སྡེ་སྲིད་ཀྱི་ལམ་ལུགས་དང་། ཕྱི་ལོ་ ༡༧༥༡ ནས་བཀའ་ཤག་གི་ལམ་ལུགས་བྱུང་བའི་རིང་། གཞི་རིམ་འཛིན་སྐྱོང་ཐད་དབུས་གཞུང་ནས་ཐད་སྐྱོང་རྫོང་གཞིས་ཁག་འཛིན་སྐྱོང་གནང་ལམ་ལས་ས་གནས་སྤྱི་ཁྱབ་ཀྱི་སྲིད་འཛིན་ལམ་ལུགས་ཤིག་མེད་རྐྱེན། རྫོང་དང་རྫོང་དབར་དང་གཞིས་ཀ་དང་གཞིས་ཀའི་དབར་གཅུན་འདོམས་བྱེད་དཀའ་བར་གྱུར་ཏེ།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། དབུས་ཁུལ་སྤྱི་བཤད།  ས་བབ་ཆགས་ཚུལ་དང་། མིང་ཐོགས་ཚུལ་སོགས།

དབུས་ཁུལ་སྤྱི་བཤད། དང་པོ། དབུས་ཀྱི་ས་བབ་ཆགས་ཚུལ།         དབུས་ཁུལ་གྱི་ས་ཁམས་གནས་ཡུལ་ནི་ཤར་གྱི་གཞུང་ཐིག་ ༨༩།༤༥ ནས་ ༩༢།༣༢ དང་། བྱང་གི་འཕྲེད་ཐིག་ ༢༧།༡༥ ནས་ ༣༡།༠༢ བར་གནས་ཡོད། ཁུལ་དེའི་བྱང་ངོས་ནག་ཆུའི་ཡུལ་སྡེ་ཁག་དང་འབྲེལ་ཤིང་། ཤར་ངོས་ཀོང་པོ་རྒྱ་མདའ་དང་ནུབ་ངོས་གཙང་ཁུལ་རིན་སྤུང་རྫོང་། ལྷོ་ཕྱོགས་ལྷོ་ཁའི་ཡུལ་སྡེ་ཁག་དང་ས་འབྲེལ་ཡིན་ཞིང་། སྤྱིར་སྟངས་བྱང་མཐོ་ཞིང་ལྷོ་ནུབ་ཅུང་ཟད་དམའ་བའི་ཐོག་ས་མཐོའི་རི་ཁུལ་ཡོད་ལ་གཙང་འགྲམ་གཞུང་ཐང་གཤོངས་ཡིན།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མེ་ཏོག་རྫོང་གི་ཐོན་སྐྱེད་དང་། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ། དམངས་སྲོལ།

ས་བཅད་བཞི་པ། ཞིང་ནགས་ཐོན་སྐྱེད་དང་ཐུན་མིན་ཐོན་ལས། པདྨ་བཀོད་དམ་མེ་ཏོག་རྫོང་ནི་ཞིང་ལས་དང་ནགས་ལས་གཉིས་གཙོ་བོ་གཉེར་བའི་ཁུལ་ཞིག་ཡིན་ཞིང་། ཞིང་ལས་ཐད་རྨོ་ཞིང་མུའུ་ཁྲི་ ༡.༦ ཡོད་པ་ནང་ལོ་ཏོག་གཙོ་བོ་འབྲས་ཆེན། འབྲས་ཆུང་། མ་རྨོས་ལོ་ཏོག གྲོ ནས། སྲན་མ། སྲན་ཆུང་། སྲན་སེར། ཁྲེ། ཙེ་ཙེ། མོན་རྒྱགས། བྲ་མོ། པད་ཁ། སི་པན། བ་དམ། ཏིལ། བུར་ཤིང་།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། མེ་ཏོག་རྫོང་གི་རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་འགོ། རི་ཆུ་མཚོ་གསུམ།

ལེ་ཚན་གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུ་ཁྲིམས་འགོ། གཅིག རྫོང་གཞིས་འགྲོ་སྟངས། དེ་ཡང་། སྔར་གྱི་པདྨ་བཀོད་འཛིན་སྐྱོང་ཚོ་ཁག་དྲུག་ནི།《པདྨ་བཀོད་ཡུལ་གྱི་བཀོད་པ་དང་བྱུང་རབས་ལོ་རྒྱུས་མདོར་བསྡུས།》ལས། པདྨ་བཀོད་ཀྱི་ཚོ་དྲུག་ནི་ཁ་སྤུ་ཚོ་དང་། ཏམ་བུ་ཚོ། ཧོར་ཚོ། བི་སྤུང་ཚོ། ས་དཀར་ཚོ། རྟ་རྔམ་ཚོ།[1] བཅས་ཡིན་པ་གསལ་ལ། རྟ་རྔམ་ཚོ་ཁོངས་རྣམས་ད་ལྟ་རྒྱ་གར་ཨ་རུན་ན་ཅལ་མངའ་ཁོངས་ཡིན།[2] ཞེས་གསུངས་འདུག ཡང་《སྤོ་བོའི་ལོ་རྒྱུས།》ལས། མོན་ཚོ་ཁག་ལྔ་ནི་ཏམ་བུ་ཚོ་དང་། ཧོར་ར་ཚོ། སྤི་སྤུངས་ཚོ། ས་དཀར་ཚོ།…
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོ་སྨན་གླིང་གི་དམངས་ཁྲོད་དང་། མེ་ཏོག་རྫོང་གི་གཞི་རིམ་ལོ་རྒྱུས།

ས་བཅད་བདུན་པ། དམངས་སྲོལ། དང་པོ། དུང་མདོག་གྲོང་ཚོའི་དུང་ཏོག་གར་པ་དང་གནས་ཡུལ་གྲོང་ཚོའི་གཡག་མཇུག་གར་པ།            དུང་ཏོག་གྲོང་ཚོའི་དུང་ཏོག་གར་པ་ཞེས་པ་ནི་སྨན་གླིང་བཀྲིས་རབ་བརྟན་དགོན་གྱི་གར་འཆམ་གྱི་ལེ་ཚན་དགུ་པ་དགའ་སྨུག་གར་པ་ཞེས་པ་དེ། རྗེས་སོར་དུང་ཏོག་གྲོང་ཚོར་རིམ་གྱིས་དར་བས་མི་རྣམས་ཀྱིས་དུང་ཏོག་གར་པ་ཞེས་བརྗོད་སྲོལ་ཆགས། དེ་ཡང་། ལོ་རེའི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་དུང་ཏོག་གྲོང་ཚོ་ནས། ཆེད་མངགས་རབ་བརྟན་དགོན་དུ་གར་འཁྲབ་ཏུ་བསྐྱོད་དགོས་པ་མ་ཟད། ལོ་འཁོར་གསུམ་རེའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི་ཉིན་ཡུལ་དེའི་དར་ཆེན་སྐུ་བཞེངས་ཀྱི་རྟེན་འབྲེལ་མཛད་སྒོར་ཡང་གར་དེ་འཁྲབ་སྲོལ་ཡོད།[1]
དབུས་གཙང་ལོ་རྒྱུས་ཆེན་མོ་ལས། ཀོང་པོའི་ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་དང་། སྲོག་ཆགས། སྐྱེ་དངོས། གཏེར་ཁ།

ས་བཅད་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ། ལེ་ཚན་དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་། ཉིང་ཁྲི། དམག་དཔོན། རྩེ་ལ། ཨ་ཤག སྨད་རྡོ། སྤྲིན་འཁོར། སྐར་མ་དང་། གྲོང་གསར། རྒྱ་ར་ཁ། ཕོག་རྩེ། སྨད་གླིང་། ཟ་ཡུལ། ཐང་ཁ། སྒང་མཁར། ཕྱིན་པ་མདོ། བྱེ་མ་གླིང་། རྡོ་གྲོང་།…